ཇོམ་ལའི་རྨང་གཞི་ཤེས་བྱ་དང་བོད་ཀྱི་དྲ་ཤོག་གི་ཡར་རྒྱས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༥པའི་ཚེས༨ཉིན་སྤེལ། ཕྱི་ཚེས༧ཉིན་གྱི་ཕྱི་དྲོར་བཞུགས་སྒར་ངྷ་རམ་ས་ལའི་བདེ་དོན་ཚོགས་ཁང་དུ། ཨོ་སི་ཊི་རི་ཡ་ནས་ཕེབས་པའི་དྲ་རྒྱ་ཇུས་འགོད་མཁས་པ་སྐུ་ཞབས་མར་ཊིན་ལགས་ཀྱིས་དེང་སྐབས་སྤྱི་ཚོགས་ཐོག་དར་ཁྱབ་དང་བརྒྱུགས་ཆེ་བའི་ཇོམ་ལའི་ནང་ཁུལ་མ་ལག་དོ་དམ་བདག་གཉེར་བྱེད་སྟངས་ཐད་ཟབ་སྦྱོང་ཞིག་སྤྲད་ཡོད་པ་རེད།
ཇོམ་ལ་ཞེས་པ་ནི་རང་དབང་ལྡན་པའི་གློག་ཀླད་དྲ་རྒྱའི་མ་ལག་ཅིག་ཡིན་ཞིང༌། དེ་སྣ་མང་རྙོག་རྫིང་ཆེ་བའི་ཏར་ཡིག་ཨང་རྟགས་(HTML)དང་གཅིག་མཚུངས་མིན་པར། དྲ་རྒྱ་བཟོ་བཀོད་དང་དྲ་རྒྱའི་བྱེད་སྒོ་གང་མང་ཞིག་ཇོམ་ལ་བརྒྱུད་ལས་སླ་བའི་སྒོ་ནས་ལེགས་བཅོས་སམ་བསྐྱར་བཟོ་བྱེད་ཆོག་ལ། ངྷ་ལམ་ས་ལར་ས་རྟེན་གཞི་བྱས་ཡོད་པའི་བོད་ཀྱི་གསར་ཁང་ཁག་གིས་གཙོས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གང་མང་ཞིག་གིས་ཇོམ་ལ་བེད་སྤྱོད་ཀྱིས་དྲ་རྒྱ་གསར་བཟོ་དང་སྟངས་འཛིན་བདག་གཉེར་བྱེད་བཞིན་ཡོད་པ་རེད།
སྐུ་ཞབས་མར་ཊིན་ལགས་ཀྱིས་ཐེངས་འདིའི་ཟབ་སྦྱོངས་ཀྱི་དགོས་པ་དམིགས་ཡུལ་ཐད་གསུང་དོན། དེང་རབས་དྲ་རྒྱའི་སྐོར་གྱི་ཚན་རིག་ལག་རྩལ་དང་ཡར་རྒྱས་དག་བོད་རིགས་གཞོན་སྐྱེས་རྣམས་ཀྱི་སློབ་སྦྱོང་བྱེད་རྒྱུ་ནི་ངའི་རེ་བ་ཡིན་ཞིང༌། ཐེངས་འདིའི་ཟབ་སྦྱོངས་བརྒྱུད་ངས་བོད་རིགས་རྣམས་དྲ་རྒྱའི་སྐོར་གྱི་ཚན་རིག་ཤེས་བྱར་སྦྱངས་འདོད་ཀྱི་དགའ་མོས་ཆེན་པོ་ཡོད་པ་ཤེས་རྟོགས་བྱུང༌། དྲ་ཐོག་གསར་ལམ་གང་མང་ཞིག་གིས་བོད་དོན་ཐད་ཀྱི་དྲིལ་བསྒྲགས་དང་གནས་ཚུལ་གང་ཡང་འདོན་སྤེལ་བྱེད་ཀྱིན་མེད་པས། བོད་མི་ཚོས་རང་ཉིད་ཀྱི་དྲ་རྒྱ་གསར་བཟོ་བྱས་ཏེ་འཛམ་གླིང་ཡོངས་ལ་བོད་ཀྱི་ཆོས་དང་རིག་གཞུང་ངོ་སྤྲོད་ཁྱབ་བསྒྲགས་གནང་དགོས་པའི་དུས་ཤིག་སླེབས་ཡོད་ཅེས་ཟེར།
ཐེངས་འདིའི་ཟབ་སྦྱོངས་ནང་ཇོམ་ལའི་རྩ་བའི་རྨང་གཞི་ཤེས་བྱ་སྐོར་ཞིག་ཏེ། དྲ་རྒྱའི་ནང་ཁུལ་གྱི་མ་ལག་དོ་དམ་བདག་གཉེར་ངོ་སྤྲོད་དང༌། ཇི་ལྟར་ཇོམ་ལ་གློད་ཀླད་ནང་འཇུག་སྟངས། ཇོམ་ལའི་ལས་འཆར་དག་ཇི་ལྟར་བེད་སྤྱོད་བྱེད་སྟངས། ད་མིན་ཇོ་ལ་དྲ་རྒྱའི་ནང་སྐད་ཡིག་འདྲ་མིན་ཇི་ལྟར་གསར་བཟོ་གནང་སྟངས་སོགས་ངོ་སྤྲོད་དང་ཁྲིད་འདེབས་བྱས་སོང༌།
སློབ་མ་དག་གི་དོགས་འདྲི་དང་དགོངས་འཆར་རྣམས་ཕྱི་ཚེས་༡༢ཉིན་གྱི་ཟབ་སྦྱོངས་སྤྲོད་ཐེངས་གཉིས་པའི་ཐོག་ཏུ་འགྲེལ་བཤད་གོ་བསྡུར་བྱེད་རྒྱུ་ཡིན་ཁར། ཇོམ་ལའི་མཐོ་རིམ་ཤེས་བྱ་ཁག་ཅིག་ངོ་སྤྲོད་དང་སློབ་ཁྲིད་གནང་རྒྱུ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།