དབྱིན་ཇིའི་རྒྱལ་ས་ལོན་ཊོན་དུ་བོད་ཀྱི་རོལ་དབྱངས་འདུ་འཛོམས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༡ཚེས་༡ཉིན། དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་ནང་ཡོད་པའི་བོད་མིའི་སྐྱབས་བཅོལ་བས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སྒྱུ་རྩལ་འཁྲབ་སྟོན་བྱས་ཡོད་པ་དང༌། བོད་མིའི་རོལ་དབྱངས་ཀྱི་འགྱུར་ཁུག་དང་སྙན་འཇེབས་ལྡན་པའི་གླུ་སྐད་དེས་ཁོང་ཚོར་གངས་ལྗོངས་དུ་གནས་ཡོད་པ་ལྟ་བུའི་ཚོར་སྣང་སྤྲད་བྱུང་ཟེར།

བོད་མིའི་སྲོལ་རྒྱུན་གྱི་གཞས་སྣ་འཁྲབ་སྟོན་བྱེད་མཁན་གསུམ་པོ་ནི་ཨ་མདོ་ཕྱོགས་ནས་ཡོང་བ་ཤ་སྟག་རེད་འདུག་ལ། ཁོང་ཚོ་ནི་ལོན་ཊོན་དུ་གནས་སྡོད་བྱེད་མཁན་འཕྲིན་ལས་ལགས་དང༌། ངག་དབང༌ལགས།  པ་སངས་ལགས་བཅས་རེད། ཁོང་ཚོས་འཁྲབ་སྟོན་མི་འདྲ་བ་སྣ་ཚོགས་ཀྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་སྐྱབས་བཅོལ་བོད་མིའི་སེམས་ཁམས་ལ་ཚོར་སྣང་ཟབ་མོ་ཅིག་སྤྲོད་ཀྱིན་འདུག་ལ།

གཞས་སྣ་འཁྲབ་སྟོན་པ་འཕྲིན་ལས་སོགས་མི་གསུམ་པོས་སྙན་ཞིང་འཇེབས་པའི་གླུ་གཞས་དེ་དག་བོད་མིའི་རང་དབང་ཆེད་ཚེ་སྲོག་ཤོར་བའི་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་དང༌། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ། གཞན་ཡང་བོད་མིའི་རང་དབང་བཅས་ཀྱི་ཆེད་དུ་ཕུལ་བ་ཞིག་རེད་འདུག

རྒྱ་ནག་གིས་ཁྲིམས་ལུགས་དང་སྲིད་བྱུས་དེའི་འོག་བོད་ནང་གི་བོད་མི་ཚོར་༧གོང་ས་མཆོག་ལ་བསྟོད་གླུ་ཙམ་ཡང་འབུལ་རྒྱུའི་རང་དབང་མེད་པར་ཁྲིམས་ཆད་ནན་མོ་གཅོད་ཀྱི་ཡོད་པ་རེད། ཡིན་ཡང་བོད་མི་ཚོས་ཉི་ཟླ་སྐར་གསུམ་ལ་དཔེ་བཞག་ཏེ་༧གོང་ས་མཆོག་བསྟོད་གླུ་འབུལ་བ་དང༌། བོད་མི་ཡོངས་ཀྱིས་སྐྱིད་སྡུག་མཉམ་མྱོང་བྱེད་ཀྱི་ཡོད་པ་རེད། འཁྲབ་སྟོན་པ་གསུམ་གྱིས་གླུ་གཞས་འགོ་འཛུགས་གནང་སྐབས་དེར་ཡོད་མི་རྣམས་ལ་སེམས་ཚོར་ཟབ་མོ་སྤྲོད་བཞིན་པའི་རྣམ་པ་ཞིག་མངོན་གྱིན་འདུག

ཁོང་གསུམ་པོས་བླངས་པའི་གཞས་ཚིག་ནང༌།
“དཔའ་བོ་དང་སྤུན་ཟླ་ཚོ།
ངའི་ལག་ཏུ་ཡོད་པའི་ཁ་བཏགས་དཀར་བོ་འདི།
ངས་དེ་རིང་ཁྱེད་ལ་འབུལ།

འདིས་ཁྱེད་རང་འོད་སྟོང་ལྡན་པའི་ཞི་བདེ་ཞིག་ཡོང་བར་སྨོན་ཞེས། གླུ་གཞས་འདིས་བོད་མི་རིགས་ཀྱི་དྭངས་གཙང་གི་སེམས་པ་དང་སྟོབས་ཤུགས་མངོན་ཡོད་ལ།   གནའ་བོའི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་འདི་སྤྱིོ་ཚོགས་ལ་བསྟན་ཡོད་པ་རེད།

“དཔའ་བོ་དང་སྤུན་ཟླ་ཚོ།
ངའི་སེམས་སྟེང་ནས་བླངས་བའི་གླུ་གཞས་འདི།
ངས་དེ་རིང་ཁྱེད་ལ་འབུལ།
འདིས་མ་འོངས་པར་བོད་མི་ཚོ་གངས་རིའི་ལྗོངས་སུ་ལྷན་འཛོམས་ཐུབ་པའི་སྨོན་འདུན་བཅངས་ཡོད།།

སྒྲ་སྙན་གཏོང་མཁན་གྱི་མི་སྣ་གསུམ་པོས་བོད་མིའི་སྲོལ་རྒྱུན་རིག་གནས་ཀྱི་རོལ་ཆ་བེད་སྤྱོད་བྱས་ཏེ་མཛེས་སྡུག་ལྡན་པའི་སྐད་ངག་དེས་ལྟད་མོ་བ་ཡོངས་ཀྱི་ཡིད་དབང་འཕྲོག་ཡོད་ལ། ཁོང་ཚོའི་སྙན་ཞིང་འཇེབས་པའི་སྐད་ངག་དེའི་བོད་མི་རིགས་ཀྱི་ཁྱད་ཆོས་འཛམ་གླིང་ཐོག་ཁྱབ་ཡོད་པ་དང༌།   བོད་ནང་དུ་ཡོད་པའི་བོད་མི་ཚོར་ཡིད་ཆེས་དང་གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་པ་གསལ་སྟོན་བྱས་ཡོད།
གཅན་དྲུག་དཀར་མཚོས་བོད་སྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།