དགོངས་ཚུལ།

བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོཌ་པ་བཞིས་སྲོག་སྐྱོབ་ལས་འགུལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཟླ་༤ཚེས་༡༦ཉིན་སྤེལ། བཞུགས་སྒར་ངྷ་རམས་ས་ལར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བཞི་ནས་ཉེ་ཆར་ལྷ་ས་མི་མང་འབྲིང་རིམ་ཁྲིམས་ཁང་གིས་བོད་མི་བློ་བཟང་རྒྱལ་མཚོ་དང་ལོ་ཡག་གཉིས་ལ་སྲོག་ཆད་དང༌། དེ་མིན་བསྟན་འཛིན་ཕུན་ཚོགས་དང་དང་རྐང་གཙུག་གཉིས་ལ་ལོ་གཉིས་ཀྱི་ཕར་འགྱངས་སྲོག་ཆད། གཞན་ཟླ་བ་བཟང་པོ་ལ་ཚེ་བཙོན་སོགས་ཀྱྀ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་ཡོད་པར། རྒྱལ་སྤྱིའི་རོགས་ཚོགས་དང་སྲིད་གཞུང་ཁག་ནས་བར་འདུམ་དང་རོགས་འདེགས་བྱེད་དགོས་སྐོར་གྱི་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཡོད་འདུག་ལ། ཐེངས་འདིའི་གསར་འགོད་ལྷན་ཚོགས་གོ་སྒྲིག་གནང་མཁན་ནི་བོད་ཀྱི་དབུས་བུད་མེད་ལྷན་ཚོགས་དང་བོད་སློབ་ཕྲུག་རང་དབང་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་བཅས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཞི་ནས་གྲུབ་པའི་བོད་མིའི་གྱེན་ལངས་ཚོགས་པ་རེད་འདུག

བོད་སློབ་ཕྲུག་རང་དབང་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཆོས་བཟང་ལགས་ཀྱིས་གསར་འགོད་ལྷན་ཚོགས་ཐོག་བརྗོད་གསལ། རྒྱ་ནག་གི་ཁྲིམས་ལུགས་དབང་འཛིན་འོག་བོད་ལྟ་བུའི་གྲངས་ཉུང་མི་རིགས་དག་ལ་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་སྲུང་སྐྱོབ་རྒྱ་གཞུང་གི་འགོ་ཁྲིད་ཚོས་ནམ་ཡང་སྤྲད་ཀྱིན་ཡོད་པ་མ་རེད་ཅེས་ཟེར།

བོད་མིའི་གྱེན་ལངས་ཚོགས་པས་རྒྱ་ནག་དབུས་གཞུང་གི་ཁྲིམས་དཔོན་མ་ལྦུ་ཨ་ཡིང་ཞུ་བའི་མཚན་ཐོག་ཏུ། བོད་མི་བཞི་བའི་སྲོག་ཆད་ཀྱི་ཁྲིམས་ཐག་མྱུར་དུ་བསྐྱར་ཞིབ་དང༌། རྒྱལ་སྤྱིའི་ཚད་ལྡན་ཁྲིམས་དོན་གཞིར་བཟུང་ཐོག་བོད་མི་དེ་ཚོར་དྲང་བདེན་དབྱེར་མེད་ཀྱི་ཁྲིམས་ཞིབ་ཅིག་བྱེད་རོགས་ཀྱི་རེ་འདུན་ཞུ་ཡིག་ཅིག་སྤྲངས་ཡོད་འདུག་ལ། དེ་བཞིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ལྟ་རྟོགས་ཚོགས་ཁག་ལའང་བོད་མི་བཙོན་མ་དེ་ཚོ་སྐྱོབ་རོགས་ཐད་ཀྱི་རེ་སྐུལ་ཞུ་ཡིག་ཕུལ་ཡོད་འདུག

རྒྱ་གཞུང་གིས་ད་ལོའི་ཟླ༤པའི་ཚེས་༡༣ཉིན་ཁྱབ་བསྒྲགས་བྱས་པའི་ལོ་གཉིས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་འཆར་གཞིའི་ནང་བཙོན་པར་སྲོག་ཆད་ཀྱི་ཁྲིམས་ཐག་གཅོད་སྟངས་ཐད་སྔར་ལས་དོགས་ཟོན་གཟབ་ནན་དང་ལོ་གཉིས་ཕར་འགྱངས་སྲོག་ཆད་ཀྱང་ལེགས་བཅོས་གཏོང་རྒྱུ་ཡིན་ཞེས་འཁོད་ཡོད་ཀྱང། བོད་མི་འདི་ལྔ་བོའི་ཁྲིམས་ཆད་དག་ནི་དྲང་བདེན་དང་རང་དབང་མ་ཡིན་པ་མངོན་གསལ་གཏོད་པོ་ཆགས་ཡོད་འདུག བོད་ནང་དུ་བོད་མི་ཚོར་ཆབ་སྲིད་ཐད་ཀྱི་བསམ་ཚུལ་བཤད་དབང་མེད་ཁར། ཆོས་ལུགས་དད་མོས་དང་རང་གཞུང་གཅེས་ཉར་སོགས་ཀྱི་རང་དབང་ཡང་ཡོད་མི་འདུག

རྒྱ་གཞུང་གིས་བོད་མི་འདི་ལྔ་ཡིས་སྔར་ལོར་ལྷ་ས་རུ་མི་སེར་བདུན་རྐྱེན་ལམ་དང་ཚོང་ཁང་ལྔ་མེར་བསྲེགས་བཏང་ཡོད་ཚུལ་གྱི་ཁག་འདོགས་ཉེས་འཛུགས་བྱས་ཏེ། གསོད་རྡུང་སྲེག་གསུམ་གྱི་གྱོད་དོན་ཁག་གསུམ་གྱི་ཐོག་ནས་ཁོ་ཚོར་ཉེས་ཁྲིམས་བཅད་ཡོད་འདུག

སྔར་ལོའི་ཞི་རྒོལ་རྗེས་རྒྱ་གཞུང་གིས་བོད་མི༢༠༠ལྷག་དམར་གསོད་བཏང་ཡོད་ཅིང༌། བོད་མི༢༣༠ལྷག་ཚེ་བཙོན་དང༦༠༠༠ལྷག་བཙོན་འཇུག་བཀག་ཉེར་བྱས་འདུག་པ་མ་ཟད། ༡༢༠༠ལྷག་གར་སོང་ཆ་མེད་ཀྱི་གནས་སུ་སྐྱེལ་ཡོད་འདུག

བོད་གཞུང་འབྲེལ་བ་མིན་པའི་ཚོགས་པ་བཞིའི་སྐུ་ཚབ་དག་གིས་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཅིག་སྤེལ་ཏེ་མཉམ་འབྲེལ་རྒྱལ་ཚོགས་དང་ཡོ་རུབ་གནའ་འབྲེལ། རྒྱལ་སྤྱིའི་རོགས་ཚོགས་ཁག་གིས་བོད་མི་བཙོན་མ་ལྔ་བོར་དྲང་བདེན་གྱི་ཁྲིམས་ཐད་ཅིག་ཡོང་སླད་རྒྱ་ནག་གི་དབུ་ཁྲིད་ཚོར་འབོད་སྐུལ་ཞུ་རོགས་ཐད་ཀྱི་འཕྲིན་ཡིག་གཏོང་འགོ་ཚུགས་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།