དགོངས་ཚུལ།

ྋགོང་ས་མཆོག་གིས་ཆོས་སྡེ་འཆེ་མེད་དགའ་ཚལ་གླིང་དབུ་འབྱེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཟླ་༤ཚེས་༡༣ཉིན་སྥེལ། བོད་ཀྱི་ཆོས་གཉིས་ཀྱི་དབུ་ཁྲིད་བླ་ན་མེད་པ་ྋགོང་ས་མཆོག་གིས་ཟླ་༤ཚེས་༡༢ཉིན་གྱི་སྔ་དྲོར་བཞུགས་སྒར་དང་ས་ཐག་ཉེ་བར་རྟེན་བཞི་བྱས་ཡོད་པའི་འཆི་མེད་དགའ་ཚལ་གླིང་འབུ་འབྱེད་བཀའ་དྲིན་བསྐྱངས་ཡོད་པ་དང་སློབ་གཉེར་ཁང་དེ་ནི་ཁམས་སྤྲུལ་རིན་པོེ་ཆེ་མཆོག་གིས་ྋགོང་ས་མཆོག་གི་བཀའ་དགོངས་བཞིན་གསར་བཞེངས་ཞུས་པ་ཞིག་ཡིན་པ་རེད།

དེ་ཡང་བཞུགས་སྒར་ཁུལ་སི་རྡི་པུར་རུ་ཁམས་སྤྲུལ་རིན་པོ་ཆེ་མཆོག་གིས་གསར་བཞེངས་གནང་བའི་སྔ་འགྱུར་རྙིང་མའི་ཆོས་སྡེ་འཆི་མེད་དགའ་ཚལ་གླིང་གི་དབུ་འབྱེད་མཛད་སྒོར་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིདྋགོང་སྋསྐྱབས་མགོན་རིན་པོ་ཆེ་མཆོག་ཆིབས་ཞལ་བསྒྱུར་ཡོད་ལ། བཞུགས་སྒར་ཁུལ་གྱི་བོད་མི་སེར་སྐྱ་མང་པོའི་ཁར། ཐེ་ཝན་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་སྐལ་ལྡན་གྱི་སློབ་བུ་དང་སྦྱིན་བདག་རྣམས་ཀྱང་གཙུག་ལག་ཁང་དེའི་དབུ་འབྱེད་མཛད་སྒོར་ཞུགས་ཡོད་འདུག

ྋགོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གིས་དར་ཐག་ཕྱག་བཅད་དང་ཆབས་གཅིག་ཏུ་སངས་རྒྱས་ཆོས་ཚོགས་སོགས་གསུང་སྟེ་འཆི་མེད་དགའ་ཚལ་གཙུག་ལག་ཁང་གི་དབུ་འབྱེད་མཛད་སྒོ་དངོས་སུ་འགོ་ཚུགས་གནང་ཞིང༌། དེ་རྗེས་སློབ་དཔོན་ཁམས་སྤྲུལ་འཇམ་དབྱངས་དོན་གྲུབ་མཆོག་ནས་ྋགོང་ས་མཆོག་ལ་བརྟན་བཞུགས་དང་མཇལ་དར་རྐྱང་འབུལ་གནང། མཛད་སྒོའི་ཐོག་ྋདཔལ་རྒྱལ་བ་རྐ་མ་པ་དང་བཙན་བྱོལ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང༌། བཀའ་བློན་ཁྲི་ཚབ་ཚེ་རིང་ཕུན་ཚོགས། ཨ་རིའི་གློག་བརྙན་འཁྲབ་སྟོན་པ་རི་ཆར་ཌི་གྷེར། གཞན་བཞུགས་སྒར་ཁུལ་གྱི་དགོན་སྡེ་དང་ཚོགས་པ་ཁག་གི་གནད་ཡོད་མི་སྣ་དག་སྐུ་བཅར་གནང་ཡོད་འདུག

མཛན་སྒོའི་ཐོགྋགོང་ས་ཐམས་ཅན་མཁྱེན་པ་མཆོག་གིས་བླང་དོར་གྱི་བཀའ་སློབ་གནང་དོན། ཁམས་སྤྲུལ་རིན་པོ་ཆེ་མཆོག་གིས་འདས་པའི་ལོ༥༠རིང་བོད་རྒྱལ་ཁབ་དང་བོད་མིའི་སྤྱི་དོན་སླད་བཙན་བྱོལ་དུ་ང་དང་དཔུང་བ་མཉམ་གཤིབ་ཀྱིས་དཀའ་ལས་བསྐྱོན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། ལྷག་དོན་སྔ་འགྱུར་རྙིང་མའི་གཙུག་ལག་སློབ་གཉེར་ཁང་གསར་བཞེངས་ཀྱིས་གསང་སྔགས་ཀྱི་སྒྲུབ་སྦྱོངས་དར་འཕེལ་གཏོང་རྒྱུ་གལ་ཆེན་པོ་རེད་ཅེས་དང༌། ཆོས་ལུགས་ནི་ང་ཚོའི་འཛམ་གླིང་ལ་ཤིན་ཏུ་མཁོ་གལ་ཆེ་ཙང༌།  ཆད་རྩོད་རྩོམ་གསུམ་གྱི་ལམ་ནས་ང་ཚོས་ཆོས་ལུགས་དར་སྤེལ་དང་སྲུང་སྐྱོབ་བྱེད་རྒྱུ་ཧ་ཅང་གལ་གནད་ཆེ་ཞེས་བཀའ་གསུང་སྩལ་བྱུང༌།

སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་ཁམས་སྤྲུལ་རིན་པོ་ཆེའི་མི་ཚེའི་རྣམ་ཐར་ཉུང་བསྡུས་ངོ་སྤྲོད་དང་བཅས། རིན་པོ་ཁོང་གིསྋགོང་ས་སྐྱབས་མགོན་རིན་པོ་ཆེ་དང་ཕྱག་རོགས་མཛད་སྟེ་བོད་བསྟན་པ་ཆབ་སྲིད་དོན་ལོ་༢༦རིང་ལ་ཕྱག་ལས་གནང་བར་ཆེ་བསྟོད་ཕུལ་ཞིང༌། བཀའ་བློན་ཁྲི་ཚབ་ཚེ་རིང་ཕུན་ཚོགས་ལགས་ཀྱིས། ནང་བའི་དགེ་འདུན་པ་དང་སློབ་གཉེར་བ་རྣམས་ཀྱིས་བོད་ཀྱི་ནང་བསྟན་དང་དེང་གི་ཤེས་ཡོན་ཆབ་སྲིད་དང་ཚན་རིག་སོགས་དོ་མཉམ་གྱིས་སྦྱངས་བ་བྱ་དགོས་ཚུལ་དང༌། ནང་བསྟན་ཆོས་ལུགས་ནི་ཐར་གཏུགས་ཀྱི་བདེ་བའི་འབྱུང་གནས་ཡིན་ཚུལ་གྱི་གསུང་བཤད་གནང་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།