རྒྱལ་གཞུང་གིས་པཎ་ཆེན་ཆུང་སྲིད་ཀྱི་འགྲོ་བ་མིའི་ཐོབ་ཐོང་རྡོག་རོལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༥པའི་ཚེས༡༨ཉིན་སྤེལ། བཞུགས་སྒར་ངྷ་རམ་ས་ལར་རྟེན་གཞི་བྱས་ཡོད་པའི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ྋཔཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་ཏེ་མི་ལོ༡༤ཧྲིལ་པོ་འཁོར་བའི་དུས་དྲན་གྱི་ཉིན་མོ་དང་སྟབས་བསྟུན་ཏེ། ཁོང་གི་གློད་དཀྲོལ་ལ་སྨིན་པའི་གནད་དོན་གླེང་མོལ་ཞིག་བོད་གཞུང་ཟློང་གར་ཚོགས་ཁང་དུ་གོ་སྒྲིག་དང་དགོང་དྲོར་མར་མེ་ཁྲོམ་སྐོར་གཞི་རྒྱ་ཆེ་བ་ཞིག་གནང་ཡོད་པ་རེད།

དེ་ཡང་ཕྱི་ལོ༡༩༩༥ཕྱི་ཟླ་༡པའི་ཚེས༡༥ཉིན་སྤྱི་ནོརྋགོང་ས་སྐྱབས་མགོན་མཆོག་གིས་ནག་ཆུ་རྫོང་ནས་འཁྲུངས་ཤིང་དགུང་ལོ་དྲུག་ལ་སོན་པའི་ཁྱིའུ་ཞིག་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ལ་ངོས་འཛིན་གནང་ཡང༌། ཉིན་གསུམ་རྗེས་དགེ་འདུན་ཆོས་ཀྱི་ཉི་མ་གཙོ་བྱས་པའི་ཁོང་གི་ཡབ་ཡུམ་དང༌། གཞན་ཆུང་སྲིད་འཚོལ་ཞིབ་ཆེད་ཕྱག་ལས་གནང་མཁན་བྱ་བྲལ་རིན་པོ་ཆེ་སོགས་རྒྱ་གཞུང་གིས་རྐུ་འཁྱེར་བྱས་སྟབས། དུས་ད་ལྟའང་ཁོང་ཚོ་གར་ཡོད་དང་འཚོ་བཞུགས་ཐད་གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་ཡོད་པ་མ་རེད།

ཉིན་དེའི་ཕྱི་དྲོའི་ཆུ་ཚོད༦སྟེང་མར་མེ་ཁྲོམ་སྐོར་ཞིག་བཞུགས་སྒར་ངྷ་སའི་སྲང་མགོ་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་བར་དུ་བུད་མེད་ཚོགས་པས་གོ་སྒྲིག་གནང་ཐོག བོད་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ངག་དབང་འོད་འབར་ལགས་ཀྱིས་ཁྲོམ་སྐོར་ལ་མཉམ་ཞུགས་གནང་མཁན་ཚོར་གཏམ་བཤད་སྤེལ། ཁོང་གིས་བརྗོད་དོན། ཚན་རྩལ་དང་ཆ་འཕྲིན་ཡར་ཐོན་ཡིན་པའི་དེང་གི་དུས་འདིར། ང་ཚོས་སྔར་བཞིན་པཎ་ཆེན་རིན་པོ་ཆེ་མཆོག་གི་གར་ཡོད་ཐད་གནས་ཚུལ་ཕྲན་ཙམ་ཡང་གོ་ཐོས་བྱུང་རྒྱུ་མེད་པ་འདིས། རྒྱ་གཞུང་གིས་ཁོང་ནག་བཙོན་བྱས་ཡོད་པར་བདེན་དཔང་བྱས་ཡོད། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མྀའི་ཐོབ་ཐང་སྣང་མེད་རྒྱ་ཡན་དུ་བསྐྱུར་ནས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མུ་མཐུད་འཛིན་བཟུང་བཀག་ཉར་བྱས་ཡོད་ཅིང༌། ཕྱི་ལོ༢༠༠༨ནས་བཟུང༌། ྋགོང་ས་མཆོག་ལ་མཚན་སྨོད་ཞུ་བའི་དཀྲོགས་གཏམ་ཁག་དྲ་རྒྱ་དང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཤུགས་ཆེར་སྤེལ་མགོ་བརྩམས། དེ་བས་བཙན་བྱོལ་ནང་གི་གཞོན་སྐྱེས་རྩོམ་པ་པོ་དང་ཤེས་ཡོན་ཅན་དག་གིས་དབྱེན་སྦྱོར་གྱི་དཀྲོགས་གཏམ་དེ་དག་ལ་རྒོལ་ལན་སློག་རྒྱུ་ནིེ་སྐབས་སུ་བབས་པའི་ལས་འགན་འགངས་ཆེན་ཞིག་རེད་ལ། བོད་རིགས་གཞོན་སྐྱེས་ཚོས་དྲ་རྒྱའི་འཕྲིན་ལམ་གང་རུང་བརྒྱུད་རྒྱ་གཞུང་གི་རྫུན་བརྒྱ་བདེན་གྲུབ་ཆགས་སུ་འཇུག་མི་རུང་བར། རྒྱ་ནག་མི་དམངས་མང་ཚོགས་ལ་བོད་དོན་དང་པཎ་ཆེན་ཆུང་སྲིད་ཐད་ཀྱི་གནས་ཚུལ་རྣམས་ངོ་སྤྲོད་ཁྱབ་བསྒྲགས་གནང་རོགས་ཞེས་འབོད་སྐུལ་ཞུས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།