ཆབ་སྲིད་བཙོན་ཟུར་དགེ་བཤེས་བློ་བཟང་ལགས་ཀྱིས་བོད་དོན་གླེང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༥པའི་ཚེས༡༣ཉིན་སྤེལ། བཞུགས་སྒར་ངྷ་རམ་ས་ལའི་ན་གཞོན་འགའ་ཤས་ཤིག་ནས་མ་སྐུལ་དང་བླངས་འོག་༼བོད་དོན་གླེང་བ༽ ཞེས་པའི་རང་དབང་ཅན་གྱི་གླེང་སྟེགས་ཤིག་ངྷ་སའི་ཡོང་གླིང་སློབ་གྲྭར་བཀོད་སྒྲིག་གིས། ཟླ་རེའི་རེས་གཟའ་སྤེན་པ་ནམ་ཡིན་ལ་རེས་སྐོར་གྱིས་བོད་དོན་དང་འབྲེལ་བའི་གླེང་གཞིའི་ཐོག་བགྲོ་གླེང་དང༌། འཛམ་གླིང་རྒྱལ་ཁབ་ཁག་དང་ལྷག་པར་དུ་བོད་ཀྱི་ཆབ་དཔལ་རིག་གསུམ་དང་འབྲེལ་ཡོད་ཀྱི་དངོས་བྱུང་བརྙན་འཕྲིན་གཟིགས་མོ། དེ་བཞིན་འཁྲབ་སྟོན་བྱས་པའི་ལྟད་མོ་སོགས་གཟིགས་འབུལ་ཞུ་གིན་ཡོད་པ་རེད།

འདས་མ་ཐག་པའི་རེས་གཟའ་སྤེན་པ་ཉིན་གྱི་བོད་དོན་གླེང་སྟེགས་ཐོག བོད་དོན་ལ་དོ་སྣང་སེམས་ཁུར་བྱེད་མཁན་གྱི་ཕྱི་གླིང་བ་དང་ས་གནས་བོད་མི་༢༥ལྷག་མཉམ་འཛོམས་ཀྱིས་བོད་དོན་འཐབ་རྩོད་དང་འབྲེལ་བའི་གླེང་མོལ་དང་བསམ་ཚུལ་བརྗེ་རེས་གནང་ཞིང༌། དེ་ཡང་བོད་དུ་བཞུགས་སྐབས་བོད་རང་བཙན་ལས་དབུ་མའི་ལམ་གྱི་རང་སྲིད་རང་སྐྱོང་ཞེས་པ་རྣ་ཐོས་ཙམ་ཡང་བྱུང་མྱོང་མེད་པའི་ཆབ་སྲིད་བཙོན་ཟུར་དགེ་བཤེས་བློ་བཟང་ལགས་ཀྱིས་རང་ཉིད་དགའ་མོས་དང་དུང་ཞེན་གཏན་ནས་མེད་པའི་ཆབ་སྲིད་ཐད་གཏམ་གླེང་ཐོག་མ་དེ་སྤེལ།

ཐེངས་འདིའི་བོད་དོན་གླེང་སྟེགས་ཐོག་དགེ་བཤེས་བློ་བཟང་ལགས་ཀྱིས་བོད་མི་ཚོས་རྒྱ་གཞུང་གི་བོད་ནང་ལག་ལེན་བསྟར་བཞིན་པའི་མི་སེར་སྤེལ་བའི་སྲིད་བྱུས་དང༌། མི་རིགས་དབྱེ་འབྱེད། བཙན་གནོན། བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོ་རྒྱུ་སོགས་འགྲོ་བ་མིའི་བསམ་ཡུལ་ལས་འདས་པའི་སྡུག་རྩུབ་ཅན་གྱི་བྱུས་ངན་ལ་ཞི་བའི་ངོ་རྒོལ་སྐད་འབོད་བྱས་པར། རྒྱ་གཞུང་ནས་སྙིང་རྗེ་སྤུ་ཙམ་མེད་པར་བོད་མི་ངོ་རྒོལ་བ་ཚོ་གསོད་རྡུང་འཇུ་གསུམ་གྱི་དྲག་གནོན་བྱེད་པ་མ་ཟད། ཕྱི་དབྱིབས་མཛེས་པའི་རྒྱའི་བཙོན་ཁང་དུ་བཀག་བསྐྱིལ་བཙོན་འཇུག་གིས་ཉེས་རྡུང་མནར་གཅོད་ཚད་མེད་ཀྱི་ལས་ལ་སྦྱོར་བའི་ཚུལ་ཞིབ་བརྗོད་གནང་སོང༌།

དགེ་བཤེས་བློ་བཟང་ལགས་ཀྱིས་དེ་སྔ་བོད་ནང་དུ་བོད་རང་བཙན་དང་རྒྱ་གཞུང་ལ་རྒོལ་བའི་ལས་འགུལ་ནང་མཉམ་ཞུགས་གནང་བར་བརྟེན། རྒྱ་གཞུང་གིས་ཁོང་ཟླ་དགུའི་རིང་ལ་བཙོན་འཇུག་མནར་གཅོད་བྱས་མཐར་གློད་བཀྲོད་བཏང་མོད། འོན་ཀྱང་ཁོང་རང་དབང་མེད་པའི་རྒྱ་གཞུང་གི་བཙན་གནོན་དབང་བསྒྱུར་འོག་སྡོད་མ་བཟོད་པར་རྒྱ་གར་ལ་བྲོས་བྱོལ་དུ་ཡོང༌། བློ་ཡུལ་ལས་འདས་པ་ཞིག་ལ། རྒྱ་གཞུང་གིས་ཁོང་བཙན་བྱོལ་བོད་གཞུང་མང་གཉིས་ཀྱི་བརྟེན་གནས་ངྷ་ལམ་ས་ལར་འཚོ་གནས་བྱེད་བཞིན་པར་ཁ་གཡར་ཁག་བཙལ་གྱིས་ཁོང་གི་སྤུན་ཟླ་ལགས་བཙོན་དུ་བཀག་བསྐྱིལ་ལོ་གསུམ་རིང་བྱས་མཐར་ལྔ་ལམ་དུ་བསྐྱལ་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།