དགོངས་ཚུལ།

ནང་ཁུལ་དུ་གསོད་རིས་བྱེད་པ་དེ་ཧ་ཅང་ཐབས་སྐྱོ་བོ་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡༢ཚེས་༡༠ཉིན། ཟླ་འདིའི་ཕྱི་ཚེས་༧ཉིན་གྱི་ཞོགས་པར། གནས་མཆོག་རྡོ་རྗེ་གདན་བོད་མིའི་སྣེ་ལེན་ཁང་གི་ཚོགས་རའི་ནང་དུ་བོད་ནས་ཕེབས་པའི་ཆོས་ཞུ་བ་རྣམས་ལ་དཔལ་༧ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གིས་བཀའ་སློབ་གསུང་བཤད་བསྩལ་དོན།

དེ་རིང་འདིར་གནས་ཕུན་སུམ་ཚོགས་པ་དུས་གསུམ་གྱི་སངས་རྒྱས་ཚང་རྒྱས་པ་དང་། སྟོན་པ་ཕུན་སུམ་ཚོགས་པ་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་ྋགོང་ས་ ྋསྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་ཆོས་ཕུན་སུམ་ཚོགས་པ་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་དང་དེ་བཞིན་འཁོར་ཕུན་སུམ་ཚོགས་པ་མཁན་བླ་སྤྲུལ། དེ་བཞིན་མི་མང་མང་དག་ཅིག་སླེབས་ཡོད། དེ་སྔོན་ྋགོང་ས་མཆོག་གིས་མི་མང་ལ་དུས་དབང་ཐེངས་མང་བསྩལ་ཡོད་ཀྱང་ཕལ་ཆེར་ད་ཐེངས་འདུ་ཚོགས་ཆེ་ཤོས་ཆགས་ཡོད། དུས་ཕུན་སུམ་ཚོགས་པ་བོད་ཟླ་བཅུ་གཅིག་པ་སྤྱིར་བཏང་བླ་མ་སྐྱེས་བུ་དམ་པ་མང་པོའི་དུས་ཆེན་ཡིན་པ་རེད། མདོ་དོན་སྐལ་བཟང་གོ་སྐབས་འདི་ལྟ་བུ་ཞིག་ལ་ཁྱེད་རང་ཚོ་ཚང་མས་ྋགོང་ས་མཆོག་གི་ཞལ་མཇལ་དང་བཀའ་ཆོས་ཞུ་རྒྱུ་བྱུང་བ་ཙམ་དུ་མ་ཟད། གནས་སྐོར་ཡང་ཞུ་རྒྱུ་བྱུང་བར་བརྟེན་ཧ་ཅང་པོ་ཡག་པོ་རེད། དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་ངས་ཚང་མར་མཛའ་བརྩེའི་འཚམས་འདྲི་ཞུ་གི་ཡོད། ཁྱེད་རང་ཚོ་ཕ་ཡུལ་ནས་འདིར་ངལ་བ་ཁྱད་བསད་དེ་གསུང་ཆོས་ཞུ་བར་ཡོང་སྟབས། བཀའ་ཆོས་ཞུས་པ་རྣམས་ཉམས་ལེན་དོན་ལྡན་ཞིག་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་ཅེས་དང་།

