ས་སྐྱའི་ཆོས་རྒྱུད་འཕེལ་རྒྱས་དང་བརྟན་བརླིང་ཞེས་པའི་བགྲོ་གླེང༌།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༢ཚེས་༡༤ཉིན། ཉེར་ཆར་དཔལ་ས་སྐྱའི་སྨོན་ལམ་ཆེན་མོ་དང་སྟབས་བསྟུན་མ་འོངས་པའི་ས་སྐྱའི་ཆོས་རྒྱུད་ཀྱི་འཕེལ་རྒྱས་དང་བརྟན་བརླིང་ཞེས་པའི་བརྗོད་གཞིའི་ཐོག་ཚོགས་ཆེན་ཞིག་ཚོགས་ཡོད་འདུག དེ་ཡང་གནས་མཆོག་ལུམྦིནཱིའི་སངས་རྒྱས་ཀྱི་མ་ཡུམ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་ཕྱི་ལོ་༢༠༡༡། ལོའི་ཟླ་ ༡༡། ཚེས་པ་༧། ༨། ཉིན་གཉིས་ཀྱི་རིང་ལ་གཙོ་བོ་གདན་ས་ཁག་བཞིའི་འགན་འཛིན་དྲུང་ཆེ་རྣམ་པ་དང༌། བཤད་གྲྭ་ཆེ་ཁག་གི་མཁན་པོ་རྣམ་པ་བཅས་དབུ་བཞུགས་ཐོག་གཞིས་བྱེས་གཉིས་ཀྱི་ས་དགོན་དྲུག་ཅུ་ལྷག་གི་སྐུ་ཚབ་བརྒྱད་ཅུ་བརྒལ་བ་མཉམ་འཛོམས་བྱུང་ཡོད་པ་རེད།

སྐབས་དེར་མཁན་པོ་ཆོས་གྲགས་རྒྱ་མཚོ་ལགས་ཀྱིས་ཚོགས་ཆེན་འདི་འདྲ་ཞིག་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་སོགས་ངོ་སྤྲོད་གནང་དོན། ཐོག་མར་ཆེས་གལ་ཆེ་བ་ནི། ཤེས་ཡོན་སློབ་སྦྱོང་ལ་དོ་སྣང་དང༌། དེ་ཡང་དུས་རབས་ཀྱི་ཁ་ཕྱོགས་དང་མཐུན་པ་དགོས་པ་དང༌། ཕྱི་ཡི་འཛུགས་སྐྲུན་ལས་ཀྱང༌། ནང་གི་འཛུགས་སྐྲུན་དེ་གལ་ཆེ་བ་ཡིན་པའི་སྐོར་དང༌། འཛུགས་སྐྲུན་དེ་གཉིས་པོ་ཚད་ལྡན་ཡག་པོ་ཡོང་བར་འགལ་རྐྱེན་གཉིས་པོ་ལས་བརྒལ་ཐུབ་པ་ཞིག་དགོས་ཞེས་དང༌། ཡང་ཁོང་གིས་བརྗོད་དོན་ང་ཚོའི་ཁོར་ཡུག་འདིར་སློབ་གསོའི་ནུས་པ་ཧ་ཅང་ཉམས་དམས་སུ་འགྲོ་བཞིན་པ་ལྟ་བུའི་ཚོར་སྣང་ཞིག་ཡོད་པས་ཅིས་ཀྱང་ང་ཚོའི་མི་རབས་འདིའི་དམིགས་ཡུལ་དང༌། ཁ་ཕྱོགས་མེད་པའི་མི་རབས་ཤིག་ཏུ་མི་འགྱུར་བའི་ཆེད་དུ། ལེ་ལོ་དང་སྒྱིན་ལུགས་མེད་པ་གནང་རོགས་གནང་གསུངས་བྱུང༌།

བགྲོ་གླེང་གཙོ་སྐྱོང་བ་མཁན་པོ་ནོར་བུ་ཚེ་རིང་ལགས་ཀྱིས་གསུངས་དོན། ཚོགས་འདུའི་སྐབས་གསུང་བཤད་གནང་མཁན་ཚོའི་སྐད་ཆ་སྐབས་ཀྱི་བརྗོད་གཞིའི་སྟེང་འབབ་པ་དང༌། འདས་པའི་ལོ་རྒྱུས་མི་གླེང་བར་མ་འོངས་པའི་འཕེལ་རྒྱས་དང་བརྟན་བརླིང་སྐོར་གླེང་རྒྱུ་དེ་རྩ་འཛིན་བྱེད་རྒྱུ་དང༌། ཤེས་ཡོན་ཡར་རྒྱས་ནི་འཛུགས་སྐྲུན་གྱི་གཞི་རྩ་ཡིན་པའི་སྐོར་དང༌། དེ་ཡང་མི་རབས་གསར་བ་རྣམས་ལ་སློབ་ཚན་གང་ཞིག་གཏན་འབེབས་བྱེད་དགོས་པ་དང༌། ཤེས་ཡོན་ཡོད་པ་གཅིག་པུས་ཀྱང་མི་འགྲིག་པར་ཀུན་སྤྱོད་སློབ་གསོ་ཡང་གལ་ཆེན་པོ་ཡིན་པའི་སྐོར་དང༌། ཡང་ཁོང་གིས་གསུངས་དོན། ཤེས་ཡོན་ཡར་རྒྱས་ཡོང་བར་སྤྱི་སྒེར་གྱི་ཚོགས་པ་སུ་ཞིག་ཡིན་རུང་ཐུན་མོང་གི་རྩ་འཛིན་བྱེད་སའི་སྒྲིག་གཞི་གཏན་འབེབས་བྱ་དགོས་པའི་སྐོར་དང༌། དེ་ཡང་རང་ཉིད་ཀྱི་རྣམ་དཔྱོད་རྩལ་དུ་བཏོན་ནས་འཛེམ་མེད་ངང་བགྲོ་གླེང་ལྷུག་པོ་གནང་རོགས་ཤེས་གསུངས་སོང༌། དེ་རིང་ཚོགས་ཆེན་ཐོག་ཚོགས་མི་ཚང་མས་བསམ་ཚུལ་བརྗེ་ལེན་དང་ཕན་ཚུན་བགྲོ་གླེང་སོགས་ཧ་ཅང་ལེགས་པོ་བྱུང་འདུག

ཐེངས་འདིའི་ཚོགས་འདུ་གོ་སྒྲིག་གནང་མཁན་ས་སྐྱའི་སྤྱི་འཐུས་རྣམ་གཉིས་ཡིན་འདུག  གནས་ཚུལ་མཁོ་འདོན་པ་རྒན་ཨ་འདུས་སྐལ་བཟང་རྒྱལ་མཚན་གྱིས་ངོ་དེབ་ལས་བཤུས། གནས་ཚུལ་མཁོ་གཏོང་བ་ཐུབ་བསྟན་རྒྱལ་མཚན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (18)
གངས་ཅན་པའི་མི་རིགས་ཞིག་ཡིན་ན་ཕལ་ཆེ་བན་བོན་ཆོས་ལུགས་གང་ལ་འཇུག་ཡོང་དད་གུས་ཡོད་མཁན་མ་གཏོགས་རེ་ཟུར་ཐ་ཆད་ཅན་ནམ་ཐེའུ་རང་དང་དམི་རྒོད་ལྟར་བུར་གནའ་རབས་ནས་མེད་པ་མ་རེད་གི། དེང་སང་མང་དུ་འགྲོ་བཞིན་འདུག་མི་སྐྱ་ཁ་ཤས་བླངས་དོར་ལྟ་བའི་ཡིག་རྨོངས་ཀྱང་ཡིན་སྲིད་ཁ་ཤས་བླ་ཆེན་རྣམས་ཀྱི་བཀའ་སློབ་དང་བོད་རིགས་ཀྱི་ཁྱད་ཆོས་ཡ་རབས་གོམས་གཤིས་སོགས་ལ་ཕྲན་བུར་གོ་ཡང་ཆད་གསོད་བྱེད་མཁན་ཡང་འདུག་པ་དམི་རྒོད་རྗེས་སུ་འབྲངས་པ་རེད། དེར་ལས་ཚབས་ཆེན་པ་གྲྭ་སེར་ནང་དུ་སྐྱབས་འགྲོའི་བསླབ་སྡོམ་དགག་སྒྲུབ་ཙམ་ཡང་ཁྲིམས་མེད་གཏང་ནས་སློབ་སྦྱོང་བྱེད་ཚད་གཞན་སྐྱོན་སྒྲོ་འདོགས་ལྷུན་ལེན་བཞིན་པ་ད་དུངས་བགྲོ་གླེངས་དང་རྩོད་པ་རྩོམ་པ་སོགས་བྱས་ཁུལ་དེ་ཚོར་ཐེའུ་རང་བུའི་རྗེས་སུ་འབྲངས་པ་རེད། ༄།༧གོང་ས་མཆོག་གི་བཀའ་ཆོས་བསླབ་སྟོན་དང་། བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ་ཚོའི། ཆོ་ག་གསུམ་པོ་མཐུན་འགྲིག་གྱིད་དགོས་པ། ཆོས་ལུགས་ནང་འཁུལ་དཀྲུགས་དང་རྩོད་པ་སོགས། རྩུབ་ཚིག་སྤྱོད་ངན་དེ་ཚོར་མ་སྤེལ་གསུངས། ༧རྒྱལ་བའི་བཀའ་སྒྲུབསཐོས་དོན་ཉམས་ལེན་རྩོན། སྐྱེ་བོ་ཀུན་གྱི་དགེ་བསགས་ཡི་རངས་དགོས། མ་ནོར་ཉོན་དང་དེ་ལས་ལྡོགཤོར་ན། ཁམས་གསུམ་སེམས་ཅན་གསད་ལས་སྡིག་ཆེ་བ། བྱང་ཆུབ་སེམས་དཔའ་རྣམསལ་སྐུར་བ་བཏབ། དོན་མེད་སྡིག་ཆེན་བསགས་པ་མཐོལ་ལོ་བཤགས། སྐྱབས་སྡོམ་དབང་སྐུར་ལ་སོགས་ཐོབ་ན་ཡང་། དེ་ཡི་སྡོམ་པ་དམ་ཚིག་སྲུང་མ་ཤེས། བཅས་པའི་ལྟུང་བ་ཕོག་པ་མཐོལ་ལོ་བཤགས། རང་གི་གང་ལ་དད་གུས་རང་དབང་རེད། མ་དད་ན་ཡང་སྒྲོ་སྐུར་མི་ཉེན་པས། གང་ཟག་ཚད་ནི་གང་ཟག་མི་ཤེས་པ། སྟོན་པ་མཆོག་གི་ལན་གྲངས་དུ་མ་གསུངས། ཕྱིར་ཆད་སྲོག་ལ་བབས་ཀྱང་མི་དགེའི་ལས། ད་ནས་མི་བགྱིད་སེམས་ལ་དམ་བཅའ་བཟུང་། རྒྱལ་བ་དགྱེས་པའི་ལམ་བཟང་འབྲངས་པར་དགོས། །།།གནས་དང་སྟོན་དང་ཆོས་དང་འཁོར་རྣམ་ཀུན། ནང་བསྟན་རྗེས་འཇུག་གཅིག་མཚུངས་ཡིན་བཞིན་པ། ཕྱོགས་རིས་ངན་གོམས་ཀླད་པ་ལྗངས་ཁུར་ཅན། མི་རིགས་དབྱེ་འགྱེད་རྒྱ་ནག་རྗེས་འབྲང་བརྩོན། བོད་མིར་དཀྲུགས་དང་བསྟན་འཛིན་ངན་སྨོན་གཤེ། ལྟ་ལོག་རྒྱ་མིའིརྒྱུགས་ཁྱི་མ་གཏོགས་པ། སྨྲ་ཤེས་གོ་བའི་བོད་ཀྱི་ལ་རྒྱ་ཅན། རྒྱལ་བའི་བཀའ་སྒྲུབ་བོད་ཞེན་བསམ་པ་ཅན། མེ་བསྲེག་འབུལ་ནས་བོད་དོན་རྩོད་བཞིན་པ། དེ་ཚོར་བསམ་དང་དྲྭ་འབུ་སེམས་ལྡན་ཅན། དོན་མེད་སྡིག་པ་ཚབས་ཆེན་བསགས་ཕོད་ཨང་།།།
མཆན་འགོད་མཁན་རྣམས་བརྗོད་གཞི་ངོ་མ་ག་རེ་ཡིན་པ་གོ་བ་མ་ལོན་པ་འདུག་ དཔལ་ས་སྐྱའི་ཆོས་རྒྱུད་འཕེལ་རྒྱས་དང་བརྟན་བརླིང་སྐོར་གྱི་ཚོགས་འདུཐོག་ཚང་མས་བསམ་ཤེས་བརྗེལེན་དང་དམ་ཆོས་འཛིན་སྐྱོང་དགོས་པ་ལ་ཐོས་བསམ་སློབ་གཉེར་གནང་ནས་ཀུན་སློངས་ངན་གོམས་ཤོར་ནས་ཕྲག་དོག་དང་འགྲན་སེམས་རྣམས་སྒྱུར་བཅོས་གཏང་ནས་བྱམས་བརྩེ་འི་ངང་ཐུགས་མཐུན་ལྷག་བསམ་ཡར་རབས་ཞི་འདུལ་སོགས་ཤེས་ཡོན་ཡར་རྒྱས་མེད་ན་ཡོང་ཐབས་བྲལ་་བ་དགོངས་པ་བཞེས་ནས་ལུང་རིགས་ཀྱི་སྡེ་སྣོད་གསུམ་དང་དགོངས་འགྲེལ་ལེགས་བཤད་བསླབ་བྱ་རྣམས་ལས་འཕེལ་རྒྱས་བརྟན་བརླིང་ཤེས་ཡོན་ཡར་རྒྱས་སོགས་བགྲོ་གླེངགནང་བ་དང་བསམ་ཚུལ་རྩོམ་རིགས་སྤེལ་ན་ཚོགས་འདུ་དགོངས་པ་མ་རེད་པས། ཆོས་རྒྱུས་དང་ཚོགས་འདུ་གལ་ཆེན་འདི་ལ་གུས་ཞབས་ཡི་རངས་དང་བསྔགས་བརྗོད་ཡ་རབས་སྤྱོད་བཟང་དགོས་རྒྱུ་ཤིན་ཏུ་གལ་ཆེ་བསམ། དོན་མེད་འབྲེལ་མེད་ཐོགས་བསམ་ཚུལ་ཁུལ་བྱས་ནས་ཆགས་སྡང་དཀྲུགས་ཞིག་ལབ་མཁན་འདི་ཚོར་བོད་ཀྱི་ལ་རྒྱ་རེད་པས།
