༧མགོན་པོ་གང་གི་སྐུ་པར་བརྒྱ་ཐམ་པ་འགྲེམས་སྟོན་བྱས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༢ཚེས་༦ཉིན། ཟླ་འདིའི་ཕྱི་ཚེས་༢ཉིན། ༧གོང་ས་མཆོག་ལ་ནོར་བྷེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་ངོ་ ༢༢ འཁོར་བའི་དུས་སྟོན་སྲུང་བརྩི་དང་བཀའ་དྲིན་རྗེས་དྲན་གྱི་ཆེད་དུ་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཝན་ནཱ་ཡི་ནང་དུ་༧མགོན་པོ་གང་ཉིད་ཀྱི་སྐུ་པར་བརྒྱ་ཐམ་པ་འགྲེམས་སྟོན་དབུ་འབྱེད་གནང་ཡོད་འདུག

འགྲེམས་སྟོན་དབུ་འབྱེད་ཐོག སྐུ་མགྲོན་གཙོ་བོ་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཀྱི་ལྗང་ཁུ་ཚོགས་པའི་ཚོགས་མི་སྐུ་ཞབས་ཝོལ་ཧྥུ་གྷན་ཛི་གྷོལ(Dr. wolfgang zinggl)མཆོག་དང་། མང་གཙོ་ཚོགས་པའི་ཚོགས་མི་སྐུ་ཞབས་པེ་ཊིར་ནའི་ཝར་ཊི་མཆོག་རྣམ་གཉིས་དང་། དེ་བཞིན་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག སུད་སི་སྐུ་ཚབ་དོན་གཅོད་ཚེ་གཏན་ཆོས་སྐྱབས་ལགས། ཡོ་རོབ་སྤྱི་འཐུས་དགེ་བཤེས་ཐུབ་བསྟན་དབང་ཆེན་ལགས་བཅས་ཆེད་ཕེབས་གནང་ཡོད་འདུག

སྐབས་དེར་སྐུ་ཞབས་ཛི་གྷོལ་མཆོག་གིས་ཁོང་བོད་ལ་གཏན་ནས་ཕེབས་མྱོང་མེད་ཀྱང་ཁོང་གི་སེམས་ནི་དུས་རྟག་ཏུ་བོད་རིགས་ཚོ་དང་མཉམ་དུ་ཡོད་ལུགས་ཀྱི་གསུང་བཤད་གནང་ཡོད་འདུག

ཐེངས་འདིའི་སྐུ་པར་འགྲེམས་སྟོན་དེ་ཨོ་སི་ཊོ་ལི་ཡའི་ནང་རྟེན་གཞི་བྱས་པའི་བོད་རིགས་ཚོགས་པས་གོ་སྒྲིག་བྱས་པ་ཡིན་ལ། ཁོང་ཚོས་འགྲེམས་སྟོན་གོ་སྒྲིག་གི་དམིགས་ཡུལ་བརྗོད་དོན། ༧མགོན་པོ་གང་ཉིད་ཀྱིས་ནོར་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་ནས་ལོ་འཁོར་༢༢འཁོར་བའི་དུས་དྲན་སྲུང་བརྩི་དང་། ཁོང་གི་བླ་ན་མེད་པའི་མཛད་འཕྲིན་ལ་རྗེས་དྲན་དང་བོད་དོན་ལ་རྒྱུས་མངའ་མང་ཙམ་ཡོང་བའི་ཆེད་དུ་ཡིན་ཞེས་བརྗོད་འདུག

ཕྱི་ཚེས་༣ ཉིན་གྱི་ཞོགས་པའི་ཆུ་ཚོད་དགུ་པ་ཙམ་དུ།  སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ས་གནས་བོད་རིགས་ཚོར་༧གོིང་ས་མཆོག་གི་ཆབ་སྲིད་སྐུ་དབང་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་འགོ་ཁྲིད་ལ་གནང་བའི་སྐོར་དང་། བོད་ནང་གི་གནས་སྟངས་སོགས་གསུང་བཤད་གནང་ཡོད་འདུག

སྤྱིར་བཏང་རྒྱ་ནག་གིས་བོད་ལ་བཙན་འཛུལ་མ་བྱས་གོང་ནས་ཨོ་སི་ཊོ་ལི་ཡ་དང་བོད་གཉིས་བར་འབྲེལ་བ་དམ་པོ་བྱུང་ཡོད།  ཨོ་སི་ཊོ་ལི་ཡའི་རི་འཛེགས་པ་ཧེན་རའི་ཆི་ཧ་རར་ལགས་བོད་ནང་དུ་ལོ་༧ཙམ་ལ་བསྡད་པ་མ་ཟད། སྐབས་དེར་༧མགོན་པོ་གང་ཉིད་དགོང་ལོ༡༡ཙམ་ཡིན་ལ་ཁོང་དང་མཇལ་འཕྲད་ཀྱང་གནང་མྱོང་ཡོད་པ་རེད། སྐུ་ཞབས་ཧ་རར་ལགས་ཀྱིས་ཁོ་རང་གི་མྱོང་བ་དངོས་བྲིས་པའི་༼བོད་ནང་གི་ལོ་བདུན།༽ཟེར་བའི་དེབ་ཅིག་དང་གློག་བརྙན་ཡང་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
དུས་ལ་བབ་ཅིང་། དགོས་མཁོ་ཆེ་ལ། དོན་སྙིང་ལྡན་པའི་རླབས་ཆེན་ཀྱི་ལས་གཞི་དང་། རླབས་ཆེན་གྱི་མཛད་འཕྲིན་མཚོན་པའི་འགྲེམས་སྟོན་འདི་ལྟ་བུ་གནང་ཐུབ་པར་སྙིང་ནས་བསྔགས་བརྗོད་ཡོད།



བརྗོད་གཞི་གཞན་ཁག་ལ་གཟིགས།