བཀའ་བློན་གསར་པ་རྣམ་གྲོས་ཚོགས་ནང་དངོས་སུ་ཕེབས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༩ཚེས་༡༧ཉིན། ཟླ་འདིའི་ཕྱི་ཚེས་༡༧ཉིན། བོད་མི་མང་སྤྱི་འཐུས་སྐབས་༡༥པའི་གྲོས་ཚོགས་ཚོགས་དུས་༢པའི་ཉིན་གཉིས་པར། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཆོག་གི་དབུས་པའི་གསར་དུ་བདམས་ཐོན་བྱུང་བའི་བཀའ་བློན་རྣམ་པ་༦དང་། དེ་བཞིན་སྐབས་༡༥པའི་སྤྱི་འཐུས་རྣམ་པ་བཅས་ལྷན་འཛོམས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་གྱི་དོན་ཚན་ཁག་ཅིག་གི་ཐོག་དགོངས་འཆར་བཏོན་གནང་སོང་།

ཚོགས་འདུ་དབུ་འཛུགས་མ་བྱས་པའི་གོང་དེར། གསར་དུ་བདམས་ཐོན་བྱུང་བའི་བཀའ་བློན་རྣམ་པ་༦ཚོགས་དབུས་སུ་ཕེབས་པ་དང་ཆབས་ཅིག ཆོལ་ཁ་དང་ཆོས་བརྒྱུད་ཁག་གི་སྤྱི་འཐུས་ཁག་ཅིག་གིས་ཕྱག་འཇུ་དང་བཅས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་བ་དང་། བཀའ་ཤག་སྐབས་བཅུ་བཞི་པའི་བཀའ་བློན་དང་སྤྱི་འཐུས་སྐབས་༡༥པའི་འཐུས་མི་རྣམ་ཆེས་ཐོག་མར་ལྷན་འཛོམས་གནང་ཡོད་པ་དང་། ཚོགས་འདུ་ཡི་ཐོག་མར། སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ནས་བཏོན་པའི་གྲོས་འཆར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཡིག་ཆ་ཨང་༨པ་སྙན་སྒྲོན་ཞུས་རྗེས། གསར་དུ་བདམས་པའི་བཀའ་བློན་རྣམ་པ་དང་སྤྱི་འཐུས་བཅས་ནས་ཡིག་ཆ་དེའི་ནང་གི་ཚིག་བརྗོད་དང་དག་ཆ་སོགས་ཀྱི་ཐོག་ལ་དགོངས་འཆར་བཏོན་གནང་བ་དང་། དེ་བཞིན་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཡིག་ཆ་ཨང་༨པའི་གྲོས་འཆར་གྱི་དགོངས་དོན་ལ་རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ནས་འགྲེལ་བརྗོད་གནང་དགོས་པ་ཁག་ཅིག་ལ་འགྲེལ་བཤད་ཀྱང་གནང་སོང་།

