༧གོང་ས་མཆོག་རྒྱུད་སྨད་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༢ཚེས་༤ཉིན། རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་རྒྱུད་སྨད་གྲྭ་ཚང་གི་གངས་ཅན་རིག་གནས་སློབ་གྲྭ་ School of Snowland Tibetan Studies དབུ་འབྱེད་ཆེད། དེ་རིང་ཉིན་གུང་ཆུ་ཚོད་༡དང་ཕྱེད་ཀ་ཐོག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱུད་སྨད་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད་ཡོད།

ཐད་ཕུར་གནམ་གྲུ་བརྒྱུད་མཁའ་ལམ་ནས་མགོན་པོ་གང་ཉིད་ C.S.T GURUPURA གུ་རུ་ཕུ་རཱ་དབུས་བོད་སློབ་ཀྱི་ཐང་དུ་ཞབས་སོ་འཁོད་སྐབས། ༧དཔལ་སྨད་རྒྱུད་གྲྭ་ཚང་གི་མཁན་རིན་པོ་ཆེ་བཀྲིས་ཚེ་བརྟན་རིན་པོ་ཆེ་མཆོག་དང་། སྐུ་སྒེར་དྲུང་ཆེ་རྣམ་སྤེལ་ཚང་བློ་བཟང་སྦྱིན་པ་མཆོག བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག རྒྱ་གར་གྱི་ས་གནས་ཉེན་རྟོག་འགོ་དཔོན་སོགས་དཔོན་རིགས་ཁག་ཅིག ཧོན་སུར་རབ་རྒྱས་གླིང་གི་གཞིས་འགོ་དང་། གཞིས་གྲོང་ཁག་༡༥ ཙམ་གྱི་བརྒྱ་དཔོན། C.S.T GURUPURA གུ་རུ་ཕུ་རཱ་དབུས་བོད་སློབ་ཀྱི་དགེ་ལས་དང་སློབ་མ་༢༡༠ཙམ་བཅས་ཀྱིས་གནམ་ཐང་ནས་ཕེབས་བསུ་ཟབ་རྒྱས་ཞུས་སོང་།

དེ་བཞིན་གནམ་ཐང་ནས་རྒྱུད་སྨད་གྲྭ་ཚང་བར་འདི་ལོ་འཇང་དགུན་ཆོས་ཐོག་ཕེབས་པའི་གདན་ས་གསུམ་གྱི་དགེ་འདུན་པ་གཙོ་བོར་གྱུར་པའི་དགོན་སྡེ་ཁག་འདྲ་མིན་གྱི་གྲྭ་བཙུན་དང་། ས་གནས་བོད་མི། བོད་ནས་གསར་དུ་ཕེབས་པའི་གནས་སྐོར་བ་བཅས་ཁྱོན་མི་གྲངས་༡༠༠༠༠ཙམ་གྱི་ལམ་གྱི་གཡས་གཡོན་ནས་དར་དཀར་དང་། བདུག་སྤོས། མེ་ཏོག་སོགས་བཟུང་ནས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་པ་རེད།

སང་ཉིན་ཕྱི་ཚེས་ ༥ དང་ ༦ ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རྫོགས་རིམ་སྐོར་གྱི་གཞུང་སྟེ། རིམ་ལྔ། ཞེས་སུ་གྲགས་པ་དེའི་འགྲེལ་པ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་༼རིམ་པ་ལྔའི་རྣམ་པར་བཤད་པ་ཟུང་འཇུག་ནོར་བུའི་བང་མཛོད་༽ཅེས་བྱ་བའི་གཞུང་དེ་བཀའ་ཁྲིད་གནང་རྒྱུ་རེད་འདུག

ཕྱི་ཚེས་༧ཉིན་གྱི་སྔ་དྲོར་རྒྱུད་སྨད་གྲྭ་ཚང་དང་ཧོན་སུར་རབ་རྒྱས་གླིང་འགོ་མང་སེར་སྐྱ་སྤྱི་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་བསྟན་འགྲོའི་མགོན་དུ་མགོན་པོ་གང་ཉིད་སྐུ་ཚེ་ཞབས་པད་བརྟན་པའི་བརྟན་བཞུགས་ཤིག་འབུལ་རྒྱུ་དང་། ཉིན་རྒྱབ་ཆུ་ཚོད་༡དང་ཕྱེད་ཀ་ཐོག་གངས་ཅན་རིག་གནས་སློབ་གྲྭ་ School of Snowland Tibetan Studies དབུ་འབྱེད་གནང་རྒྱུ་རེད་འདུག ཕྱི་ཚེས་༨ཉིན་མགོན་པོ་གང་ཉིད་ཕྱིར་བཞུགས་སྒར་དུ་ཆིབས་བསྒྱུར་བསྐྱང་རྒྱུ་རེད་འདུག

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཧོན་སུར་ཁུལ་དུ་ཞབས་སོ་འཁོད་བསྟུན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དབུས་འཕྲོད་བསྟེན་ལས་ཁུངས་ཀྱིས་མཐུན་འགྱུར་འོག་ཕྱི་ལོ་༢༠༡༡ ཟླ་ ༡༢ ཚེས་ ༤ ནས་ ༨ དབར་ས་གནས་ཕན་བདེ་སྨན་ཁང་གིས་སྨན་རིན་བརྒྱ་ཆ་༥༠ ཆག་ཡང་ཐོག་སྨན་སྦྱིན་འབུལ་རྒྱུ་རེད་འདུག

རྒྱ་གར་ལྷོ་ཕྱོགས་ནས་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
༸གོང་ས་མཆོག་ཞབས་གསོལ་བདེ་བར་འཁོད་པ་རེད་དམ་བཀོད་པ་རེད་
1 ༠༦༢༠༡༡༡༢༤༡
C S T Guruprua རྩེད་ཐང་མ་རེད་
རྩེད་ཐང་འདི་ཧུན་སུར་རབ་གླིང་མི་མང་གི་ཞལ་དེབ་དང་ཕྱིའི་རོགས་ཚོགས་ནས་བྱུང་བའི་རྩེད་ཐང་ཞིག་རེད་
དམིགས་གསལ་གྱི་འདི་ལ་མིང་ཡོད་མ་རེད་སྟེ་ཡིནའང་ཧོན་སུར་མི་མང་རྩེད་ཐང་ཟེར་ཆོག་གི་རེད་



བརྗོད་གཞི་གཞན་ཁག་ལ་གཟིགས།