ཉི་ཧོང་གིས་བོད་དོན་ལ་རྒྱབ་སྐྱོར་བྱེད་ངེས་ཞེས་བརྗོད་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༡ཚེས་༧ཉིན། ཟླ་འདིའི་རེས་གཟའ་པ་སངས་ཉིན། ཉི་ཧོང་གཙུག་ལག་སློབ་གྲྭ་ཆེན་མོའི་ཆེད་མཁས་པས་༧གོང་ས་མཆོག་ལ་བོད་རང་དབང་འཐོབ་རྒྱུར་ང་ཚོས་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་ངེས་ཡིན་ཞེས་ནན་བརྗོད་བྱས་ཡོད་འདུག

སྐབས་དེར་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་ངོ་༥༠དང་༦༠ལྷག་གི་རིང་རྒྱ་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང༌། ཆོས་ལུགས ཁོར་ཡུག་སོགས་ལ་གནོད་སྐྱོན་ཆེན་པོ་བཟོས་ཡོད་པ་མ་ཟད། བོད་མི་སྟོང་ཕྲག་མང་པོ་རྐྱེན་འདས་སུ་གྱུར་ཡོད་པ་རེད།

བོད་ཀྱི་རིག་གཞུང་ནི་ཞི་བ་དང་བྱམས་སྙིང་རྗེ། འཚེ་བ་མེད་པ་སོགས་གཞི་རྩར་གྱུར་བའི་རིག་གཞུང་ཞིག་ཡིན་པས་ང་ཚོས་ངེས་པར་དུ་སྲུང་འཛིན་བྱེད་དགོས་ལ། དེ་བཞིན་བོད་ཀྱི་ནང་ཆོས་ནི་རྒྱ་གར་གྱི་དཔལ་ནལེནྜ་ནས་བརྒྱུད་ཡོང་བ་ཞིག་ཡིན་པས་དེང་སང་འཛམ་གླིང་གི་ཚན་རིག་པ་གྲགས་ཅན་མང་པོས་ནང་ཆོས་ཀྱི་ཚན་རིག་ལ་དགའ་བོ་བྱེད་ཀྱི་ཡོད་ཅེས་དང༌།

ཡང་བོད་ཀྱི་ཆུ་བོ་དག་ནི་ཨེ་ཤེ་ཡའི་ཆུ་བོ་དག་གི་འབྱུང་ཁུངས་ཡིན་པ་དང༌། རྒྱ་རིགས་སོགས་ཚུད་པའི་ཚན་རིག་པ་ཚོས་བོད་ནི་འཛམ་གླིང་གི་སྣེ་གསུམ་པ་ཡིན་པར་བརྗོད་ཀྱི་ཡོད་པ་ལྟར། འཛམ་གླིང་གི་བྱང་སྣེ་དང་ལྷོ་སྣེ་གཉིས་ལའང་གཅིག་མཚུངས་ཀྱིས་གལ་གནད་ཆེན་པོ་ཆགས་ཡོད་པས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ཧ་ཅང་གལ་གནད་ཆེན་པོ་ཆགས་པའི་སྐོར་དང༌། དེ་བཞིན་ཉི་ཧོང་ནི་མང་གཙོའི་རྒྱལ་ཁབ་ཅིག་ཡིན་པས་བོད་དོན་ཐོག་ཐུགས་ཁུར་ཆེན་པོ་བྱེད་དགོས་པའི་སྐུལ་མ་ཡང་གནང་ཡོད་འདུག

གཞན་ཡང་༧མགོན་པོ་གང་ཉིད་ཀྱིས། ངོས་རང་བྱིས་པའི་དུས་ནས་བཟུང་རྒྱ་ནག་ནང་བྱུང་བའི་གནད་དོན་ཁག་ལ་ལྟ་ཞིབ་བྱས་པ་ཡིན་ལ། ད་ལྟ་རྒྱ་ནག་མི་ལོ་༤༠དང་༥༠ཡར་སྔོན་དང་བསྡུར་ན་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད་ཅིང༌། ཉེ་སྔོན་སྲིད་འཛིན་ཧུའུ་ཅིང་ཐའོ་ཡིས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་བསྒྱུར་བཅོས་མང་པོ་གཏོང་དགོས་པ་དང་ནུབ་ཕྱོགས་ཀྱི་མང་གཙོའི་ལམ་ལུགས་ལ་སློབ་སྦྱོང་བྱེད་དགོས་ཚུལ་བརྗོད་ཡོད་པ་རེད་ཅེས་གསུངས་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།