མཆན་འགོད་མཁན་ཚང་མས་གོང་གི་བརྗོད་གཞི་དང་འབྲེལ་བའི་མཆན་འགོད་གནང་ཐུབ་ཚེ་གླེང་སློང་འོས་པའི་བརྗོད་གཞི་ཞིག་ཏུ་འགྱུར་ངེས། དེ་ལས་ལྡོག་ནས་ཚིག་ངན་དང་དམའ་འབེབས་སོགས་གསར་འགྱུར་འདིའི་མཐར་བཀོད་པར་དགོས་པ་རྒྱུ་མཚན་དམིགས་བསལ་ཅན་ཞིག་མཐོང་མ་སོང་བ་མ་ཟད་དུས་ཚོད་ཀྱི་གྲོན་ཙམ་ལས་མ་འདས་སོ།
15 ༢༦༢༠༡༡༢༢༢༢
ད་དུང་ཆད་འདུག
དོལ་ལྡན་དོལ་མིན་གཉིས།
གྲོ་མོའི་དགེ་བཤེས་གཉིས།
གསེར་རྟ་སྟོད་སྨད་གཉིས།
ཀརྨ་པ་ཕྱི་ནང་གཉིས།
པཎ་ཆེན་བདེན་བརྫུན་གཉིས།
ཆབ་སྲིད་རང་དབུ་གཉིས།
ཆུ་སྒང་གསར་རྙིང་གཉིས།
མངའ་རིས་དབུས་ཁོངས་གཉིས།
ཇོ་ནང་ས་ཁོངས་གཉིས།
མཇམ་གོན་བདེན་བརྫུན་གཉིས།
སྤུལ་སྐུ་ངོ་རྫུ་གཉིས།
བོད་པ་ངོ་འདྲ་གཉིས།
བཙོན་ཚོགས་ལེགས་ཉེས་གཉིས།
མང་གཙོ་དང་དམངས་གཙོ་གཉིས།
སྲིད་བྱུས་སྲིད་ཇུས་གཉིས།
བོད་པ་དང་བོོད་བ་གཉིས།
13 ༢༣༢༠༡༡༡༡༥༧
ངག་དབང་བསྟན་པ་ལགས་ཀྱིས་མྱ་ངན་གུས་འདུད་ཞུ་གནང་བར་དགའ་བསུ་ཡོད། འོན་ཀྱང་གསར་འགྱུར་འདིའི་མཐར་གུས་འདུད་ཞུ་ན་འབྲེལ་མེད་ལྟ་བུ་ཞིག་འགྱུུར་གྱི་འདུག
བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་དང་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་གཞོན་ཟུར་པ་བྱ་རྒོད་སྲས་དོན་ཡོད་ཕྱི་ལོ་༢༠༡༡ ལོ་ཟླ་༡༢ ་པའི་ཚེས་ ༡༩་ཉིན་བབློ་བར་དུ་སྐུ་ཡི་ཕན་པ་རྫོགས་པའི་ཡིད་སྐྱོ་བའི་གནས་ཚུལ་བྱུང་བའི་སྐུ་གཤེགས་དམ་པ་ཆེད་དུ་མྱ་ངན་དང་གུས་མདུད་ཞུ་གིས་ཡིན་།
11 ༢༡༢༠༡༡༢༢༠༨
གསལ་བཤད་ཅེས་ནོར་བཅོས་གནང་རོགས།
10 ༢༡༢༠༡༡༢༡༥༦
མངའ་རིས་འཕྲིན་ལས་ལགས་གོང་གི་གསར་འགྱུར་འདི་ཁོ་བོས་ཐད་བྲིས་བྱེད་ནས་ཤམ་བྷ་ལའི་གསར་ཁང་ལ་ཕུལ་བ་མིན། གསར་འགྱུར་འདི་ཐོག་མ་ཁོ་བོས་འབུམ་མཚོ་དྲྭ་ཚིགས་ནང་བཀོད་ཡོད། དེ་རྗེས་སུ་ཤམ་བྷ་ལའི་གསར་འགོད་པ་སངས་རྒྱས་རྡོ་རྗེར་ངོ་སྤྲོད་བྱས་རྗེས་ཁོང་གིས་འབུམ་མཚོ་དྲྭ་ཚིགས་ནས་དཔར་ཤུས་བྱས་ནས་འདིར་བཀོད་པ་རེད། གསར་འགྱུར་འདིའི་མ་ཕྱི་དྲྭ་ཐག་འདིར་གནོན་ན་གཟིགས་ཐུབ། http://bhumtso.webnode.com/news