དགོངས་ཚུལ།

ྋགོང་ས་མཆོག་གི་སྐུ་ཚབ་འབྲེལ་མོལ་ཆེད་རྒྱ་ནག་ཏུ་ཕེབས་འབྱོར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཕྱི་༡༠ཚེས་༣༠ཉིན་བོད་ཀྱི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་དང་དེ་བཞིན་ཕྱག་རོགས་གསུམ་ལས་གྲུབ་པའི་བོད་མིའི་སྐུ་ཚབ་ཚོགས་ཆུང་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པའི་ཆེད་རྒྱ་གར་ནས་ཕེབས་ཐོན་གྱིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕེབས་འབྱོར་ཟིན་ཡོད་པ་ཡོད་པ་རེད།

6november20085བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་དང་དེ་བཞིན་ཕྱག་རོགས་གསུམ་ལས་གྲུབ་པའི་བོད་མིའི་སྐུ་ཚབ་ཚོགས་ཆུང་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པ་གནང་ཆེད་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འདི་ཟླའི་ཚེས་༣༠ཉིན་ཕེབས་འབྱོར་ཟིན་ཡོད་པ་དང་རྒྱ་ནག་ནང་བདུན་ཕྲག་གཅིག་ཙམ་བཞུགས་རྒྱུན་རིང་རྒྱ་ནག་གཞུང་གིས་བོད་པའི་སྐུ་ཚབ་རྣམ་པ་ཡུལ་དེའི་ནང་ཡོད་པའི་བོད་པའི་ས་ཁོངས་མིན་པའི་གྲངས་ཉུང་མི་རིགས་ས་ཁུལ་ཁག་ཅིག་ཏུ་གཟིགས་སྐོར་དུ་འཁྲིད་བརྩིས་ཡོད་སྐོར་དང་དེའི་ཁོངས་ནས་གཅིག་ནང་སོག་ཡིན་སྲིད་པའི་སྐོར་བོད་རྒྱ་འབྲེལ་མོལ་དང་ཐད་ཀར་འབྲེལ་བ་ཡོད་པའི་མི་སྣ་ཞིག་གིས་འགྲེལ་བརྗོད་གནང་གི་འདུག་ཅེས་རོའོ་ཀྲར་གསར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།

རྒྱ་ནག་གཞུང་གིས་དེ་ལྟར་བྱེད་དགོས་པའི་རྒྱབ་ཏུ་གྲངས་ཉུང་མི་རིགས་གཞན་རྣམས་གནས་སྡོད་བྱེད་སའི་ས་ཁུལ་དུ་གནས་སྟངས་ལྷིང་འཇགས་ཡོད་པའི་རྣམ་པ་སྟོན་ཆེད་དུ་དམིགས་པ་ཡིན་སྲིད་ཀྱང་དོན་དངོས་ལ་ད་ལམ་བོད་པའི་སྐུ་ཚབ་རྣམ་པ་གྲངས་ཉུང་མི་རིགས་ས་ཁུལ་གཞན་ཁག་ཏུ་གགཟིགས་སྐོར་དུ་འཁྲིད་པ་ཡིན་ན་རྒྱ་ནག་གཞུང་གིས་འཛིན་པའི་དམིགས་ཡུལ་ལས་ལྡོག་ཕྱོགས་ཀྱི་མཇུག་འབྲས་ཤིག་ཐོན་སྲིད་པ་ནི་གྲངས་ཉུང་མི་རིགས་ཚོའི་ཁོངས་སུ་རྒྱ་ནག་གཞུང་གི་སྲིད་བྱུས་ལ་འདོད་མོས་བྱེད་མཁན་ཆེས་ཉུང་ཤས་ཡིན་པ་དང་དེ་དག་གི་ནང་ནས་ཀྱང་ནང་སོག་ནང་རྒྱ་མི་རིགས་ཤིན་ཏུ་ཕོན་ཆེན་པོ་གནས་སྤོ་བྱས་ཏེ་སོག་པོའི་མི་རིགས་རྣམས་རང་གི་ཡུལ་དུ་གྲངས་ཉུང་མི་རིགས་ཆགས་ཟིན་ཡོད་པར་བརྟེན་ཁོ་ཚོའི་སེམས་ནང་རྒྱ་ནག་གཞུང་ལ་འཁོན་འཛིན་ཆེན་པོ་ཡོད་རེད་ཅེས་རོའོ་ཀྲར་གསར་ལས་ཁང་གིས་སྤེལ་བའི་གནས་ཚུལ་དེའི་ནང་འགྲེལ་བརྗོད་བྱས་འདུག་ཅེས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གིས་སྤེལ་ཡོད་པ་རེད།

གཞུང་འབྲེལ་གསར་འགོད་གསལ་བསྒྲགས།

སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང༌། སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་དང་ལྷན་དུ་ཁོང་རྣམ་པའི་ཕྱག་རོགས་བགྲེས་པ་རྣམས་རྒྱ་ནག་གཞུང་གི་དཔོན་རིགས་ཁག་དང་འབྲེལ་མོལ་བཀའ་བསྡུར་ཐེངས་བརྒྱད་པ་གནང་ཆེད་དེ་རིང་རྒྱ་ནག་ཏུ་ཕེབས་འབྱོར་གནང་རྒྱུ་རེད།

སྐུ་ཚབ་རྣམ་པ་པེ་ཅིང་དུ་ཐེངས་བདུན་པའི་འབྲེལ་མོལ་མཇུག་སྐྱོང་གནང་རྒྱུ་དང་ཐེངས་འདིར་སྐུ་ཚབ་རྣམ་པ་བདུན་ཕྲག་གཅིག་རིང་འབྲེལ་མོལ་གནང་རྒྱུ་རེད།

སྐུ་ཚབ་རྣམས་འདི་ནས་མ་ཐོན་གོང་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་ལྡི་ལི་གསར་པར་མཐའ་མའི་མཇལ་མོལ་དེ་གནང་ཡོད་པ་རེད།

ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༣༠ ལ།

དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།