དགོངས་ཚུལ།

བོད་གཞོན་གྱིས་རྒྱལ་གཅེས་དཔའ་བོ་ཉིན་མོ་ཞེས་པ་སྲུང་བརྩི།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༤པའི་ཚེས༢༩ཉིན་སྤེལ། བཞུགས་སྒར་ངྷ་རམ་ས་ལར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བཀོད་སྒྲིག་འོག ཕྱི་ ལོ༢༠༠༨ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་མི་ཚོའི་མ་ཤི་བར་གྱི་ཟས་བཅད་ངོ་ རྒོལ་གྱི་ལས་འགུལ་རྒྱ་གར་སྐོར་སྲུང་བས་བཀག་འགོག་བྱས་སྟབས། རྒྱལ་ གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་བོད་རང་བཙན་སླར་གསོའི་དོན་དུ་རང་ གི་གཅེས་སྲོག་བློས་བཏང་གིས་རང་ལུས་མེར་སྲེག་གནང་ནས་ལོ་ངོ༡༡འཁོར་བའི་དུས་ དྲན་སྲུང་བརྩི་བྱས་ཡོད་པ་རེད།

རྒྱལ་གཅེས་དཔའ་བོའི་ཉིན་མོའི་དུས་དྲན་མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་ཟུར་པ་ཀརྨ་ཆོས་འཕེལ་མཆོག་དང་བོད་རང་བཙན་འཐབ་རྩོད་པ་ལྷག་བཟང་ཚེ་རིང། སྤྱི་འཐུས་ཀ་རྨ་ཡེ་ཤེས། དེ་མིན་མང་ཚོགས་༢༠༠ལྷག་འདུ་འཛོམས་བྱུང་ཡོད་པ་རེད།

དུས་དྲན་མཛད་སྒོའི་ཐོག་བོད་ཀྱི་གཞོན་ནུའི་ཚོགས་གཞོན་དོན་འགྲུབ་རྡོ་རྗེ་ལགས་ཀྱིས། ཕྱི་ ལོ༡༩༩༨ལོར་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་བོད་ནང་གི་ཛ་དྲག་ གི་གནས་སྟངས་དང་བོད་རང་བཙན་སླར་གསོའི་དོན་དུ་རང་གི་གཅེས་སྲོག་བློས་བཏང་བའི་ རླབས་ཆེན་གྱི་སྙིང་སྟོབས་ལ་རྗེས་སུ་ཡིད་རངས་དང་བཀའ་དྲིན་རྗེས་དྲན་གྱི་གསུང་ བཤད་གནང་ཡོད་པ་རེད།

སྤྱི་འཐུས་ཚོགས་གཙོ་ཟུར་པ་ཀརྨ་ཆོས་འཕེལ་ལགས་ཀྱིས་བོད་གཞོན་གྱི་རྩ་བའི་རང་བཙན་འཐབ་ཕྱོགས་ཐད་དང། གཞིས་ ལུས་བོད་རིགས་སྤུན་ཟླ་རྣམས་ཀྱིས་བོད་རང་བཙན་སླར་གསོའི་དོན་དུ་རྒྱ་ནག་གི་ གནོན་བཙིར་འོག་འཐབ་འཛིང་བྱེད་བཞིན་ཡོད་སྐོར་ལ་གསུང་བཤད་གནང་དོན། ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་ལམ་སྟོན་འོག་ང་ཚོ་བཙན་བྱོལ་ནང་མང་གཙོའི་ལམ་སྲོལ་དར་ཡོད་པ་རེད། འོན་ཀྱང་མང་གཙོ་ཡིན་ཟེར་ནས་ཆབ་སྲིད་ཀྱི་ལྟ་བ་དང་ལངས་ཕྱོགས་འདྲ་མིན་ཐོག་རྩོད་གླེང་བྱས་ཏེ། བོད་ ནང་གི་གཞིས་ལུས་བོད་མི་ཚོས་བོད་རང་བཙན་གྱི་ཆེད་དུ་རྒྱ་གཞུང་གི་དྲག་གནོན་དང་ མནར་གཅོད་འོག་སྡུག་བསྔལ་མྱངས་དང་མྱོང་བཞིན་པར་ལྟ་མོ་མི་བལྟ་བར། བོད་མིའི་སྐྱིད་སྡུག་མཉམ་མྱོང་དང་རྡོག་རྩ་གཅིག་སྦྲེལ་གྱིས་བོད་དོན་བདེན་མཐའ་གསལ་བར་འབད་བརྩོན་བྱེད་དགོས། ཞེས་འགྲེལ་བརྗོད་གནང་སོང༌།

ཁོང་གིས་མུ་མཐུད་དུ་བརྗོད་དོན། ལོ་རྒྱུས་ནང་བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན། འོན་ ཀྱང་རྒྱ་གཞུང་གིས་བོད་རྒྱ་ཞི་མོལ་ཡོང་བའི་ཆ་རྐྱེན་དང་པོ་དེ་བོད་རྒྱ་ནག་གི་ ཁ་བྲལ་ཐབས་མེད་པའི་མངའ་ཁོངས་ཡིན་པ་ཁས་ལེན་བྱེད་དགོས་ཚུལ་ལབ་ཀྱིན་ཡོད་པ་རེད་ ལ། ྋགོང་ས་མཆོག་གིས་ལོ་རྒྱུས་ལ་འཁྱོག་བརྗོད་བྱེད་ཐབས་མེད་ཅེས་གསུང་བསྩལ་ཡོད་པ་རེད། ཅེས་གསུང་བྱུང༌།

ཕྱི་ ལོ༡༩༩༨ལོའི་ཟླ༤པའི་ནང་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་རྒྱ་དམར་གྱི་བཙན་ གནོན་འོག་གི་བོད་ཀྱི་གནསསྟངས་ཛ་དྲག་པོར་རྒྱལ་སྤྱིའི་སྤྱི་ཚོགས་ནས་དོ་སྣང་ སླེབས་ཆེད་རང་ལུས་མེར་སྲེག་གནང་སྟེ་ལེགས་གཅེས་སུ་ཕུལ་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།