རྒྱ་མིས་སྤྲུལ་སྐུ་ལ་ཉེས་འཛུཌ་བྱས་པ་དེ་ནི་གཞི་རྩ་མེད་པ་ཞིག་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༤པའི་ཚེ༢༤ཉིན་སྤེལ། བཙན་བྱོལ་དུ་ཡོད་པའི་བོད་མི་མང་སྤྱི་འཐུས་ལྷན་ཁང་གིས་དེ་རིང་གཞུང་འབྲེལ་གསལ་བསྒྲགས་ཤིག་སྤེལ་ཡོད་དོན། རྒྱ་གཞུང་གིས་ཟི་ཁྲོན་ཞིང་ཆེན་གྱི་ཁོངས་གཏོགས་ཁམས་དཀར་མཛེས་ཀྱི་སྤྲུལ་སྐུ་ཕུར་བུ་ཚེ་རིང་རིན་པོ་ཆེ་མཆོག་མེ་མདའ་ལྐོག་ཉར་བྱས་པའི་ཉེས་འཛུགས་འོག་འཛིན་བཟུང་བཙོན་འཇུག་དང༌། ད་ལྟ་དངོས་སུ་མེད་མདའ་ཉར་ཡོད་མེད་ཁྲིམས་བཤེར་བྱས་ཡོད་པ་དེ་ནི་གཞི་རྩ་མེད་པ་ཡིན་པར་བརྟེན་བཙོན་བྱོལ་བོད་གཞུང་ནས་བློ་འཚབ་ཆེན་པོ་ཡོད། ཅེས་སྤྱི་འཐུས་ལྷན་ཁང་གི་གསལ་བསྒྲགས་དེའི་བརྗོད་ཡོད་པ་རེད།

རྒྱ་གཞུང་གིས་ཕུར་བུ་ཚེ་རིང་རིན་པོ་ཆེ་མཆོག་གིས་ལོ་སྔོན་མའི་ཕྱི་ཟླ༥པའི་ནང་དཀར་མཛེས་རྫོང་ཐོག་ཏུ་བཙུན་མ༨༠ལྷག་ལ་སྣེ་ཁྲིད་སྟེ་རྒྱ་གཞུང་ལ་ངོ་རྒོལ་གྱི་ཞི་བའི་སྐད་འབོད་བྱས་ཡོད་པ་མ་ཟད། ཁོང་གི་མལ་ཁྲིའི་འོག་ཏུ་ཐུང་མདའ་དང་མདེའུ་སོགས་ལྐོག་ཉར་བྱས་ཡོད་པར་ཁག་དཀྲི་ནས་སྔར་ལོའི་ཟླ༥པའི་ནང་འཛིན་བཟུང་བཙོན་འཇུག་བྱས་ཡོད་ལ།  ཁོང་གི་ནང་མི་སྤུན་མཆེད་སོགས་ལའང་རྒྱ་གཞུང་གིས་འཇིགས་སྐུལ་སོགས་ཀྱི་སྡུག་བཀོལ་བྱེད་ཀྱིན་སྣ་ཚོགས་བྱེད་བཞིན་ཡོད་པ་རེད།

ཕུར་བུ་ཚེ་རིང་རིན་པོ་ཆེ་མཆོག་གིས་མང་ཚོགས་ཀྱི་ཕན་བདེའི་ཆེད་རྒན་གསོ་ཁང་དང་སྨན་ཁང་གསར་རྒྱག་སོགས་ཀྱིས་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་ཆེད་ལས་དོན་ཆེན་པོ་བསྒྲུབས་གནང་ཡོད་ཀྱང༌། རྒྱ་གཞུང་གིས་ཁོང་འཛིན་བཟུང་བཙན་འཁྲིད་ཀྱིས་བོད་མི་མང་རྣམས་ངོ་རྒོལ་སྐད་འབོད་སོགས་ཀྱི་ཁ་བྲལ་ལས་འགུལ་ནང་མི་ཞུགས་པར་འཇིགས་སྣང་སྐུལ་བཞིན་ཡོད་མོད། ཐབས་ལམ་འདི་དག་གིས་བོད་ཀྱི་གནས་སྟངས་ཉེན་ཚབས་ཅན་དང་བོད་མི་རིགས་ཀྱི་ཞེ་འཁོན་ཇེ་ཆེར་བཟོ་རྒྱུའི་ཉེན་ཁ་ཆེ་བ་ཡོད།

ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕུར་བུ་ཚེ་རིང་རིན་པོ་ཆེ་མཆོག་ཕྱི་ཚེས༢༨ཉིན་དར་རྩེ་མདོ་རུ་ཡང་བསྐྱར་ཁྲིམས་ཞིབ་གནང་རྒྱུ་རེད་འདུག་ལ། ཁོང་གིས་མེ་མདའ་ལྐོག་ཉར་བྱས་པའི་ཉེས་སྐྱོན་ཁུངས་སྐྱེལ་ར་འཕྲོད་བྱུང་ཚེ་མ་མཐར་ཡང་ལོ༡༥ལྷག་ལ་བཙོན་ཁང་དུ་སྡོད་དགོས་ཀྱི་ཡོད་པ་རེད།

བོད་མི་མང་སྤྱི་འཐུས་ལྷན་ཁང་གིས་པེ་ཅིན་དུ་གནས་བཞུགས་བྱས་ཡོད་པའི་ཕུར་བུ་ཚེ་རིང་ལགས་ཀྱི་ཁྲིམས་རྩོད་པ་རྣམ་པར་རིན་པོ་ཆེ་མཆོག་གྀ་གྱོད་དོན་ཆེད་ཕྱག་ལས་གནང་བར་བཀའ་དྲིན་རྗེས་དྲན་ཡོད་ཁར། ཁྲིམས་རྩོད་པ་གཞན་དག་གིས་ཀྱང་བོད་མི་ཉེས་མེད་ཚོར་རོགས་འདེགས་དང་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག་ལ། དེ་མིན་རྒྱ་གཞུང་ནས་ཁུངས་སྐྱེལ་དག་འབུད་བྱེད་མི་ཐུབ་པའི་གྱོད་གཞི་དག་ཕྱིར་འཐེན་གྱིས་བོད་རིགས་སྤྱི་ཚོགས་ནང་མི་སྣ་གལ་ཆེན་དག་འཛིན་བཟུང་གི་ལམ་ནས་བོད་མི་ཚོར་འཇིགས་སྣང་སྐུལ་རྒྱུ་མཚམས་འཇོག། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་གཙོས་གཞན་རྒྱལ་སྤྱིའི་རོགས་ཚོགས་དང་སྲིད་གཞུང་ལ་བོད་ནང་གི་ཛ་དྲག་གི་གནས་བབས་ལ་གཟིགས་ཞིབ་དང་རོགས་སྐྱོར་ཡོང་བའི་རེ་སྐུལ་ཞུས་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།