དགོངས་ཚུལ།

མང་གཙོ་ཚོགས་པས་བཀའ་ཁྲིའི་འོས་མི་འཚོལ་བསྡུ་བྱ་རྒྱུ་ཡིན་ཟེར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཟླ་༤པའི་ཚེས་༡༠ཉིན་སྤེལ། བཞུགས་སྒར་རྡ་རམ་ཤ་ལའི་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་ཟླ་༤ཚེས་༧ཉིན་གྱི་ཞོགས་པའི་ཆུ་ཚོད་༡༡སྟེང་ཚོགས་པའི་མ་འོངས་ལས་འཆར་ཐད་ཀྱི་གསལ་འགོད་གསལ་བསྒྲགས་ཤིག་ཞུས་དོན་གཙོ་བོ་ནི། འབྱུང་འགྱུར་བཙན་བྱོལ་ཁྲོད་སློབ་སྟོན་པ་དང་མགོ་ཁྲིད་བྱེད་ནུས་པའི་ཤེས་ཡོན་གཉིས་ལྡན་གྱི་གཞོན་སྐྱེས་མི་སྣ་གསོ་སྐྱོང་དང༌། ༢༠༡༡ལོའི་བཀའ་ཁྲིའི་འོས་འདེམས་ལ་བོད་རྒྱལ་ཁབ་ཀྱི་ལས་དབང་ལ་འགྱུར་བ་གཏོང་ཐུབ་ཀྱི་བཀའ་ཁྲི་ཞིག་འཚོལ་འོངས་ཆེད། མང་གཙོ་ཚོགས་པས་ཆབ་སྲིད་ཀྱི་ཚོགས་པ་ཞིག་གི་ངོས་ནས་ཆ་ཤས་རྒྱ་གང་ཆེ་བླང་སྟེ་ལས་འགུལ་སྤེལ་འཆར། གཞན་ད་དུང་རྒྱ་གར་ནང་ནས་བོད་ཕྲུག་སློབ་མ་ཆབ་སྲིད་ཚན་རིག་ཐོག་རིགས་གཅིག་རྐང་འཛིན་གནང་མཁན་༡༥ལ་མང་གཙོའི་སྐོར་ཟབ་སྦྱོང་རྒྱས་པ་ཞིག་གོ་སྒྲིག་ཞུ་འཆར་ཡོད་པ་བཅས་ཀྱི་གནས་ཚུལ་སྤེལ་ཡོད་འདུག

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་རིགས་འདྲ་མིན་གྱི་ཆབ་སྲིད་ཚོགས་པ་གསར་འཛུགས་ཆེད་གོ་སྒྲིག་དང་ལས་འགུལ་སྤེལ་མཁན་ཞིག་ཡིན་ལ། དེ་ཡང་སྤྱི་ལོ༡༩༩༠ལོའི་ཟླ་༨པའི་ནང་བླ་ན་མེད་པའི་བོད་མིའི་དབུ་ཁྲིད་ྋགོང་ས་ྋཏཱ་ལའི་བླ་མ་མཆོག་གིས་བོད་ཀྱི་གཞོན་ནུ་ཚོགས་པར་བཙན་བྱོལ་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ཚོགས་པ་ཞིག་མཁོ་གལ་ཆེ་བའི་བཀའ་ཕེབས་པར། བོད་ཀྱི་གཞོན་ནུ་ཚོགས་པས་སྔོན་དང་ད་ལྟའི་དབུས་རྒྱུན་ལས་ཚོ་དང་གྲོས་བསྡུར་གྱིས་ཆབ་སྲིད་ཚོགས་པ་ཞིག་ལ་གང་མཁོས་ཀྱི་རྩ་ཁྲིམས་དང་ཚོགས་མི་གསར་བསྡུ་བྱས་ཏེ་མང་གཙོ་ཚོགས་པ་འདི་སྤྱི་ལོ༡༩༩༤ལོའི་ཟླ་༩པའི་ཚེས་༢ཉིན་དངོས་སུ་དབུ་བཙུགས་པ་རེད་ལ། ད་ལྟའི་བར་དུ་ཚོགས་པའི་བོད་མིའི་འཐུས་ཚབ་དག་ནི་བོད་ཆོལ་ཁ་གསུམ་དང་ཆོས་རྒྱུད་ཆེན་མོ་བཞི། གཡུང་དྲུང་བོན་དང་བཅས་པ་ནས་འོས་འདེམས་གནང་བ་ཞིག་ཡིན་པ་རེད།

ཨི་ཊ་ལི་མངའ་སྡེ་གཞུང་དང་ས་གནས་གཉིས་ཀྱིས་གཙོ་ཆེའི་མཐུན་འགྱུར་རོགས་རམ་འོག བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་ཨི་ཊ་ལི་ནང་ཡོད་པའི་འཛམ་གླིང་ལས་འགུལ་ཚོགས་པ་གཉིས་ཀྱིས་ཨི་ཊ་ལིའི་མངའ་སྡེ་སིའི་ན་ནང་ལ་རྒྱ་གར་ནང་ནས་བོད་ཕྲུག་སློབ་མ་ཆབ་སྲིད་ཚན་རིག་ཐོག་རིགས་གཅིག་རྐང་འཛིན་གནང་མཁན་བཅོ་ལྔ་ལ་མང་གཙོའི་སྐོར་ཟབ་སྦྱོང་རྒྱས་པ་ཞིག་གོ་སྒྲིག་ཞུ་འཆར་འདུག་ལ། ཟབ་སྦྱོང་ནི་ཨི་ཊ་ལིའི་མཁས་དབང་དང་སློབ་དཔོན་ཁག་གིས་སྤྲོད་གནང་རྒྱུ་ཡིན་པའི་གནས་ཚུལ་ཡང་གསར་འགོད་ལྷན་ཚོགས་ཐོག་ཁྱབ་བསྒྲགས་བྱས་ཡོད་འདུག

མ་འོངས་པའི་ལོ་ཁ་ཤས་ནང་མང་གཙོ་ཚོགས་པས་རྒྱ་གར་གྱིས་བོད་མི་སྐྱབས་བཅོལ་བར་སྐྱབས་གནས་སྤྲད་སྟེ་ལོ་༥༠འཁོར་བའི་སྐོར་དང༌། གཞན་ཚོགས་པ་དེ་གའི་ཡར་རྒྱས་གོང་འཕེལ་གཏོང་ཐད་ཀྱི་དེབ་སྣ་མང་པོ་ཞིག་འདོན་སྤེལ་བྱ་རྒྱུ་རེད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
2 ༢༣༢༠༠༩༡༣༥༤
ལྷན་རྒྱས་ཀྱི་བསམ་ཚུལ་དེ་ཚོ་བྱིས་པའི་ཆབ་སྲིད་རེད། བཀའ་ཁྲི་ཞིག་ཡོང་གི་རེད། མི་དམངས་ཀྱི་ལས་འགན་དེ་དམངས་གཙོའི་ཐོབ་ཐང་ལོངས་སུ་སྤྱད་ནས་འོས་བླུག་དགོས་པ་དེ་རེད།
1 ༡༡༢༠༠༩༠༦༢༦
ཕར་འཚོལ་དགོས་ལེ་མ་རེད་ཚུར་ཡོང་གི་རེད།



བརྗོད་གཞི་གཞན་ཁག་ལ་གཟིགས།