ྋཔཎ་ཆེན་ཆུང་སྲིད་རིན་པོ་ཆེའི་སྐོར་གསལ་བོ་བཟོ་དགོས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༤པའི་ཚེས༢༨ཉིན་སྤེལ། བཙན་ བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཁང་གིས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་ ཐད་ཀར་ྋཔཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཚོ་ བཞུགས་ཡོད་མེད་ཐད་དང༌། ཁོང་གི་སྐུའི་བདེ་ཐང་དང་གར་ཡོད་ཀྱི་གནས་ཚུལ་རྒྱས་བཤད་ཡོངས་ཁྱབ་གསལ་བཟོ་དགོས་པའི་ཐད་ཐད་ཚ་འདྲི་བྱས་ཡོད་འདུག གཞན་ ཡང་ཕུར་བུ་ཚེ་རིང་རིན་པོ་ཆེའི་གྱོད་གཞིའི་གནད་དོན་ཐད་ཁྲིམས་ཁང་ནས་ཕྱིར་ འཐེན་བྱས་ཡོད་པ་ལྟར་རྒྱ་གཞུང་གི་བཙན་དབང་འོག་འཛིན་བཟུང་བཀག་བསྐྱེལ་བྱས་ཡོད་ པའི་བོད་མི་༥༦༠༠ལྷག་ལ་ཉེ་སྙོམ་དྲང་བདེན་གྱི་ཁྲིམས་དཔྱད་བྱེད་མིན་ཐད་རེ་བ་ ཆེན་པོས་དྲི་བ་ཞིག་ཆགས་ཡོད་པ་རེད།

བཙན་ བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡི་མིང་ཐོག་ཏུ་ྋཔཎ་ཆེན་དགེ་འདུན་ཆོས་ཉི་མ་ མཆོག་གི་སྐུའི་འཚོ་བཞུགས་ཐད་གཞིས་བྱེས་བོད་མི་ཡོད་དོ་ཅོག་བློ་ཚབས་སྐྱེས་ བཞིན་ཡོད་སྐོར་གྱི་འཕྲིན་ཡིག་ཅིག་བཏང་ཡོད་འདུག་ལ། འཕྲིན་ཡིག་ནང༌། ཉི་ ཧོང་གི་གསར་འགོད་པ་ཡོ་ཆིས་ཞིས་མ་ཚུ་ཞུ་བ་ཞིག་གིས་རྒྱ་ནག་གི་ཆིན་ཧ་སློབ་གྲྭ་ ཆེན་མོའི་ནང་ྋཔཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ལོ་ཁ་ཤས་སྔོན་སྐྲན་ནད་ བྱུང་སྟེ་སྐུ་མྱ་ངན་ལས་འདས་ཟིན་ཚུལ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བསྒྲགས་ཡོད་ པ་འདི། རྒྱ་གཞུང་གི་ྋཔཎ་ཆེན་ཆུང་སྲིད་མཆོག་སྐུ་གཟུགས་བདེ་ཐང་ཡིན་ཚུལ་གྱི་བསྒྲགས་གཏམ་དང་འགལ་བ་ལྟག་སྤྲོད་རེད་འདུག་ལ། བོད་མི་ཚང་མ་བསྒྲགས་གཏམ་འདི་དངོས་ཡོད་ཡིན་མིན་ཐད་སེམས་འཚུབ་དང་བློ་དོགས་ཆེན་པོ་སྐྱེས་ཀྱི་ཡོད། དེ་བས་རྒྱ་ནག་སྲིད་འཛིན་གྱིསྋཔཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཚོ་བཞུགས་ཡོད་མེད་ཐད་དང༌། ཁོང་གི་སྐུའི་བདེ་ཐང་དང་གར་ཡོད་ཀྱི་གནས་ཚུལ་རྒྱས་བཤད་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཡོངས་ཁྱབ་གསལ་བཟོ་བྱེད་དགོས་ཁར། ཁོང་ལ་ཐོབ་ངེས་པའི་བདག་དབང་ཆ་ཚང་ཕྱིར་སྤྲོད་ཞུ་དགོས་ལུགས་སོགས་འཁོད་ཡོད་པ་རེད།

གཞན་ ཡང་ཁམས་དཀར་མཛེས་ཀྱི་ཕུར་བུ་ཚེ་རིང་རིན་པོ་ཆེ་མཆོག་སྔར་ལོའི་ཞི་རྒོལ་ཆེན་ མོའི་སྐབས་ངོ་རྒོལ་ཟིང་འཁྲུག་སློང་མཁན་གྱི་སྣ་འདྲེན་ཡིན་པའི་ཉེས་འཛུགས་འོག་ ཕྱི་ལོ༢༠༠༩ལོའི་ཟླ༣པའི་ཚེས་༡༨ཉིན་རྒྱ་གཞུང་གི་ཉེན་རྟོགས་དམག་མིས་འཛིན་བཟུང་ བཙོན་འཇུག་བྱས་ཡོད་ཅིང༌། རྒྱ་ ནག་ཁྲིམས་ཁང་གི་ནམ་རྒྱུན་གྱི་འགྲོ་ལུགས་དང་མ་མཚུངས་པར་རིན་པོ་ཆེ་མཆོག་གིས་ རང་ཉིད་ཀྱི་ཁྲིམས་རྩོད་པ་འདེམས་ཐོན་བྱེད་དུ་བཅུག་ཡོད་པ་དང་ཁོང་གི་གྱོད་ གཞིའི་ཐད་ད་ལྟ་ཁྲིམས་ཁང་ནས་ཁྲིམས་བཤེར་བྱེད་རྒྱུར་ཕྱིར་འཐེན་བྱས་ཡོད་འདུག་ པ་དེ་ནི་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཡིན་སྲིད་པ་རེད།

ད་ ལྟ་བཙན་བྱོལ་བོད་གཞུང་དང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ནས་རྒྱ་ གཞུང་གིས་ཇི་ལྟར་ཐེངས་འདིའི་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཞུ་འབོད་ཡི་གེ་ ལ་ཨ་ལན་རྒྱག་ཐད་ངང་སྒུག་བྱེད་བཞིན་ཡོད་འདུག

ལོ་ སྔོན་མའི་ཞི་རྒོལ་རྗེས་རྒྱ་གཞུང་གིས་བོད་ནང་གི་གཞིས་ལུས་བོད་མི་རྣམས་ལ་མནར་ གཅོད་དྲག་གནོན་དམར་གསོད་སོགས་ཀྱི་ཡ་ང་བའི་སྡུག་སྦྱོར་གྱི་ལས་བཀོལ་རྐྱང་ བྱེད་བཞིན་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།