ས་སྐྱ་ཚང་ལ་ང་ལས་དྲག་བ་མེད་པའི་རྒྱུ་མཚན་དུ་བྱས་ནས་ངས་གསར་འགྱུར་ལས་ཀའི་བྱེད་ཀྱི་མེད། མ་སྐུལ་དྭང་བླང་གི་ཞབས་ཞུ་ཕྲན་བུ་འདྲ་བྱུང་ན་བསམ་པ་ལས་གཞན་མེད། ཚེ་རིང་པོ་སྐོར་མང་པོ་གསུང་འདུག་ཀྱང་ངས་གསལ་བཤད་མི་དགོས་པ་ཚེ་རིང་པོ་ད་ལྟར་སྦེར་རྫོང་སར་ལ་འཚོལ་བཞུགས་ཡོད་པས་ཁྱེད་ཅག་ལ་གསུང་རྒྱུ་ཡོད་ན་ཁོང་ལ་ཐད་ཀར་གསུང་ན་འཐུས།
9 ༢༡༢༠༡༡༠༩༠༡
ཕྱི་ལོ་ ༢༠༡༢་ ལོ་ཟླ་༡༢་ཚེས་ ༢༤ ་ཉིན་གནས་མཆོག་ལུམྦིུའི་དཔལ་ས་སྐྱའི་སྨོན་ལམ་ལེགས་གྲུབ་བྱུང་འཚམས་ས་སྐྱའི་སྤྱི་འཐུས་གཉིས་ནས་གོ་སྒྲིག་འོག་མ་འོང་མི་རབ་གསར་པ་གནམ་ཤེས་ཡོན་ཡར་རྒྱས་དང་དོན་སྣང་རྒྱུན་འཁྱོངས་དུས་རབ་ ༢༡པའི་དུས་དང་མཐུན་པའི་ཚོགས་ཆེན་ལེགས་གྲུབ་བྱུང་བ་ལ་སྙིང་ཐགས་པ་ནས་ཐུག་རྗེ་ཆེ་ཞུ་བ་དང་། གང་ཟག་ཁ་ཤེས་གིས་ཆོ་ཁ་གསུམ་དང་ཆོས་ལུགས་ལྔའི་སྤྱི་ཚོགས་ནང་སྤྲུགས་གཞི་གིས་ཡིག་འཆམས་མང་ཐག་བྱེད་གིས་ཡོད་ན་ཡང་དིང་སངས་གཉན་ཕྲང་གིས་དུས་འདི་ལ་ཐུགས་བསམ་བཞེས་གནང་ན་དགེ་མཚན་ཆེན་པོ་ཡོད་པ་འབོད་བཀུར་ཞི་གིས་ཡོད།
8 ༡༨༢༠༡༡༢༢༢༡
གནས་ཚུལ་མཁོ་གཏོང་བ་ཐུབ་བསྟན་རྒྱལ་མཚན་ལགས། ཁྱེད་ཀྱི་གནས་ཚུལ་མཁོ་འདོན་གནང་བར་སྙིང་ནས་ཡི་རངས་ཞུ། འོན་ཀྱང་ཁྱེད་དང་པོ་དག་ཡིག་ཡག་པོ་ཞིག་སྦྱང་ནས་གདོད་ས་སྐྱའི་གནས་ཚུལ་མཁོ་གཏོང་བ་བྱས་ན་མ་གཏོགས་གོང་གི་གནས་ཚུལ་ཡིག་ཕྲེང་ཁ་ཤས་འདིའི་ནང་ཡིག་ནོར་ག་ཚད་འདུག་གཟིགས་དང་། ས་སྐྱ་ལ་ཡི་གེ་འབྲི་མཁན་ཁྱོད་ལས་དྲག་ཙམ་དེ་འདྲ་མེད་དམ། སྔོན་ས་སྐྱའི་སྤྱི་འཐུས་ཚེ་རིང་པོ་ཟེར་བ་ཅོལ་ཆུང་ཁོ་ཡང་དེ་འདྲ་རེད་ཁ་གཅིག་པོ་མ་གཏོགས་མེད་པ། ད་དུང་ཇོ་ནང་ལ་ཁ་གཏད་བྱེད་ག་བྱེད་སྙིང་རྗེ་ཇོ་ནང་ཚོ་མི་ཉུང་ཡང་མཁས་པ་ག་འདྲ་འདུག་སྨོན་ལམ་དུས་དེབ་དང་། རྩོམ་ཡིག་ཁག་ལ་གཟིགས་དང་མཁྱེན་ངེས་ས་སྐྱ་ལ་ཁྱོད་འདྲ་བོ་རྐྱང་རྐྱང་ཡིན་ན་ཇོ་ནང་གི་རྗེས་སྣེ་ཙམ་ཡང་ཟིན་ས་མ་རེད་དོ། །