འདི་ལོའི་ཕྱི་ཟླ་༦པའི་ཚེས་༦ཉིན་ནས་བཟུང་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོས་ཆེད་བཙུགས་ཁྲིམས་སྒྲིག་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གིས་དུས་ཡུན་ཟླ་གསུམ་གྱི་རིང་ལ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་ཡོངས་རྫོགས་ལ་བསྐྱར་ཞིབ་དང་ཞུ་དག་ཞིབ་མོ་གནང་བའི་གྲུབ་དོན་སྙན་ཐོ་དེ་སྙན་སྒྲོན་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་པདྨ་འབྱུང་གནས་ལགས་ནས་དེ་རིང་གི་ཚོགས་ཞུགས་པ་ཡོངས་ལ་སྙན་སྒྲོན་ཞུས་གྲུབ་རྗེས། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཐེངས་འདིའི་གྲོས་ཚོགས་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཟེར་བ་དེ་ལ་”དབུས་བོད་མིའི་གཞུང་གི་སྒྲིག་འཛུགས་”དང་། དེ་བཞིན་བཀའ་བློན་ཁྲི་པ་ལ་”སྲིད་སྐྱོང་”ཞེས་བསྒྱུར་པར་གྲོས་འཆམ་མ་བྱུང་བའི་སྐོར་འགྲེལ་བརྗོད་གནང་སོང་།

ཁ་སང་ཕྱི་ཚེས་༡༦ཉིན་གྱི་ཉིན་རྒྱབ་ཏུ། གསར་དུ་བསྐོ་བཞག་གནང་བའི་བཀའ་ཁྲིའི་ཕྱག་རོགས་བཀའ་བློན་རྣམ་བཀའ་དྲུང་ཡིག་ཚང་གི་དྲུང་འཕར་ཚེ་རིང་དབང་ཕྱུག་ལགས་ཀྱིས་སྣེ་ཁྲིད་དེ་གཙུག་ལག་ཁང་དང་། དགའ་གདོང་གྲྭ་ཚང། གནས་ཆུང་གྲྭ་ཚང་སོགས་ལ་གནས་གཟིགས་སུ་ཕེབས་རྗེས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཡང་སྟེང་ཚོགས་ཁང་དུ་བཀའ་ཤག་སྐབས་བཅུ་བཞི་པའི་བཀའ་བློན་དྲུག་གིས་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་གི་དྲུང་ནས་ལས་འཁུར་དམ་བཅའ་དང་གསང་རྒྱའི་དམ་བཅའ་ཕུལ་ཡོད་ནའང་། ད་ལྟའི་ཆར་གསར་དུ་བདམས་ཐོན་བྱུང་བའི་བཀའ་བློན་ཁྲི་པའི་ཕྱག་རོགས་རྣམ་པའི་ཕྱག་ལས་གང་ཡིན་པ་ཁྱབ་བསྒྲགས་བྱས་མེད་པ་དང་། དེ་བཞིན་གྲོས་ཚོགས་ནང་གི་བཞུགས་གནས་ཀྱང་དགུང་ལོ་རྒན་གཞོན་གྱི་གོ་རིམ་ཙམ་ལས་གཏན་འབེབས་གང་ཡང་བྱས་མེད་ཀྱང་།  མི་མང་པོ་ཞིག་གིས་འབྲོང་ཆུང་དངོས་གྲུབ་ལགས་ཆོས་རིག་བཀའ་བློན་དུ་བསྐོ་བཞག་བྱ་རྒྱུ་དང་། རྒྱ་རི་སྒྲོལ་མ་ལགས་ནང་སྲིད་བཀའ་བློན་དུ་བསྐོ་བཞག་བྱ་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (15)
15 ༢༩༢༠༡༡༡༡༤༡
གཏམ་ལ་མཚོན་ཆ་མེད་ཀྱང་མི་སྙིང་དུམ་པུར་བཅད་ཞེས་པ་ལྟར་དགྲ་ལྷའི་སྙིང་དུམ་བུར་བཀས་ནས་འཆི་ཟིན་པ་འདྲ་སྙིང་རྗེ།།
གནས་ཚུལ་མང་པོ་ཞིག་མ་བྱུང་སྔོན་འགོག་བྱ་གལ་ཆེན་པོ་རེད་དཔེར་ན་དེ་སྔོན་པདྨ་ཆོས་འབྱོར་བདེ་སྲུང་བཀའ་བློན་སྐབས་རང་བབས་ལས་འགན་ཡག་པོ་འཁྱེར་ཐུབ་ན་༧གོང་ས་མཆོགག་གི་སྐུ་ཕྱར་ཚབས་ཆེའི་གནས་ཚུལ་དེ་འདྲ་ཡོང་སྲིད་ཀྱི་མ་རེད་དེར་བརྟེན་ལས་འགན་ཡག་པོ་མི་འཁུར་བའི་མི་སྣ་ཞིག་སླར་ཡང་བཀའ་བློན་དུ་སླེབ་པར་ཡ་མཚན་དང་གོང་དུ་བཤད་་་ཟིན་ཀྱང་ཡང་སྐྱར་བརྗོད་རྒྱུར་གལ་སྲིད་ང་བདེ་སྲུང་བཀའ་བློན་ཡིན་ན་་འདས་ཟིན་པའི་བྱ་བ་སྐྱར་ལོག་བྱ་རྒྱུ་མེད་པ་ཤེས་པས་ཐོག་ནས་གནས་ཚུལ་ངན་པ་དེའི་རིགས་ཐོག་མ་ནས་མ་ལྷག་པའི་ཆེད་༧གོང་ས་མཆོག་གི་སྐུ་ཕྱའི་སྱུང་སྐྱོབས་སྣངས་ཆེན་དུ་རྩིས་ནས་ཚབས་ཆེའི་གནས་ཚུལ་མ་ལྷག་པ་བྱ་རྒྱུ་ཡིན་ཤེས་སོང་ངམ་ཤེས་པས་རེ་བ་ཡོད་དེ་ནས་གོ་མ་ཐུབ་ན་རེ་ཞིག་་་ཀ་་་ཁ་་་ནས་ཡང་བ་སྐྱར་སྦྱང་རྒྱུ་ལས་གཞན་གྱི་བྱ་ཐབས་ཟད་དོ་ཧ་ཧ་་་་ཧཧ
གནམ་གྱིས་ས་བརྡུང་པ་ལྟ་བུ་ཐབས་ཤེས་མེད་པའི་རྐྱེན་ངན་དེ་འདྲ་ཡོང་རྒྱུ་ཡོད་པ་ཤེས་ན་འགྲིགས་པ་རེད། ད་རྩོད་པ་བྱེད་དགོས་དོན་མི་འདུག་མགོ་འཚོས་ཤག བཀྲིས་བདེ་ལེགས་ཡོད།
12 ༢༣༢༠༡༡༢༣༡༧
མཟད་་་བཅོས[མ་ཟད་]
11 ༢༣༢༠༡༡༢༣༡༣
དགྲ་ལྷ་ལགས་ཁྱེད་རང་ལ་བཀའ་དྲི་བཞུ་རྒྱུ་དཔེར་ན་རང་གི་མཐོང་ཆེན་བྱེད་ཡུལ་སྐུ་ཆས་ཞིག་བོར་ཟིན་ན་དེ་མ་བོར་བའི་ཐབས་ཤེས་ཁྱེད་རང་ནས་གང་འདྲ་བྱ་རྒྱུ་ཡིན་ནམ་ཞེས་དྲིས་པ་དང་མཚུངས་་འདུག་ན་རང་ཉིད་ནས་བཀའ་ལན་ག་རེ་ཡོད།།
10 ༢༣༢༠༡༡༢༢༥༩
