བལ་ཡུལ་དུ་དགེ་འདུན་པ་ཞིག་གིས་མེར་སྲེག་བཏང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༡ཚེས་༡༠ཉིན། དེ་རིང་ཞོགས་པའི་ཆུ་ཚོད་༧ཡས་མས་སུ་བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་སྐོར་ལམ་དུ་བོད་རིགས་དགེ་འདུན་པ་ཞིག་གིས་ལག་ཏུ་བོད་དར་བཟུང་ནས་རང་ལུས་མེར་སྲེག་བཏང་ཡོད་འདུག

གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། དགེ་འདུན་པ་དེས་ལག་ཏུ་རྒྱལ་དར་བཟུང་ནས་སྐད་འབོད་བྱེད་ཞོར་དུ་རང་ལུས་ལ་སྣུམ་བླུགས་སྟེ་མེར་སྲེག་བཏང་ཡོད་ཀྱང་།  སྟབས་ལེགས་པ་ཞིག་ལ། དེ་རིང་ཚེས་བཅོ་ལྔ་ཡིན་པས་སྐོར་ལམ་དུ་སྐོར་བ་གནང་མཁན་ཧ་ཅང་མང་པོ་ཡོད་པས་ཚང་མ་མཉམ་རུབ་ཀྱིས་མེ་བསད་ཡོད་ལ།  ད་ལྟའི་ཆར་ཁོང་གི་མཚན་དང་གཟུགས་པོའི་གནས་སྟངས་ག་འདྲ་ཡིན་མིན་སོགས་གསལ་བོ་བྱུང་མི་འདུག་པས།  མཆོད་རྟེན་སྐོར་ལམ་ཡོངས་སུ་བལ་ཡུལ་ཉེན་རྟོག་པས་བསྐོར་ནས་དགེ་འདུན་པ་ཁོ་སུ་ཡིན་དང་གང་དུ་ཡོད་མེད་སོགས་རྩད་གཅོད་བྱེད་བཞིན་པའི་སྒང་ཡིན་འདུག

ཞིབ་ཕྲའི་གནས་ཚུལ་རིམ་གྱིས་འགོད་ངེས་ཡིན།

 

 

 

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
ལྟོས་དང་།

དམར་ལྷམ་ལྷམ་ཞིག་མཆེད་ཀྱིན་པ་འདི།
མེ་ལྕེ་ལས་ལྷུང་བའི་ཚེ་སྲོག་དུམ་བུ་ཞིག་གམ །
ཡང་ན།
ཚེ་སྲོག་ལས་མཆེད་པའི་མེ་ལྕེ་དུམ་བུ་ཞིག །
ཨ་ཙི།
མདུན་ནས་མདུན་དུ་འབར་བཞིན་པ་འདིར།
ཇི་ལྟར་དཔྱད་ཀྱང་།
དུས་རབས་ཉེར་གཅིག་པའི་མདུན་ན་འབར་བའི།
གསར་བརྗེའི་མེད་མེ་ལྕེ་ཉིད་དུ་སེམས།
གསར་བརྗེའི་མེ་ལྕེ་འདིས།
འགྲོ་བ་མིའི་རང་དབང་དང་།
གངས་རིའི་ལས་དབང་མཁའ་དབྱིངས་སུ་འདེགས་ཅིང།
རང་ཉིད་མེ་ལ་འཐིམས།
མཚམས་འདི་ལ།
སུས་ཀྱང་རྫོགས་ཚིག་དགོད་མ་ཕོད་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
མིག་ཆུ་རྡོག་པོ་གཅིག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།

གདོང་སྨེ་ཅན་གྱིས་༡༠།༡༡།༢༠༡༡ ཕྱི་དྲོའི་ཆུ་ཚོད་བདུན་དང་སྐར་ལྔའི་ཐོག་ཏུ་འབྲི་མཚམས་བཞག་པའོ།།
ཛ་དྲག་པའི་གནས་སྟངས་འདི་འདྲ་ཞིག་གི་ནང་ང་ཚོ་གོ་མེད་ཚོར་མེད་ངང་དུས་འདའ་བ་ནི་དངོས་གནས་ཤིན་ཏུ་ངོ་ནོངས་དགོས་པ་ཞིག་རེད། དེ་བས་བོད་མི་ཚོས་ཡར་ལོངས་དང་།



བརྗོད་གཞི་གཞན་ཁག་ལ་གཟིགས།