བོད་ནང་དུ་རྩྭ་ས་རྩོད་གླེང་གི་དོན་རྐྱེན་བྱུང་དང་འབྱུང་བཞིན་པའི་སྐོར་ལ་ཁོང་གིས། ངས་བོད་ནང་ང་ཚོ་བོད་པ་ནང་ཁུལ་རྩྭ་ས་དང་ཆུ་སོགས་ཀྱི་རྐྱེན་ཕྲན་བུའི་ཐོག་ལ་འཁྲུག་པ་ཤོར་ནས་གསོད་རེས་མང་པོ་ཞིག་གཏོང་གི་ཡོད་པའི་གནས་ཚུལ་གོ་ཐོས་བྱུང་བས་དེ་ཧ་ཅང་ཐབས་སྐྱོ་པོ་རེད། གང་ལ་ཞེ་ན། སྤྱིར་སེམས་ཅན་གང་འདྲ་ཞིག་བསད་ཀྱང་སྡིག་པ་ཚབས་ཆེ་ཡོད། དེའི་ནང་ནས་ཁོང་ཁྲོས་ཀུན་ནས་བསླངས་སྟེ་མི་བསད་ན་དེ་ལས་སྡིག་པ་ཆེ་བ་རྩ་བ་ནས་མེད། མི་ཁ་ཤས་ནས་མི་གསོད་ཐུབ་ན་རྒྱལ་ཁ་ཐོབ་སྟེ་རང་ཉིད་དཔའ་བོ་ཡིན་སྙམ་གྱི་ཡོད་པས་དེ་ཧ་ཅང་ནོར་འཁྲུལ་རེད། དོན་དངོས་ཐོག་མི་གསོད་མཁན་དེ་དག་ལ་ཕམ་ཁ་ཆེ་ཤོས་ཐོབ་ཡོད། མི་གསོད་ཁྲག་སྦྱོར་བྱས་ན་ཚེ་འདིར་ཡིན་རུང་དོགས་ཟོན་དང་སེམས་ཁྲལ་བྱས་ནས་སྡོད་དགོས་རྒྱུ་དང་ཚེ་ཕྱི་མར་ཡིན་ནའང་ཚོད་རྩིས་ལྟ་བུ་བྱས་ན་འགྲོ་ས་དམྱལ་བ་མ་གཏོགས་མེད། ང་ཚོའི་སངས་རྒྱས་ཀྱི་བསྟན་པའི་རྩ་བ་བོད་གངས་ཅན་ལྗོངས་ལ་ཡོད་པ་རེད། བོད་གངས་ཅན་ལ་སངས་རྒྱས་ཀྱི་བསྟན་པའི་རྩ་བ་ཡག་པོ་ཞིག་བཙུགས་ཏེ་ཡར་རྒྱས་གོང་འཕེལ་ཕྱིན་ན། ཕྱི་ལ་ཡོད་པ་དེ་ཡང་རང་བཞིན་གྱིས་རྒྱུན་རིང་པོ་དང་ཡག་པོ་ཞིག་གནས་ཐུབ་ཀྱི་རེད། ཆོས་བྱས་དང་མ་བྱས་རང་དབང་རེད། འོན་ཀྱང་ཆོས་བྱས་རྗེས་ཁུངས་ལུང་ཡོད་པ་ཞིག་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་སོགས་གསུངས་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
3 ༡༤༢༠༡༢༡༠༣༣
གཞིས་རྩེ་ས་ཁུལ་དུ་འབྱུང་བའི་གནོད་འཚེ་གྱིས་རྐྱེན་པས་བོད་མི་གསུམ་གྲོངས་འདུག་ཟེར། དེ་ཚོར་ལ་བསྔོ་སྨོན་སྒེར་སོར་སོ་ནས་བྱེད་རོགས་ཞུ་རྒྱུ་ཡིན། སྔོན་མ་1990ནང་ངའི་སྐྱེས་ཡུལ་ནི་སྡེ་དགེའི་འབྲི་ཆུ་དང་ཁ་ཐག་ཉེར་ས་ཞིག་ཡིན་འབྲི་ཆུའི་ཕ་རོལ་གྱི་མི་ཞིག་ང་ཚོས་གྲོང་ཚོར་དུ་མག་པ་ལ་ཡོང་གི་ཡོད་རེད་དུས་དེ་ལ་ཕེབས་སྐྱེལ་ཞུ་མཁན་མི་བརྒྱད་འདུག་ང་དང་ང་ཚོའི་གྲོང་མི་ཁ་ཤས་འབྲི་ཆུའི་ཚུར་རོལ་ནས་མག་པ་ཆིབས་བསུ་ཞུ་མཁན་སོང་བ་ཡིན་ང་ཚོར་ཆུ་བོ་བརྒལ་ནས་འགྲོ་དགོས་ན་ཀོ་གྲུ་ལ་བརྟེན་ནས་འགྲོ་དགོས་གི་ཡོད་རེད། ཡིན་ན་ཡང་སྐབས་དེར་གསེར་རྐོ་མཁན་གྱི་རྒྱ་མི་བཞི་བཅུ་ནང་ཞིག་ང་ཚོས་ལུང་པ་ལ་འབྱོར་ནས་ཉིན་གཉིས་ཙམ་འགྲོ་སོང་གསེར་རྐོ་མཁན་གྱི་རྒྱ་མི་དེ་ཚོར་སྣུམ་འགྲོའི་རྒམ་རིལ་གྱི་འཁོར་ལོས་གྲུ་གཟིང་ཞིག་འདུག་དེར་གཡར་ནས་ང་ཚོས་མག་པ་བསུ་བ་གཏོང་པ་ཡིན་སྟབས་མ་ལེགས་པ་ཞིག་ལ་ཕ་རོལ་མག་པ་དང་ཕེབས་སྐྱེལ་བྱེད་མཁན་མག་པ་གཙོས་པའི་མི་དགུ་དང་གྲུ་གཟིང་གྱི་ཁ་ལོ་བ་རྒྱ་མི་གཉིས་བཅས་བསྡོམ་པས་མི་བཅུ་གཅིག་གྲུ་གཟིང་ནང་དུ་འཛུལ་ནས་ཆུ་དཀྱིལ་ལ་སླེབས་པ་དང་བློ་བུར་དུ་རླུང་གི་འགྲོ་ཕྱོགས་འགྱུར་ནས་གྲུ་གཟིང་མགོ་འཇུག་བསྒྱུར་སོང་མི་ཚང་མ་ཆུའི་ནང་དུ་ཐིམ་ནས་མི་གཅིག་གསོན་པོ་ལོག་ཐུབ་མ་བྱུང། སྤྱིར་གཏང་བྱས་ན་གནས་ཚུལ་དེ་རིགས་དེ་འབར་བཞིན་པའི་མི་རབས་གསར་པ་འདི་ལ་མཚོན་ན་གནས་ཚུལ་གལ་ཆེན་པོ་ཞིག་མ་རེད། གཞིས་རྩེ་མི་མངས་ལྟར་བུ་ལ་ཆ་མཚོན་ན་ཡིན་པ་བོད་རིགས་རེད། དགའ་ས་བརྒྱ་ཆ་བརྒྱ་ནས་དགུ་བཅུ་གོ་དགུ་དེ་རྒྱ་ནག་གཞུང་རེད། ཡང་རྒྱ་ཆ་གཅིག་བོད་པ་ལ་དགའ་མཁན་ཡོད་སྲིད། དཔེར་ན་ང་རང་ཚོ་སྐྱབས་བཅོལ་ལ་ཡོང་དུས་གཞིས་རྩེ་སླེབས་སྐབས་གཞིས་རྩེ་བོད་མི་ཚང་མ་རྒྱ་མིའི་གསང་ཉུལ་ཤ་རྟག་རེད་འདུག་བ། ང་ཚོས་རོགས་པ་ག་ཚད་མང་པོ་བཟུང་སོང། རོགས་པ་ཚོས་ཟེར་བ་ལྟར་ན་ཁོང་ཚོ་ཟིན་དུས་ང་ཚོས་གནས་ཚང་གི་ནང་མི་དང་གཞན་བོད་མི་མང་པོ་འདུག་ཟེར་ཁོང་ཚོ་ང་ཚོར་ལ་བལྟ་ནས་ཁྲེལ་དགོད་བྱེད་པ་ད་བྲོས་ཟེར་ནས་ཚང་མས་མིག་ལོག་