པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༤པའི་ཚེས༢༥ཉིན་སྤེལ། པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ཁང་གི་བཀོད་སྒྲིག་འོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལོ་ན་ཉི་ཤུ་ཡིན་པའི་སེར་སྐྱ་ཕོ་མོ་༡༠༨ཀྱིས་བོད་འབངས་སྤྱི་དོན་གྱི་བསོད་ནམས་གསོག་སླདྋགོང་ས་མཆོག་གི་བཀའ་དགོངས་ལྟར་ྋརྒྱལ་བ་ཡབ་སྲས་གཉིས་ཀྱི་ཞབས་བརྟན་གསོལ་འདེབས་ཞལ་འདོན་གནང་ཡོད་ཅིང། དེ་དང་ཆབས་གཅིག་ཀུན་གཟིགས་ྋཔཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ཉི་ཤུར་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་བྱས་ཡོད་པ་རེད།

པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི་ཕྱི་ལོ༡༩༩༥ཟླ༡པའི་ཚེས༢༥ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རིན་པོ་ཆེས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་ངོས་འཛིན་གནང་ཞིང༌། རིང་པོ་མ་སོང་བར་རྒྱ་གཞུང་ནས་གཏའ་མའི་ཚུལ་དུ་བཙན་ཉར་བྱས་ཡོད་པ་རེད།

བོད་ཀྱི་བུད་མེད་ལྷན་ཚོགས་དང༌། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ལས་གྲུབ་པའི་བོད་མིའི་སྒེར་ལངས་ཆེན་མོའི་ལས་འགུལ་གྱིས་གསལ་བསྒྲགས་སུ་བརྗོད་དོན། ད་ལྟ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ཉི་ཤུར་སོན་པའི་གང་ཟག་ཅིག་ཡིན་པས་རྒྱ་གཞུང་ལ་ལྟོས་མི་དགོས་པའི་སྒོ་ནས་རང་ཉིད་ཀྱི་སྲུང་སྐྱོབ་བྱེད་ཐུབ་ལ། རང་ཉིད་ཀྱི་ལས་དོན་ཡང་རང་ཉིད་ཀྱིས་བསྒྲུབ་ཐུབ་པའི་གནས་སུ་གྱུར་ཡོད། ཅེས་འཁོད་ཡོད་པ་རེད།

བཙན་བྱོལ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་བོད་གཞུང་ཆོས་དོན་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་རྣམ་གཉིས་པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་གྱི་མཛད་སྒོར་མཉམ་ཞུགས་ཀྱིས་མང་ཚོགས་ལ་བཀའ་སློབ་གསུང་བཤད་གནང་ཡོད་ཅིང༌། བཙན་བྱོལ་ནང་གི་ྋཔཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་གིས་རྒྱ་གཞུང་ལ་ྋཔཎ་ཆཻན་རིན་པོ་ཆེའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཚོ་བཞུགས་ཡིན་མིན་གསལ་བཟོ་དགོས་ཐོག སྐུ་འཚོ་བཞུགས་ཡིན་ཚེ་གདན་ས་བཀྲ་ཤིས་ལྷུན་པོའི་གསེར་ཁྲིར་མངའ་གསོལ་དང༌། སྐུ་ཞབས་བྱ་བྲལ་བྱམས་པ་འཕྲིན་ལས་རིན་པོ་ཆེས་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ། དེ་མིན་རྒྱ་གཞུང་གིས་བོད་མི་ཞི་རྒོལ་བ་དམར་གསོད་དང༌། མནར་གཅོད་གཏོང་རྒྱུ་མཚམས་འཇོག ལྷག་དོན་ྋགོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་པའི་གཉིས་སྨན་དབུ་མའི་ལམ་ནས་བོད་ལ་མིང་དོན་མཚུངས་པའི་མི་རིགས་ས་གནས་རང་སྐྱོང་སྤྲོད་རྒྱུར་རེ་སྐུལ་ནན་མོ་ཞུས་ཡོད་པ་རེད།

བོད་མིའི་མི་མང་སྒེར་ལངས་ཆེན་མོའི་ལས་འགུལ་གྱི་བཀོད་སྒྲིག་འོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དྲིལ་བསྒྲགས་ལ་སྨིན་པའི་ཁྲོམ་སྐོར་གཏམ་བརྗོད་འཁྲབ་སྟོན་དང༌། མཚན་རྟགས་བསྡུ་རུབ། དེ་མིན་མེག་གྷན་ཁྲོམ་གཞུང་ནས་གཙུག་ལག་ཁང་བར་མར་མེའི་ཁྲོམ་སྐོར། པཎ་ཆེན་པོ་ཆེ་དང་འབྲེལ་བའི་གཟིགས་མོ་༼བོར་བརླགས་བྱུང་བའི་ཕྲུག་གུའི་རྒྱལ་ཁམས་༽ཞེས་པ་གཟིགས་འབུལ། གཞན་ཡང་རྒྱ་གཞུང་གི་བཀག་ཉར་བཙོན་འཇུག་འོག་ལོ་ངོ་བཅུ་བཞི་ལྷག་གནས་པའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མགྱོགས་མྱུར་གློད་བཀྲོད་ཡོང་སླད་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་བྱེ་བྲག་ཏུ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་རྒྱུའི་འབོད་སྐུལ་ཤུགས་ཆེན་ཞུས་ཡོད་པ་རེད།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།