དེང་སང་སྐུ་ཞབས་ཞྭ་དམར་པས་བལ་བོད་ས་མཚམས་ནས་ཡིན་པ་ཤར་པའི་ཚོགས་པ་མང་པོ་ཞིག་དངུལ་གྱི་རྨོངས་སུ་བཅུག་ནས་གླས་ཡོད་སྐད་གོ་རྒྱུ་འདུག་དཀོར་ཟས་དཀོར་ཁུ་ཆུད་ཟོས་རེད། ཁོ་བའི་ཕྱོགས་ཏོགས་ལ་འབུལ་བ་ཕུལ་མཁན་རྣམས་སྙིང་རྗེ། ད་དུང་སྤྲུལ་སྐུ་ཡིན་ཟེར་བའི་ཕྲུག་གུ་ཆུང་ཆུང་མང་པོ་གདོང་གྲལ་ན་བཞགས་འདུག་སྐད། ཏཱ་ཡི་སི་ཏུ་དང་། ཞྭ་དམར་རྣམ་གཉིས་གནང་སྟངས་འདྲ་བོ་འདུག་སྤྲུལ་སྐུའི་བཟོ་གྲྭ་རེད་བཟོ་རྒྱུ་མང་དྲག་ན་ཡག་པོ་འདུག་གམ། ཉེ་འཆར་ཀ་ལུ་སྤྲུལ་སྐུའི་ཞབས་འདྲེན་ག་འདྲ་ཞུས་སོང་ལྟོས་དང་ཁོ་པ་སི་ཏུ་རིན་པོ་ཆེའི་ངོས་འཛིན་བྱས་པ་ཡིན་སྐད་འདུག ད་ནི་བཟུང་ཁྱེད་རང་རྣམ་གཉིས་ནང་འཁྲུགས་རྒྱག་རྒྱུ་དང་གཅིག དངུལ་དང་སློབ་མའི་དོན་དུ་སྤྲུལ་སྐུ་ངོས་འཛིན་བྱེད་རྒྱུ་དང་གཉིས། རྒྱ་དམར་གཞུང་ལ་འབྲེལ་བ་བྱས་ནས་བོད་རིགས་ཁ་ཐོར་གཏོང་བ་དང་གསུམ། ཁྱེད་གཉིས་བློ་ཁོག་དང་རྒྱུ་ངོམ་ཁོ་ནས་འོག་༧དཔལ་རྒྱལ་དབང་ཀརྨ་པ་མཆོག་འོ་རྒྱལ་བཟོ་བ་དང་བཞི། ཆུ་བཞི་སྒང་དྲུག་དང་རྒྱ་དམར་ཆབ་སྲིད་ལ་ཉན་ནས་བོད་གཞུང་དང་རྒྱལ་དབང་ཀརྨ་པའི་དབར་དཀྲུག་ཐབས་བྱེད་པ་སོགས་མཚམས་འཇོག་བྱས་ནས་༧གོང་ས་༧མཆོག་དང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་རྣམ་གཉིས་ཀྱི་བཀའ་དགོངས་འོག་མཉམ་སྐྱོད་བྱས་ན་ད་གཟོད་བཀའ་བརྒྱུད་བསྟན་པ་ལ་རྒྱལ་བ་ཡབ་སྲས་ཞེས་པའི་མཚན་དོན་མཚུངས་པ་ཞིག་ཡོང་ས་རེད།
6 ༡༦༢༠༡༡༢༣༤༥
གཏམ་སྣ་ཚོགས་ཀུན་རྟོག་གི་རི་མོ་ཞེས་པ་དེ་ངས་ཀློག་མྱོང་སྙན་པོ་ཞིག་བྲིས་འདུག སྟོབས་དགའ་ཟེར་བ་དེ་མཁས་པ་ཞིག་ཡོད་ཚོད་ལ་མ་གཞི་སི་ཏུ་དང་། ཞྭ་དམར་གཉིས་སྤྱོད་པ་ངན་མཉམ་རེད་ཁོ་རང་གཉིས་ཁམས་པའི་ཨག་ཤེད་ཀྱིས་མཐུན་པ་རེད། བསྟན་པའི་དོན་ལ་གཉིས་ཀས་བསམ་བློ་འཁོར་མི་འདུག་རྒྱ་ནག་ལ་གཉིས་ཀས་འབྲེལ་བ་བྱེད་ཀྱི་ཡོད་སྐད་ཟེར་དེའི་བར་ལ་ཀརྨ་པ་གཉིས་ཀ་ཚོང་ཟོག་དང་། ཆབ་སྲིད་ལག་ཆ་བེད་སྤྱོད་བྱེད་བཞིན་པ་གསལ་པོ་རེད། ཀརྨ་པ་གཉིས་ལ་ཁག་མེད་པ་ཡིན་ད་དུང་ཨོ་རྒྱན་ཕྲིན་ལས་རིན་པོ་ཆེ་ནི་ཐུགས་སྟོབས་དང་། ཡོན་ཏན་སོགས་གང་སྤྱིར་བོད་མིས་ཆེ་མཐོང་ཞུ་ཡུལ་ཞིག་ལ་ཚང་མས་ངོས་འཛིན་བྱེད་ཀྱི་འདུག་གསུང་ཆོས་དང་བཀའ་སློབ་རྣམས་འཁོར་ཐག་ནང་དང་། སྐད་ཡིག་སྣ་མང་སྟེང་འཛམ་གླིང་གང་སར་མཐོང་རྒྱུ་ཡོད། འཐའ་ཡས་རིན་པོ་ཆེ་ནི་ངོ་ཚ་ཆེན་པོ་བྱེད་མཁན་ཞིག་རེད་སློབ་སྦྱོང་ནི་གང་ཤེས་བོད་སྐད་ཐོག་ཆོས་གསུང་པ་འཁོར་ཐག་གཅིག་ཀྱང་མིན་འདུག
དེང་སང་ཞྭ་དམར་ཚང་རྡོར་གདན་དུ་བཀའ་བརྒྱུད་སྨོན་ལམ་ཟེར་བ་ཞིག་ཚོགས་འདུག་ཧ་ཧ་དངོས་གནས་གང་ཡིན་ནམ། ཁྱེད་བཀའ་བརྒྱུད་པ་རྣམས་ལ་ཕོ་རྒོད་འདི་འདྲ་ཞིག་འདུག སྨོན་ལམ་ཚོགས་མཁན་ནེ་པལ་བོད་སྐད་རྩ་བ་ནས་མི་ཤེས་མཁན་རྐྱང་རྐྱང་རེད་འདུག བལ་ཡུལ་དུ་ཡོལ་མོའི་ཚོགས་པ་སོགས་སྤྲང་པོའི་ཚོགས་པ་ཁག་ལ་དངུལ་སྤྲད་ནས་གླས་པ་རེད་འདུག སྨོན་ལམ་ཚོགས་མི་ནས་རྒྱ་ཆ་དགུ་བཅུ་སྐྱ་མིན་སེར་མིན་རྐྱང་རེད་འདུག སྒྲིག་ལམ་དང་ཀུན་སྤྱོད་ལྟ་མྐན་སུ་ཡང་མེད་པ་འདྲ། གྲྭ་བ་ཡིན་ཟེར་མཁན་ཉིན་གོང་གྲྭ་ཆས་གྱོན་ནས་ཚོགས་སུ་འགྲོ་མཚན་གང་པོར་རྐང་འཁོར་གཞོན་ནས་ཡར་རྒྱུག་མར་རྒྱུག་བྱེད་པ་ལས་གྲྭ་བ་འདྲ་བོ་ཁྱོན་ནས་མིན་འདུག ད་དུང་ལས་ཁུངས་ཡིན་ཟེར་བའི་རས་གུར་ཞིག་གི་ནང་དུ་ཞལ་འདེབས་བསྡུ་བ་དང་ཆབས་ཅིག་དམ་ཉམས་སྟོབས་དགས་བྲིས་པ། གཏམ་སྣ་ཚོགས་ཀུན་རྟོག་གི་རི་མོ་ཟེར་བའི་དེབ་གཅིག་འཚོང་བཞིན་འདུག བཀའ་བརྒྱུད་ཚང་གི་ཞབས་འདྲེན་རེད་དེབ་དེའི་བརྗོད་བྱ་ལ་གཟིགས་དང་གསོན་འདྲེ་ཞྭ་དམར་དང་། གཤིན་འདྲེ་སྟོབས་དགའ་གཉིས་ངོ་ཚ་ཡས་རེད་འདུག་ཨ། ད་དུང་སྨོན་ལམ་ཡིན་ན་གཅིག་ངོ་ཚ། ངོ་ཚ། རྗེས་འཇུག་ཚོ་ལ་འགྲེལ་བཤད་ཇི་ལྟར་བྱ་རྩིས་ཡོད་དམ།
4 ༡༦༢༠༡༡༢༣༡༥
༧སྐྱབས་མགོན་༧ས་སྐྱ་གོང་མས་༧རྒྱལ་དབང་ཀརྨ་པ་མཆོག་དང་། འཐའ་ཡས་རྡོ་རྗེ་གཉིས་ཀ་ལ་མཇལ་འཕྲད་གནང་འདུག་དེ་གང་ཡིན་ནམ། འཐའ་ཡས་རྡོ་རྗེའི་མཉམ་དུ་སྐུ་པར་སྒྲོན་པ་དེང་སང་ཞྭ་དམར་ཚང་གི་ཁྱབ་སྒྲགས་རྒྱ་གང་ཆེ་བྱེད་བཞིན་པ་རེད། ༧གོང་མ་རིན་པོ་ཆེའི་ཞབས་གྲས་རྣམས་གང་བྱས་པ་རེད་པར་རྒྱག་རྒྱུ་ཆོག་མཆན་སྤྲོད་མཁན་ཞབས་ཕྱི་ཚོ་རེད། གོང་མ་རིན་པོ་ཆེ་འོ་རྒྱལ་མ་བཟོ་རོགས་སྐུ་མཁྱེན།
3 ༡༦༢༠༡༡༢༣༠༧
