ལོ་ངོ་༦༠ཡི་སྲིད་བྱུས་ངེས་པར་དུ་བསྐྱར་ཞིབ་བྱེད་དགོས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༡ཚེས་༥ཉིན། ཟླ་འདིའི་ཕྱི་ཚེས་༤ཉིན་ཉི་ཧོང་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། བོད་ནང་དུ་བོད་མི་ཚོས་འ་ཆད་འུ་ཐུག་གི་རང་ལུས་མེ་སྲེག་གཏོང་བཞིན་པ་དང༌། རྒྱ་ནག་གཞུང་གིས་ངེས་པར་དུ་འདས་པའི་ལོ་ངོ་༦༠རིང་གི་སྲིད་བྱུས་བསྐྱར་ཞིབ་བྱེད་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༤ཉིན་ཉི་ཧོང་གི་ Miyagi མེ་ཡཱ་གྷི་མངའ་སྡེའི་གྲོང་ཁྱེར་ Sendai སན་ཌིད་ནང་ Buddhist Associations of Sendai and Ishinomaki སན་བིད་དང་ཨི་ཤེ་ནོ་མཱ་ཁིད་ནང་པའི་མཐུན་ཚོགས་གཉིས་ཀྱིས་གོ་སྒྲིག་འོག གསར་འགོད་ལྷན་ཚོགས་ཤིག་གི་ཐོག ༧གོང་ས་མཆོག་གིས་ད་ལྟ་བོད་ནང་དུ་བོད་མི་ཚོས་འ་ཆད་འུ་ཐུག་གི་རང་ལུས་མེ་སྲེག་གཏོང་གིན་ཡོད་པ་རེད། གནས་ཚུལ་དེའི་ཐད་རྒྱ་ནག་གཞུང་གིས་བོད་ནང་དུ་འཛིན་པའི་འདས་པའི་ལོ་ངོ་༦༠རིང་གི་སྲིད་བྱུས་ལ་ངེས་པར་དུ་བསྐྱར་ཞིབ་བྱེད་དགོས་ཀྱི་ཡོད་པ་རེད། འོན་ཀྱང་བཙན་གནོན་གྱི་སྲིད་བྱུས་དེས་ཞི་བདེ་དང་སྲ་བརྟན་གྱི་ཁོར་ཡུག་ཅིག་བསྐྲུན་ཐུབ་ཀྱི་མ་རེད་གསར་འགོད་པར་འགྲེལ་བརྗོད་གནང་འདུག སྐབས་དེའི་གསར་འགོད་ལྷན་ཚོགས་ཐོག་ཉི་ཧོང་གི་ས་ཕྱོགས་གང་ས་ནས་གསར་འགོད་པ་མང་པོ་ཞིག་མཉམ་ཞུགས་བྱས་ཡོད་འདུག

ཡང་༧གོང་ས་མཆོག་གིས། འདི་ལོ་ཕྱི་ཟླ་༣པ་ནས་ངོས་ཀྱིས་ཆབ་སྲིད་ཀྱི་འགན་དབང་དེ་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་བྱས་ཚར་བ་རེད། བོད་མི་ཆབ་སྲིད་ཀྱི་དབུ་ཁྲིད་དེ་ད་ཆ་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ཌི་སི་ནང་གཟིགས་སྐོར་དུ་ཕེབས་ཡོད་པ་རེད། དེར་བརྟེན་སྤྱིར་ཡིན་ན་བོད་ནང་དུ་རང་ལུས་མེ་སྲེག་གི་གནས་དོན་སྐོར་ཁོང་ལ་བཀའ་འདྲི་ཞུས་ན་ཡག་པ་ཡོད་རེད།

འོན་ཀྱང་ངོས་རང་བོད་མི་དཀྱུས་མ་ཞིག་གི་གནས་བབ་ཐོག་ནས་སྐད་ཆ་བཤད་པ་ཡིན་ན། བོད་ནང་གི་གནས་ཚུལ་དེ་ཧ་ལས་པའི་སེམས་པ་སྐྱོ་དགོས་པ་ཞིག་རེད། རྒྱ་ནག་པེ་ཅིང་གཞུང་གི་འགོ་ཁྲིད་ཚོས་གནས་ཚུལ་དེའི་རྒྱུ་རྐྱེན་ག་རེ་ཡིན་པ་བརྟག་དགོས་ཀྱི་ཡོད་པ་རེད། བོད་མི་ཚོར་དཀའ་ངལ་ཞིག་ཡོད་པ་ལས། གཞན་སུ་ཞིག་གིས་ཀྱང་དེ་ལྟར་བྱ་རྒྱུར་འདོད་པ་ཡོད་མི་སྲིད།

དེ་སྔོན་ཕྱི་ལོ་༢༠༠༩ལོར་རྒྱ་ནག་གུན་ཏུང་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་མཐོ་ཤོས་ཤིག་གིས། དབུས་གཞུང་གིས་གྲངས་ཉུང་མི་རིགས་ཐོག་འཛིན་པའི་སྲིད་བྱུས་ཐད་བསྐྱར་ཞིབ་བྱེད་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་ཡོད། དགོངས་ཚུལ་དེ་འགྲིག་པ་ཞིག་དང་དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་རེད། ད་ལྟའི་ཆར་རྒྱ་ནག་དབུས་གཞུང་གིས་ལོ་ངོ་༦༠རིང་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་བྱེད་པའི་དུས་ལ་སླེབས་ཡོད་པ་རེད།

དེ་སྔོན་རྒྱ་ནག་གི་སྲིད་བློན་ཝུན་ཅཱ་པོ་ཡིས། མི་མང་གི་མདུན་དུ་རྒྱ་ནག་གི་ཆབ་སྲིད་བཅོས་བསྒྱུར་དང་ནུབ་ཕྱོགས་པའི་རྒྱལ་ཁབ་ལྟར་ནམ་ཞིག་མང་གཙོའི་ལམ་དུ་བསྐྱོད་དགོས་པའི་བཀའ་མོལ་ཞིག་གསུངས་ཡོད། གནས་ཚུལ་དེའི་ཐད་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་དོ་སྣང་དང་བསམ་བློ་གཏོང་དགོས། ད་ལྟའི་ཆར་གནོན་ཤུགས་སྤྲོད་པའི་དུས་ཚོད་དེ་ཡོལ་ཚར་བ་རེད། གནོན་ཤུགས་ཀྱིས་གཅིག་སྒྲིལ་དང་སྲ་བརྟན་ཞིག་བསྐྲུན་རྒྱུ་ཁག་པོ་རེད་ཅེས་གསུངས་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བོད་སྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།