བཙུན་མའི་འཇང་དགུན་ཆོས་ཆེན་མོ་མོན་གྷོ་རུ་དབུ་འཛུགས་གནང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༩ཚེས་༢༢ཉིན། བཙུན་མའི་འཇང་དགུན་ཆོས་ཆེན་མོ་སྐབས་༡༧པ་དེ་ཟླ་འདིའི་ཚེས་༢༠ཉིན་རྒྱལ་གར་ལྷོ་ཕྱོགས་མོན་གྷོ་རུ་ཡོད་པའི་བཙུན་དགོན་བྱང་ཆུབ་ཆོས་གླིང་དུ་དབུ་འཛུགས་ཀྱིས་ཕྱི་ཟླ་༡༠པའི ཚེས་༢༠བར་དུས་ཡུན་ཟླ་༡རིང་ཚོགས་གཏན་ཁེལ་ཡོད།

ཐེངས་འདིའི་བཙུན་མའི་འཇང་དགུན་ཆོས་ཆེན་མོ་དེ་ཉིད་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་བཙུན་དགོན་བྱང་ཆུབ་ཆོས་གླིང་གིས་གོ་སྒྲིག་གནང་བ་ཞིག་དང༌། འདི་ལོ་འཇང་དགུན་ཆོས་ཆེན་མོའི་ཐོག དྷ་ས་དགེ་ལྡན་ཆོས་གླིང་དང༌།   འཇམ་དབྱངས་ཆོས་གླིང༌།  བཙུན་དགོན་སྒྲོལ་མ་གླིང༌།  བལ་ཡུལ་གོ་པཎ་དགོན་པ་དང༌།   ཐུགས་རྗེ་ཆོས་གླིང༌།  བཀའ་བརྒྱུད་དོན་བརྒྱུད་ཆོས་གླིང༌།    ཧི་མ་ལའི་རི་རྒྱུད་ཀྱི་ཁོ་ནེ་དགོན་པ་བཅས་བཙུན་དགོན་ཁག་བདུན་ནས་བཙུན་མ་༡༨༩ དང་བཙུན་དགོན་བྱང་ཆུབ་ཆོས་གླིང་ནས་བཙུན་མ་གྲངས་༢༡༡ བཅས་ཁྱོན་བཙུན་དགོན་ཁག་བརྒྱད་ཀྱི་བཙུན་མ་གྲངས་ ༤༠༠ ཙམ་མཉམ་ཞུགས་གནང་ཡོད་པ་རེད།

བཙུན་མའི་འཇང་དགུན་ཆོས་ཀྱི་འཛིན་སྐྱོང་དོ་དམ་པ་བསྟན་འཛིན་རྣམ་གྲོལ་ལགས་ཀྱིས། རེས་གཟའ་ཟླ་བ་ཕུད་བཙུན་མ་ཚོས་སྔ་དྲོ་ཆུ་ཚོད་༢དང༌། ཕྱི་དྲོ་ཆུ་ཚོད་ ༣ བཅས་ཉིན་ལྟར་རྩོད་པ་ཁྱོན་དུས་ཡུན་ཆུ་ཚོད་༥ རིང་ཚོགས་དགོས་ཀྱི་ཡོད་པ་རེད་ཅེས་དང༌། ཡང་ཁོ་མོས། བཙུན་དགོན་ལ་ཆགས་བཞག་ན་ད་ལྟའི་ཆར་ཆ་རྐྱེན་དེ་ཙམ་མེད་དུས། ཐེངས་འདིར་བཙོན་མ་ཚོར་ཞལ་ལག་སོགས་ཀྱི་མཐུན་རྐྱེན་ཇི་བཞིན་སྦྱོར་ཐུབ་ཀྱིན་མེད་སྟབས། ང་ཚོས་ཚོགས་སྡེ་གཞན་ཁག་ནས་ཞལ་འདེབས་བསྡུ་རུབ་བྱས་པ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང༌།

བཙུན་དགོན་བྱང་ཆུབ་ཆོས་གླིང་ནི་ཕྱི་ལོ་ ༡༩༨༧  ལོར་གསར་དུ་བཙུགས་ཏེ་ད་ལྟའི་ཆར་དགོན་པའི་ནང་གཏན་སྡོད་བྱེད་མཁན་བཙུན་མ་ ༢༠༠ ལྷག་ཡོད་འདུག་ལ། བཙུན་དགོན་ནང་ཞལ་ལག་དང་སྡོད་ཁང་སོགས་ཀྱི་ཆ་རྐྱེན་གྱིས་རྐྱེན་པས། བཙུན་མ་གསར་ཞུགས་བྱེད་པར་གྲངས་ཚད་ངེས་ཅན་ཡོད་འདུག ད་ལྟའི་ཆར་བཙུན་དགོན་བྱང་ཆུབ་ཆོས་གླིང་ནང་། ནང་ཆོས་སློབ་གཉེར་ཕུད་གཞན་ཡང་བོད་ཡིག་བརྡ་སྤྲོད་དང༌། དབྱིན་ཡིག ཚན་རིག་སོགས་ཀྱང་སློབ་ཁྲིད་བྱེད་མུས་ཡིན་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བོད་སྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
དེང་སང་བཙུན་མ་ཚོས་གལ་ཆེ་ཤོག་སློབ་གཉེར་ལ་བརྩོན་འགྲུའི་གནའ་རབས་གྱི་སྲོལ་རྒྱུན་དང་དེང་རབས་ཀྱི་ཤེས་བྱ་སོགས་སྒོ་དུ་མ་ནས་འབོད་འབུངས་གནང་མུན་སུ་མཆིས་པ་མ་ཟད་བློ་སྒོ་ཡངས་པའི་ཕོ་མོ་འདྲ་མཉམ་བུད་མེད་ཐོབ་ཐང་མང་ཚོགས་ལ་འབྲེལ་འདྲིས་སོགས་གནའ་རབས་དང་བརྡུར་ན་ལྡབས་བཅུ་ཕྲག་མང་པོ་དེང་གི་ཨ་ཎེ་ཚོར་ཡག་གི། ད་དུངས་དགེ་སློང་མའི་སྡོམ་རྒྱུད་ཞིབ་འཇུག་དང་དགེ་བཤེས་མ་ཡི་དམ་བཅའ་འཇོག་ནས་དགེ་བཤེས་མའི་གནས་ཚད་བསླེབས་ཐུབ་པ་བོད་པའི་བུད་མེད་གནའ་རབས་ངན་བཤིས་ཀྱི་བཟང་བཙོན་ལས་ཐར་བཞིན་པ་འདི་རིགས་དགའ་བའི་དངོས་པའི་གནས་ཚུལ་རེད་བསམ། བུད་མེད་བརྩོམ་བྲིས་པ་ཚོས་འདིའི་བསྐོར་གང་མང་ཞིང་སྤེལ་རོགས། གཏང་སྙོམས་མ་བཞུགས་སེམས་ཤུག་གནང་ངོ་།
དེང་སང་དུས་རབས་དང་བསྟུན་ནང་ཆོས་བྱེད་མཁན་ཚོར་ནང་དུ་འོང་འགྲན་རྩོད་འཐོན་ཕྱོགས་བྱས་མཁན་མི་ཉུང་རྩམ་བྱུང་གི་འདུག། དཔེ་ན་དགེ་བཤེས་ཕ་མ་གཉིས་སྔོན་མ་ཞིག་ཐོབ་ཐང་སོགས་འཁྲུགས་རྩོད་ཤོར་ནས་དགེ་བཤེས་ཕ་འི་ཕྱོགས་གཏོགས་ཐོབ་པ་མ་རེད། བོད་ཀྱི་རྩ་ཁྲིམས་སོགས་ལ་དེ་བས་ཅང་ཡོད་རབས་མི་འདུག བུད་མེད་ཚོས་ང་ཚོ་ལ་དགོས་ཡག་མི་འདུག་ཟེར་ནས་ས་ཡིག་བརྒྱབ་པ་སོགས་གོ་མཁན་མི་འདུག གནའ་རབས་དགོན་སྡེ་ཚོས་ནང་དུ་གཞུང་ཆེ་དང་རིག་གནས་སོགས་ཨ་ཎེ་ཚོར་ལ་ལྟ་མ་བཅུག་པ་དང་བཀགས་བཞགས་བ་སོགས་ནི་ལོ་རྒྱུས་ཡིག་ཐོགས་ང་མ་མཐོ དཔེ་ཆ་དེར་འདྲ་འདུག་བས། གང་ལན་པ་རེ་ཟེར་ན་ཨ་ཎེ་ཚོས་རང་ཉིད་འཁོས་ཀ་ཆུང་འདོག་དང་ངོ་ཚར་ལ་ཡོན་ཏན་དུ་ལྟ་བ་ཁུར་དྲག་པ་རེད་དོ། གོམས་བཤིས་ནོར་འཁྲུལ་ཅན་འཐེད་པ་རེད་དོ། རང་གི་རང་སྡུག་སྦྱོར་བ་རེད་དོ། དགེ་བཤེས་ཕ་རྣམས་ཀྱི་ཧ་མ་གོ་བ་མ་རེདདོ། བླ་ཆེན་ཚོས་མ་དགོངས་པ་མ་རེད་དོ། ག་སྲིད་ལབ་པ་ཡིན་ན་ཡོན་ཏན་གྱི་དགེ་བཤེས་ཐོབ་ཐང་དགོས་པ་དང་སློབ་སྦྱོང་སོགས་བྱེད་ཉན་མ་དགའ་ན་མི་སྐྱ་ནངས་བཞིན་ཐོབ་ཐང་འཐབ་རྩོད་བྱུང་ཡ་གཉན་ཁ་ལ་བསམ་ནས་གསུང་མ་ཐུབ་ལུས་ཤོར་བ་རེད། དེང་སང་བཙུན་དགོན་རྣམས་སློབ་གཉེར་ཡག་པོ་དང་ཡོན་ཏན་ཡག་པོ་ཡོད་ཚོད་འདུག་དགེ་བཤེས་མ་གང་མང་འཐོན་ཐུབ་པ་སྨོན་མདུན་ཡོད་དོ།།།།
1 ༡༠༢༠༡༢༡༢༤༨
བཙུན་དགོན་རྣམས་ལ་མཚད་ཉིད་བཙུག་ནས་ལོ་ངོ་མང་ཙམ་འགྲོ་གི་འདུག ད་ལྟ་ཡང་དགེ་ཤེས་མ་མེད་པ་གང་ཡིན་ནམ། ཡང་ན་ཐོབ་ཐང་མེད་པ་ཡི་ནམ།



བརྗོད་གཞི་གཞན་ཁག་ལ་གཟིགས།