ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོའི་གཟིགས་སྐོར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༥པའི་ཚེས༡༩ཉིན་སྤེལ། ཕྱི་ཚེས༡༩ཉིན་གྱི་ཕྱི་དྲོའི་དུས་ཚོད་༣སྟེང༌།བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གདན་ཞུ་གནང་པ་ལྟར། རྒྱ་གར་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཏུལ་སི་རམ་ལགས་བཞུགས་ངྷ་རམ་ས་ལར་རྟེན་གཞི་བྱས་ཡོད་པའི་བཙན་བྱོལ་བོད་མི་མང་སྤྱི་འཐུས་ཁང་དུ་ངོ་ཕེབས་གནང་ཁར། གསར་འགོད་གསལ་བསྒྲགས་ཤིག་ཀྱང་སྤེལ་ཡོད་པ་རེད།

གསར་འགོད་གསལ་བསྒྲགས་ཐོག་སྐུ་ཞབས་ཏུལ་སི་རམ་ལགས་ཀྱིས། སྔར་ལོར་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་དེ་ངྷ་རམ་ས་ལར་སྐོང་འཚོགས་གནང་སྐབས། ངས་ྋགོང་ས་ཏཱ་ལའི་བླ་མ་མཆོག་གྲོས་ཚོགས་སུ་གདན་འདྲེན་ཞུ་བའི་གོ་སྐབས་ཐོབ་ཅིང། ལྷག་དོན་ཁོང་གིས་གྲོས་ཚོགས་སུ་བླ་མེད་ཀྱི་གསུང་བཤད་དང་བསམ་བློ་བརྗེ་རེས་སོགས་ཀྱི་མཛད་འཆར་བསྐྱངས་བ་ནི་བརྗེད་དཀའ་བའི་ལོ་རྒྱུས་ཤིག་ཡིན། ཞེས་གཏམ་བརྗོད་གནང༌།

བཙན་བྱོལ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་བློ་གྲོས་སྒྲོལ་མ་ལགས་ཀྱིས་སྐུ་ཞབས་ཏུལ་སི་རམ་ལགས་ཀྱི་ཐེངས་འདིའི་མཚམས་གཟིགས་ཀྱི་དགོས་པ་དམིགས་ཡུལ་གཙོ་བོའི་ཐད་འགྲེལ་བརྗོད་གནང་དོན། ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་དཔལ་ལྡན་ཚོགས་གཙོ་ཏུལ་སི་རམ་ལགས་ཀྱིས་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དེ་སྔའི་གདན་འབོད་དགོངས་བཞེས་གནང་བ་ལྟར། ཁོང་དེ་རིང་འདིར་ངོ་ཕེབས་གནང་ཡོད་པ་རེད། སྤྱིར་ཧི་མ་ཅལ་མངའ་སྡེ་དང་བཙན་བྱོལ་བོད་མི། ལྷག་པར་དུ་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་ཀྱི་གནས་ས་ཧི་མ་ཅལ་མངའ་སྡེ་ཡིན་ཙང༌། ཧི་མ་ཅལ་མངའ་སྡེ་དང་ང་ཚོའི་བར་འབྲེལ་བ་དམིགས་བསལ་ཞིག་ཆགས་བསྡད་ཡོད། དེ་བཞིན་དུ་བོད་མི་མང་སྤྱི་འཐུས་ལྷན་ཁང་དང་ཧི་མ་ཅལ་གྲོས་ཚོགས་གཉིས་བར་དུའང་དམིགས་བསལ་གྱི་འབྲེལ་བ་ཞིག་ཡོད་ཅེས་ཞུས་པ་ཡིན། དེ་གང་འདྲ་རེད་ཅེས་ན། རྒྱ་གར་རྒྱལ་ཡོངས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་པོ་དེ་ཧི་མ་ཅལ་མངའ་སྡེའི་ནང་དུ་གསར་འཛུགས་གནང་ཞིང། སྐབས་དེར་ཧི་མ་ཅལ་མངའ་སྡེའི་ས་གནས་གྲོས་ཚོགས་ཀྱི་འཐུས་མི། གཞན་ཡང་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་རྣམས་ཚོགས་ཞུགས་གནང་བ་མ་ཟད། ཕྱོགས་འགལ་ཚོགས་པ་དང་སྤྱི་ཁྱབ་བློན་ཆེན་མཆོག་སོགས་ཀྱིས་ཀྱང་རྒྱབ་སྐྱོར་རོགས་འདེགས་བླ་མེད་གནང་ཡོད། ཅེས་གསུང་བྱུང༌།

སྐུ་ཞབས་ཏུལ་སི་རམ་ལགས་དང་ཁོང་གི་ལྷ་ལྕམ་གཉིས་ཀྱིས་བཞུགས་སྒར་ངྷ་རམ་ས་ལར་རྟེན་གཞི་བྱས་ཡོད་པའི་བོད་བདེ་དོན་ལྷན་ཁང་དུའང་གཟིགས་སྐོར་གནང་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།