དབྱུགས་པ་སོགས་བཞུས་ཟིན་ན་ང་ལ་འགོག་སྲུང་བྱེད་ཐབས་མེད་པ་མཟད་གཞན་སུ་ལའང་ཐབས་ཤེས་མེད་རྒྱུ་རེད་ང་བདེ་སྲུང་བཀའ་བློན་ཡིན་ན་པདྨ་ཆོས་འབྱོར་ལྟ་བུ་མ་ཡིན་པ་༧གོང་ས་མཆོག་གི་སྐུ་ཕྱའི་སྲུང་སྐྱོབས་སྣངས་ཆེན་དུ་རྩིས་ནས་གནས་ཚུལ་ཚབས་ཆེའི་རིགས་མ་ལྷག་པ་བྱ་རྒྱུ་ཡིན་ཤེས་སོང་ངམ་དགྲ་ལྷ་།།
དྲ་གྲོགས་བསོད་དབང་ལགས་ཁྱེད་ལ་ངེད་ཀྱིས་སྐུ་ཕྱ་སྲུང་སྐྱོབ་གང་འདྲ་བྱེད་ས་རེད་ཅེས་དྲིས་མེད། ཆིབ་འཁོར་ལ་རྡོ་དང་དབྱུགས་པས་བཞུས་པ་དེ་འགོག་སྲུང་གང་འདྲ་བྱེད་ས་རེད་ཅེས་དྲིས་པ་ཡིན་པདྨ་ཆོས་འབྱོར་ཀྱི་སྔར་འགོག་མ་ཐུབ་པ་དེ་གལ་སྲིད་ཁྱེད་ཀྱི་འགོག་སྲུང་བྱེད་ན་གང་འདྲ་བྱེད་ས་རེད་ཅེས་དྲིས་པ་ཡིན་ལན་ཁ་གསལ་ཞིག་གནང་རོགས། ནད་མ་ཆོག་པ་ཞེས་པ་དེ་ངེད་གཟབ་གཟབ་མ་བྱས་པ་ཡིག་ནོར་ཤོར་འདུག དགོངས་དག་དེ་ནི་ནད་མ་ཁྱོགས་པ་ཞེས་གོ་དགོས། ནད་མ་ཁྱོགས་པ་ནི་བཟོད་སྒོག་མ་ཐུབ་པའི་དོན་རེད།
གལ་སྲིད་ང་བདེ་སྲུང་བཀའ་བློན་ཡིན་ན་འབྲུང་ཆུང་དངོས་གྲུབ་ལགས་ལྟར་ལས་དོན་ཚང་མའི་ནང་ནས་༧གོང་ས་མཆོག་གི་སྐུ་ཕྱར་བསྲུང་སྐྱོབས་བཞུ་རྒྱུ་གཙོ་བོ་བྱ་རྒྱུ་ཡིན། དྲ་གྲོགས་དགྲ་ལྷ་ལགས་ནད་མ་ཆོག་ཟེས་པར་རང་འགྲེལ་ཞིག་གནང་རོགས་གོ་ཐུབ་ཀྱི་མི་འདུག ད་ལྟ་ང་ལ་དུས་ཚོད་མེད་རྗེས་སུ་མཇལ་ཡོང་།
ཧཧཧཧཧ་བསོད་དབང་ལགས། སྐད་ཆ་བཤད་ན་མི་དགའ་ཉོན་ན་དགའ་ཞེས་པ་དེ་དངོས་བདེན་རང་རེད། ཁྱེད་ཀྱི་ཁ་ནས་༸གོང་ས་མཆོག་གི་སྐུ་ཕྱ་བཤད་པ་མ་གཏོགས་དོན་ལ་དྲུང་ཆེ་ར་བཟི་ཉེས་བརྡུང་བཏང་བ་དེ་ནད་མ་ཆོག་པས་རེད་འདུག ཆགས་སྡང་ཅན་སུ་ཡིན་འགྲེལ་བཤད་མི་དགོས་པ་རྣམ་དཔྱོད་ཡོད་ན་ཤེས་ཚད་རེད། ད་འབྲེལ་བཤད་ག་ཚོད་གནང་ཀྱང་ཁྱེད་དྲུང་ཆེ་ར་བཟི་དེའི་ཕྱོགས་གཏོགས་ཤིག་ཡིན་པ་རེད། བསྐོར་ཁྱི་ཤོར་བ་བཞིན་པདྨ་ཆོས་འབྱོར་ཐོག་ངར་དགོས་དོན་རང་ཕྱོགས་ལ་ཆགས་པ་ཆེ་པས་རྐྱེན་གྱི་རེད་འདུག