ཀུན་ཕན་གྱི་གསུང་པ་ལ་མོས་མཐུན་ཡོད། ཇོ་ནང་སྐོར་ངས་ཧ་མི་གོ་མཇམ་མགོན་བརྫུན་མ་ལ་གདུང་སྲས་འདྲ་བའི་བདག་སྤྲོད་བྱས་པ་ནི་དངོས་གནས་༧སྐྱབས་མགོན་བདག་ཁྲི་རྡོ་རྗེ་འཆང་གི་དགོངས་པ་མིན་པ་ངེས་གཏན་རེད། གང་ལ་ཞུ་ན་གོང་རིན་པོ་ཆེ་མཆོག་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་ཡིད་དབྱེར་མེད་དད་དམ་གཙང་བའི་སྐྱེས་ཆེན་ཞིག་ཡིན་པ་བོད་པ་ཚང་མས་ཧ་གོ་བཞིན་པ་རེད། དཔེར་ན་བརྟན་བཞུགས་མཇུག་ཏུ་ཐུགས་ཚོར་ཆེན་པོས་ངུ་ངག་གིས་གསོལ་འདེབས་གསུང་པ་ལན་གཅིག་ཙམ་མ་ཡིན། མཇམ་མགོན་བརྫུན་མ་ནི་སྤྱི་ཚོགས་བཀྲུག་པའི་བྱེད་གཏེ། དོལ་རྒྱལ་ཚོགས་པའི་གྲོགས་པོ། རྒྱ་དམར་གཞུང་གི་རྒྱུག་ཁྱི། གྲྭ་ལོག་དང་དམ་ལོག་ཚོགས་པའི་ཚོགས་གཙོ་ཞྭ་དམར་མིང་ཅན་གྱི་བཟོས་པ་ཞིག་ཆགས་ཡོད། ཁོ་ཚོ་ནི་བོད་མིའི་སྤྱི་ཚོགས་ལས་རྒྱང་རིང་དུ་གནས་པའི་སྐབས་འཚོལ་རིང་ལུགས་པ་རྐྱང་ཡིན་ཙང་ས་སྐྱས་ཇུས་མེད་ཇུས་ཏོག་བྱས་ནས་བདག་སྤྲོད་ཇི་ལྟར་བྱས་སམ།
2 ༡༦༢༠༡༡༢༢༡༩
དང་ཐོག་༧སྐྱབས་མགོན་བདག་ཁྲི་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་གྲངས་མེད་དང་། དེ་བཞིན་དཔལ་ས་སྐྱའི་བསྟན་འཛིན་ཚད་ལྡན་ཡོངས་ལ་གུས་བཏུད་ཞུ། ད་རི་ས་སྐྱའི་ཆོས་བརྒྱུད་འཕེལ་རྒྱས་དང་། བརྟན་བརླིང་ཞེས་པའི་བགྲོ་གླེང་ཚོགས་པར་བསྔགས་བརྗོད་ཡོད་འོན་ཀྱང་འཕེལ་རྒྱས་ཀྱི་སྐོར་ལ་རྒྱལ་བ་ཇོ་ནང་དེ་བཞིན་ས་སྐྱའི་ཁོངས་གཏོགས་ཡིན་རབ་བཤད་ན་འཕེལ་རྒྱས་ཀྱི་ཆ་ཤས་ལ་གནོད་པ་ལས་ཕན་པ་མེད་པ་དགོངས་པ་བཞེས་དགོས། བརྟན་བརླིང་སྐོར་བཤད་སྐབས་བཀའ་བརྒྱུད་པའི་ཆོས་བརྒྱུད་ཁོངས་གཏོགས་ཞྭ་དམར་པས་བརྫུན་བཟོ་བྱས་པ། གྲྭ་ལོག་བེ་རུ་རྒྱག་པའི་བུ་དེ་བཞིན་འཇམ་མགོན་ཀོང་སྤྲུལ་མ་ཡིན་ཡིན་མདོག་བྱས་ནས་ས་སྐྱའི་མཐོ་སློབ་ཏུ་སྡོད་གནས་གདུང་སྲས་དང་འདྲ་བ་སྤྲད་ཡོད་པ་ནི་བརྟན་བརླིང་མི་ཡོང་བའི་གཞི་རྩ་ཡིན་པས་དགོངས་པ་བཞེས་དགོས། དེ་དག་ནི་བྱེད་རྒྱུ་བཤད་རྒྱུ་མང་བའི་ལས་སྣེ་བ་ཁ་ཤས་ཀྱི་བྱ་སྤྱོད་ལ་རྟེན་ནས་༧སྐྱབས་མགོན་བདག་ཁྲི་མཆོག་གི་བཞབས་འདྲེན་རྒྱུར་ངེས་པས་བསྟན་བདག་རྣམས་ནི་དགོངས་པ་ཟབ་བཞེས་ཀྱིས་བསྟང་འཛིན་གནང་རྒྱུ་གལ་ཆེ་བར་བསྙམ།
1 ༡༤༢༠༡༡༡༨༣༩
དབྱངས་ཅན་རོལ་པའི་འོ་མཚོ།
ཡིག་ནོར་མང་པོ་འདུག་དག་བཅོས་ཤིག་གནང་འདུག་ན་ཕན་ཐོག་འདུག གསར་འགྱུར་ཡག་མོ་འདུག



བརྗོད་གཞི་གཞན་ཁག་ལ་གཟིགས།