བཙན་བྱོལ་ནང་གི་ལོ་ངོ་ལྔ་བཅུའི་འགྲུལ་བཞུད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༩ཚེས་༡༥ཉིན། ཟླ་འདིའི་ཕྱི་ཚེས་༧ནས་མགོ་འཛུགས་ཀྱིས་ཉིན་གྲངས་༢༥རིང་བཙན་བྱོལ་བོད་མིའི་ཕྱི་དྲིལ་འགྲེམས་སྟོན་ཚན་པས་གོ་སྒྲིག་འོག་རྒྱ་གར་བྱང་ཕྱོགས་བོད་མིའི་གནས་སྡོད་ཁུལ་དུ་ལོ་ངོ་ལྔ་བཅུའི་འགྲུལ་བཞུད་ཞེས་པའི་པར་རིས་འགྲེམས་སྟོན་ཞིག་གནང་བཞིན་ཡོད་འདུག

ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༧ ནས་ཉིན་གྲངས་ ༢༥ རིང་བཙན་བྱོལ་བོད་མིའི་ཕྱི་དྲིལ་འགྲེམས་སྟོན་ཚན་པས་གོ་སྒྲིག་འོག་རྒྱ་གར་བྱང་ཕྱོགས་བོད་མི་གནས་སྡོད་ཀྱི་ས་ཁུལ་ཌ་ལ་ཧོ་སི་དང་སིམ་ལ། མ་ན་ལི། ཅོན་ཏ་ར། འབིར། སུ་ཇ། གྷོ་པལ་པུར་བཅས་ཀྱི་ནང་སློབ་ཕྲུག་དང་མང་ཚོགས།  འབྲེལ་ཡོད་དགོན་སྡེ་ཁག་གི་གྲྭ་བཙུན་སོགས་ཀྱི་ནང་བཙན་བྱོལ་ནང་གི་ལོ་ངོ་ལྔ་བཅུའི་འགྲུལ་བཞུད་ཅེས་པའི་༸གོང་ས་མཆོག་གི་མཛད་རྣམ་དང་བཙན་བྱོལ་བོད་མིའི་གནས་སྟངས།  དེ་བཞིན་ཕ་རན་སིའི་བོད་གནས་ཉམས་ཞིབ་པ་སྐུ་ཞབས་ཀོ་ལོ་ཌི་ཨར་པི་(Claude Arpi)ལགས་ཀྱིས་ལམ་སྟོན་འོག་བོད་ཀྱི་བྱུང་རབས་ལོ་རྒྱུས་ལ་ཡུད་ཙམ་ལྟ་བ་(Glimpses on the history of Tibet)ཞེས་པའི་པར་རིགས་ཀྱི་ལམ་ནས་བོད་ཡུལ་ཐོག་མར་ཆགས་ཚུལ་དང་བོན་ཆོས་དར་རྒྱས་བྱུང་ཚུལ། བོད་ཀྱི་བཙན་པོའི་དུས་རབས་ངོ་སྤྲོད། བོད་ཡིག་བྱུང་ཚུལ། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་བྱུང་རབས་ལོ་རྒྱུས། བོད་ནང་རྒྱ་མིས་བཙན་འཛུལ་བྱེད་ཚུལ་སོགས་པར་རིགས་ནར་ལྕང་ (Panel) གྲངས་ ༢༧ ཙམ་ཡོད་པ་དེ་བརྒྱུད་ངོ་སྤྲོད་གནང་དང་གནང་མུས་ཡིན་པ་མ་ཟད། ཕྱི་ལོ་ ༢༠༠༨ ལོར་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་བྱུང་བའི་དངོས་བྱུང་གློག་བརྙན་སོགས་ཀྱང་མང་ཚོགས་ལ་བསྟན་དང་སྟོན་མུས་ཡིན་འདུག

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།