ལྟ་གི་འདུག་ཟེར་། བོད་གངས་ཅན་གྱི་ལྗོངས་ན་རྒྱ་མི་ལ་དགའ་མཁན་དང་བཙན་བྱོལ་གཞུང་ལ་སྨད་ར་བྱེད་མཁན་དང་སྐྱབས་མགོན་རིན་པོ་འདྲེ་རེད་ཟེར་མཁན་ཞིག་གཞིས་ཁ་རྩེ་པ་དང་རྒྱ་མི་མ་གཏོག་གཞན་པ་བོད་ཡུལ་ཙམ་མ་ཟད་འཛམ་གླིང་ཡུལ་གྲུ་གང་ལ་ཡང་ཡོད་མ་རེད་ད་ལྟ་ཡིན་ན་ཡང་དེ་འདྲ་རེད་འདུག་བ། དངོས་གནས་བྱས་ན་ད་དུང་ཡང་ཁ་བ་མང་ཙམ་འབབ་ནས་རྒྱ་དགའ་འཁྲབ་མཁན་དེ་ཚོ་ཚང་མ་རྩ་མེད་སོང་ན་ག་འདྲ་ཡག་པོ་འདུག། ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་དགོན་པ་དང་དགོན་པའི་གྲྭ་པ་དེ་ཚོ་དང་བོད་ལ་ཤ་ཞེན་ཡོད་མཁན་ཡོད་ན་དེ་ཚོ་ལུས་ན་ག་འདྲ་ཡག་པོ་ཡོད་ས་རེད། གཞས་གཅིག་གཏོང་ན་ཡང་ཏང་གི་སྲིད་བྱུས་བཟང་པོས་འོག། ང་ཚོས་འཚོ་བ་ཡར་རྒྱས་སོང། བཙན་རྒྱལ་དམར་པོས་གདུག་རྩུབ་འོག། བདེ་སྐྱིད་རེ་བ་ནམ་ཡང་མེད་། ཟེར་བའི་གཞས་དེ་རིགས་རྒྱ་གཞུང་གིས་བཙན་བཀའ་གཏོང་ནས་ལེན་རུ་འཇུག་པ་ཞིག་རེད་མི་འདུག་དམངས་ཁྲོད་དུ་དར་སྲོལ་ཡོད་པའི་གཞས་ཞིག་རེད་འདུག། དངོས་གནས་ངས་ཆོལ་ཁ་དང་ཆོས་ལུགས་གྱི་འཐེན་ཁྱེར་བྱས་ནས་ལབ་པ་ཞིག་མིན། དངོས་ཡོད་གནས་ཚུལ་ལབ་པ་ཡིན། གལ་སྲིད་ངས་འབྲི་བརྗོད་བྱས་པ་ནོར་འདུག་ན་བཀའ་སློབ་ལམ་སྟོན་ཡོད་པ་ཞུ་
མི་རྣམས་ཀྱི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་དང་་སྐྱབས་འགྲོ་ཡང་དག་པར་ཞིག་སྐྱེས་ན་ཅི་མ་རུང་ངོ་་་་་་་་་་་་་་་་་ཞེས་་་་་་་་་་དེ་ལྟར་་བུའི་་བསམ་བློ་་དེ་་དུས་ནམ་ཡང་ཡལ་མིན་རུང་་
མི་རྣམས་ཀྱི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་དང་་སྐྱབས་འགྲོ་ཡང་དག་པར་ཞིག་སྐྱེས་ན་ཅི་མ་རུང་ངོ་་་་་་་་་་་་་་་་་ཞེས་་་་་་་་་་དེ་ལྟར་་བུའི་་བསམ་བློ་་དེ་་དུས་ནམ་ཡང་ཡལ་མིན་རུང་་



བརྗོད་གཞི་གཞན་ཁག་ལ་གཟིགས།