དྲུང་ཆེ་དེ་ཉེས་བརྡུང་གཏོང་དགོས་དོན་ནི་གཙུག་ལག་ཁང་དུ་༸གོང་ས་མཆོག་གི་གསུང་ཆོས་སྐབས་ལུས་བཤེར་བྱེད་མ་བཅུག་པར་ང་དྲུང་ཆེ་ཡིན་ཟེར་ནས་ཧང་བཤད་ཀྱིས་འཛུལ་པར་བརྟེན་སྐུ་སྲུང་བས་ཉེས་བརྡུང་གཏང་བ་རེད། ཆིབ་འཁོར་ལ་ཀྲོག་གིས་བཞུས་པ་དང་དབྱུག་པས་བཞུས་པ་དེ་དག་ཁྱེད་བཀའ་བློན་ཡིན་ན་འགོག་སྲུང་གང་འདྲ་བྱེད་ས་རེད། ལན་དྲང་པོ་ཞིག་གསུང་ཐུབ་ན་སྤྱི་ཚོགས་ལ་ཕན་ཐོག་ཆེན་པོ་ཡོང་གི་རེད་སྙམ།
6 ༢༢༢༠༡༡༠༠༥༨
དཀར་པོ་གསུམ་བརྩེགས་འཆི་བ་ཡིན་ས་རེད་གོ་རྒྱུ་ཐོས་རྒྱུ་མིན་འདུག།ཧཧཧཧཧཧཧཧཧ
ཕྱོགས་ཞེན་གྱིས་འདྲེན་བྱེད་བཀབ་ན་རང་ཕྱོགས་ཀྱི་དགེ་ལས་སྐྱོན་མི་མཐོང་བ་ཆོས་ཉིད་རེད་སྲོང་པོའི་བློས་སྤྱད་ཅིང་རྣ་བ་གཉིས་ཀས་ཉན་ན་གཞན་ཕྱོགས་ཀྱི་སྐྱོནམཐོང་བ་་ཙམ་དུ་མ་ཟད་རང་ཕྱོགས་ཀྱི་སྐྱོན་ཐོས་པ་དང་སྐྱོན་སེལ་ཡང་བྱེད་ངེས་་་འོན་ཀྱང་དགྲ་ལྷ་ནི་་་གཉེན་གྱི་ཕྱོགས་ལ་འདོད་ཆགས་ཆུ་ལྟར་གཡོ། དགྲ་ཡི་ཕྱོགས་ལ་ཞེ་སྡང་མེ་ལྟར་འབར་། བླང་དོར་བརྗེད་པའི་གཏི་མུག་མུན་ནག་ཅན་ཁྱོད་ལྟ་བུར་བདེན་པ་སྨྲས་ན་ཁས་ལེན་པ་མི་སྲིད་ཀྱང་རང་ཉིད་ཀྱིས་སྔོན་དུ་བཤད་པ་བདེན་པར་མངོན་ཕྱིར་ཅུང་ཟད་སྨྲས་ན་པདྨ་མ་ཆོས་འབྱོར་བདེ་སྲུང་བཀའ་བློན་སྐབས་༧གོང་ས་མཆོག་གི་སྐུ་ཕྱར་བཙན་བྱོལ་ནང་བྱུང་མྱོང་མེད་པའི་ཚབས་ཆེའི་གནས་ཚུལ་དང་པོ་ཝྭ་ནར་ཆིབ་འཁོར་ལ་ཀྲོག་བཞུས་པ་དང་གཉིས་པ་རྡ་སར་ཆིབ་འཁོར་ལ་དབྱུག་པ་བཞུས་པ་གཉིས་ཁྱོད་རང་བོད་པ་ཞིག་ཡིན་ན་༧གོང་ས་མཆོག་གི་སྐུ་ཚེ་མཛད་འཕྲིན་དང་བོད་མིའི་སྐྱིད་སྡུག་འབྲེལ་བ་ཆེན་པོ་ཡོད་པ་ཤེས་དགོས་ངེས་ལ་མ་ཤེས་པ་ཐེ་ཚོམ་སྐྱེས་གཞི་དང་བཀའ་བློན་མཆོག་བདེ་སྲུང་བཀའ་བློན་སྐབས་ཕྱོགས་ཞེན་གྱིས་བསྐོས་པའི་མི་སྣ་གཅིག་གིས་རང་གཞུང་གི་དྲུང་ཆེ་ཞིག་ལ་ཁྲིམས་འགལ་གྱི་ཉེས་བརྡུང་བཏང་བར་ཁོ་པ་ལས་ཁུངས་ནས་ཕྱིར་ཕུད་བཏང་བ་ལྟ་བུ་ཁྲིམས་དང་སྒྲིག་གཞིའི་དབང་ཏུ་སོང་བ་ལས་འགན་འཛིན་བྱེ་བྲག་པས་རང་ཉིད་འདོད་པ་ཡོད་ན་ལས་བྱེད་པར་བསྐོ་ཆོག་དང་རང་ཉིད་འདོད་པ་མེད་ན་ལས་ཁུངས་ནས་ཕྱིར་འབུད་བྱས་ཆོག་ག་ལ་ཡིན་གལ་ཏེ་དེ་ལྟར་ཡིན་ན་རང་དབང་ཅན་གྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་དགོས་མེད་ཡིན་དགོས་རྒྱུ་ལ་དགོས་མེད་མིན་པར་རང་དབང་ཅན་གྱི་སྡེ་ཚན་གསུམ་གྱི་ཁོངས་སུ་ད་ལྟའང་གནས་མུད་ཡིན་པ་ཤེས་རྟོགས་ཐུབ་པ་དགོས་སོ་དགྲ་ལྷ།།
དཀར་པོ་སུམ་བརྩེགས་དང་བསོད་དབང་ཁྱེད་གཉིས། བཀའ་བློན་གསར་པ་མི་རྒན་གཟུགས་རིང་པོ་པདྨ་ཆོས་འབྱོར་ལ་སྣང་བ་མ་འགྲོ་བ་ཡིན་པ་འདྲ་འདུག བདེ་སྲུང་ལས་བྱེད་ཡིན་ནའང་འདྲ་གཞན་སུ་ཡིན་ཡང་ལས་བྱེད་ལ་ཡིག་རྒྱུགས་གཏོང་དགོས་པ་དང་མ་དགོས་པ་གཉིས་ཡོད་པ་ཤེས་པ་གྱིས། དེ་བཞིན་སྐུ་སྲུང་ལའང་ཤེས་ཡོན་ཡོད་པ་དང་མེད་པ་ཅི་རིགས་ཤིག་ཡོད་པ་དེ་འང་ཤེས་པ་གྱིས། བཀའ་བློན་དང་དྲུང་ཆེ་དབུ་འཛིན་སོ་སོར་རང་གིས་དབང་ཚད་ཀྱི་ཐོག་ནས་ལས་བྱེད་ཕྱི་ཕུད་བྱེད་རྒྱུ་དང་བསྐོ་བཞག་བྱེད་ཆོག་པའི་རིགས་སྣ་ཚོགས་ཡོད་པ་རེད། གལ་སྲིད་ཁྲིམས་འགལ་ཐོག་ལས་བྱེད་ལ་བཅུག་ཡོད་ན་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན་པས་བཀའ་བློན་ཡིན་ཡང་ཁྲིམས་ལ་སྦྱར་ཆོག་པའི་ཐོབ་ཐང་ཁྱེད་རྣམ་གཉིས་ལ་ཡོད་པ་མཁྱེན་གྱི་ཡོད་ཤག སྐུ་ཕྱའི་ལས་དོན་ཚགས་ཚུད་མ་བྱུང་བའི་གནས་ཚུལ་ཁ་གསལ་བཤད་རྒྱུ་ཡོད་ན་བརྒྱ་ཆ་བརྒྱ་ཐམས་པ་རྒྱབ་སྐྱོར་ཡོད་དེ་མིན་ཉོན་འདོད་མེད།
3 ༢༠༢༠༡༡༠༢༢༠
དཀར་པོ་གསུམ་བརྩེགས་ནས་བཀའ་བློན་པདྨ་ཆོས་འབྱོར་བདེ་སྲུང་བཀའ་བློན་སྐབས༧གོང་ས་མཆོག་གི་སྐུ་ཕྱའི་ལས་དོན་ཚགས་ཚུད་མ་བྱུང་བ་དང་ཕྱོགས་ཞེན་གྱིས་ཡུལ་ལུང་གཅིག་པ་སློབ་སྦྱོང་ཡག་པོ་མེད་པ་ཙམ་དུ་མ་ཟད་མིའི་ཀུན་སྤྱོད་བརྡེག་སྤྱོད་ཁོ་ན་ལ་གནས་པའི་མི་སྣ་འགའ་ཞིག་ཕྱོགས་ཞེན་འབའ་ཞིག་གིས་ཡིག་རྒྱུགས་སོགས་མེད་པར་བདེ་སྲུང་ལས་ཁུངས་སུ་ཁྲིམས་་འགལ་ཐོག་བཅུག་པ་ཁྱེད་རང་བློ་སྲོང་པོར་གནས་པ་ཞིག་ཡིན་ན་མི་འདོད་བཞིན་དུ་ཁས་་ལེན་རྒྱུ་ལས་མ་མཆིས་ངས་ལྟས་ན་དགྲ་ལྷ་ཁྱེད་རང་ཕྱོགས་ཞེན་ཁོ་ན་མི་བྱ་བར་དེང་སྐབས་བོདམི་ཚོ་ཤེས་ཡོན་དང་མཐོང་རྒྱ་ཐོས་རྒྱ་ཆེ་རུ་ཕྱིན་པ་ཤེས་རྟོགས་ཐུབ་ན་ཁྱེད་རང་ཡང་མཐོང་རྒྱ་ཐོས་རྒྱ་དགོས་སོ་དགྲ་ལྷ།།།།
རང་གི་འདོད་བློར་མ་བབ་ནའང་སྡུག་བྱུང་རེད། བཀའ་བློན་གདམ་དགོས་པ་གདམ་སླེབས་དགོས་པ་སླེབས་ཚ་སོང་། ཕྱོགས་ལྷུང་ཅན་འདི་ཚོའི་སྐད་ཆ་དེང་སྐབས་བདག་པོ་རྒྱབ་མཁན་ཡོང་གི་མ་རེད། དེང་སྐབས་བོད་མི་ཚོ་ཤེས་ཡོན་དང་མཐོང་རྒྱ་ཐོས་རྒྱ་ཆེ་རུ་ཕྱིན་པའི་རྐྱེན་གྱིས་དཀྲུག་ཤིང་གི་སྐད་ཆ་དེ་ཚོ་ཆུ་ནང་དུ་རྟུག་དྲི་གཏོང་བ་དང་གཅིག་པ་རེད།
1 ༡༨༢༠༡༡༠༧༠༦
བཀའ་ཁྲིས་གྲོས་ཚོགས་སུ་རང་གི་ཕྱག་རོགས་བཀའ་བློན་གཞན་རྣམས་ཀྱི་མིང་སྟོན་སྐབས་གྲོས་ཚོགས་ཀྱི་འཐུས་མི་རྣམས་པས་ཅང་མི་སྨྲ་བར་ཉིད་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། དེ་བཞིན་ནོ། གསུངས་ནས་གུང་ཁྲན་ཏང་གི་ཚོགས་ཆེན་འཚོགས་པ་བཞིན་ལག་པ་བརྡབ་ཀྱང་གནང་སྟངས་ལ་བལྟས་ན་མི་མང་གི་སྐུ་ཚབ་ཡིན་པའི་བཟོ་ལྟ་ནི་མིན་འདུག
༡་དཔེར་ན་དེ་སྔོན་བདེ་སྲུང་བཀའ་བློན་ལས་འཁུར་སྐབས་་༧གོང་ས་མཆོག་གི་སྐུ་ཕྱའི་ལས་དོན་ཚགས་ཚུད་མ་བྱུང་བར་ཛ་དྲག་གི་གནས་ཚུལ་བྱུང་བ་དང་། རང་གི་དགའ་བོ་ཉེ་བོ་ཡི་གེ་ངོ་ཙམ་ཡང་མི་མཁན་བདེ་སྲུང་ལས་བྱེད་དུ་བསྐོ་བ་སོགས་བོད་རྒྱལ་ཁབ་ཆེན་པོའི་རྩ་ཁྲིམས་དང་འགལ་བའི་ཉེས་ཅན་ས་ཆ་རེ་ལ་དགའ་མ་རེ་ཡོད་པའི་འཆལ་པོ་སྐུབ་སྐྱོག་དེ་འདྲ་བཀའ་བློན་དུ་སླེབས་སྐབས་ཉུང་མཐར་དོག་དྲི་ཙམ་ཡང་མེད་པ་ནི་བློ་ཕམ་རེད།



བརྗོད་གཞི་གཞན་ཁག་ལ་གཟིགས།