དགོངས་ཚུལ།

བཀའ་ཁྲི་མཆོག་གིས་བོད་པའི་སློབ་སྤྱི་རྣམས་དང་བགྲོ་གླེང་གནང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༩ཚེས་༦ཉིན། བཙན་བྱོལ་དབུལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་སུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༣ དང་ ༤ བཅས་ཉིན་གྲངས་གཉིས་རིང་ལྡི་ལི་དོན་གཅོད་ཁང་དུ་བཀའ་ཁྲི་མཁས་དབང་བློ་བཟང་སེང་གེ་མཆོག་གིས་བོད་མིའི་སློབ་གྲྭ་ཁག་གི་སློབ་སྤྱི་རྣམ་པ་དང་ལྷན་ནང་མོལ་ཚོགས་འདུ་ཞིག་སྐོང་ཚོགས་གནང་ཡོད་འདུག

ཚོགས་འདུའི་ཐོག་ཤེས་ཡོན་དང་འབྲེལ་བའི་གནད་དོན་རིམ་པ་འདྲ་མིན་གྱི་ཐོག་གྲོས་བསྡུར་གནང་སྐབས། མོན་གྷོ་གཏན་སློབ་ཀྱི་སློབ་སྤྱི་ཐབས་ལམ་སྒྲོལ་མ་ལགས་དང། ཀ་སྦུག་གཏན་སློབ་ཀྱི་སློབ་སྤྱི་སྐལ་བཟང་བྷོ་ཊི་ཡ་ལགས། རྡོར་གླིང་གཏན་སློབ་ཀྱི་སློབ་སྤྱི་བཀྲ་ཤིས་དོན་སྒྲུབ་ལགས། སྦེལ་ཀོབ་སི་ཝི་པི་བོད་མིའི་སློབ་གྲྭའི་སློབ་སྤྱི་བྱམས་པ་བསྟན་འཛིན་ལགས། གྷོ་པལ་པུར་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་ཕུན་ཚོགས་བཀྲ་ཤིས་ལགས། སེ་ལ་ཁུའི་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་འབྲུག་ཚེ་རིང་ལགས། སྦེལ་ཀོབ་བོད་ཁྱིམ་གྱི་སློབ་སྤྱི་དོན་སྒྲུབ་ཚེ་རིང་ལགས། མ་སུ་རི་བོད་ཁྱིམ་གྱི་སློབ་སྤྱི་འབྲུག་རྒྱལ་ཚེ་རིང་ལགས། སྤོན་ཊ་གཏན་སློབ་ཀྱི་སློབ་སྤྱི་མིག་དམར་ཚེ་རིང་ལགས། རྡ་སྟེང་བོད་ཁྱིམ་གྱི་སློབ་སྤྱི་བསོད་ནམས་སྒྲོལ་དཀར་ལགས་གཟུགས་གཞི་བདེ་མིན་ ལ་བརྟེན་ཁོ་མོའི་ཚབ་ཏུ་རྡ་སྟེང་བོད་ཁྱིམ་གྱི་དབུ་འཛིན་ཕུན་ཚོགས་རྣམ་རྒྱལ་ལགས་བཅས་མཉམ་ཞུགས་གནང་ཡོད་འདུག

ཚོགས་འདུ་གྲུབ་མཚམས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་སྤྱི་རྣམ་པར་ལྡི་ལིར་རྟེན་གཞི་བྱས་པའི་རེ་ཌི་སོན་གསོལ་མགྲོན་ཁང་དུ་མཇལ་ཁ་ཡང་བསྩལ་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
ད་ལན་བོད་རིགས་སློབ་སྤྱི་ཁག་ཚོགས་འདུ་ཚོགས་པའི་དམིགས་ཡུལ་གཅིག་ཤེས་རིག་བཀའ་བློན་གདམ་རྒྱུ་དེ་ཡིན་སྲིད་པ་རེད། སློབ་སྤྱི་རྙིང་པའམ་ལས་བྱེད་རྒན་གྲས་ནས་ཤེས་རིག་བཀའ་བློན་འོས་ཤོས་དང་ཆ་རྐྱེན་འཛོམས་ཤོས་མོན་གྷོ་གཏན་སློབ་ཀྱི་སློབ་སྤྱི་རྒན་ཐབས་ལམ་སྒྲོལ་མ་ལགས་རེད། མོ་ནི་ཤེས་ཡོན་ཡོད་པ་ཉམས་མྱོང་ལྡན་པ་རྒྱ་གར་དཔོན་རིགས་ཚོ་དང་འབྲེལ་བ་ཟབ་མོ་ཡོད་པ་ཤེས་ཡོན་ཐོག་རྒྱུས་ཆེ་ཤོས་རེད། ལོ་ན་བཞོན་པ་ནས་གདམ་པ་ཡིན་ན་སེ་ལ་ཁུའི་སློབ་སྤྱི་རྒན་འབྲུག་ཚེ་རིང་ལགས་ཡག་ཤོས་རེད། རྒན་ལགས་ནི་ཤེས་མྱོང་ཡོད་པ་མ་ཟད་རང་སྟོབས་ཀྱི་ཤེས་རབ་དམིགས་བསལ་ལྡན་པའི་གསར་བུ་ཞིག་རེད། རྡ་སའི་གཡས་གཡོན་གྱི་བོད་ཁྱིབ་སློབ་གྲྭ་ཁག་གི་སློབ་སྤྱི་ནས་གདམ་མི་སྲིད་པ་ཞིག་མིན་པའི་དེ་ནས་གདམ་ན་བོད་ཕྲུག་ཡོངས་རྫོགས་བོད་སྐད་མི་ཤེས་པ་བཟོ་རྒྱུ་ཐག་བཅད་ཆོག་པ་རེད།
ཚོགས་འདུ་དང་ཟབ་སྦྱོང་སྤྲོད་པ་གཅིག་པོས་ཕན་ཐོག་གི་མ་རེད་སློབ་སྦྱོང་ཡར་རྒྱས་གཏོང་བ་འདོད་ན་སྔོན་ལ་སློབ་གྲྭ་ཁག་ལ་ཕེབས་ཏེ་གཟིགས་ཞིབ་ཞིབ་ཚ་པོ་ཞིག་གནང་ནས་སློབ་ཕྲུག་གི་ཤེས་ཚད་གང་འདྲ་འདུག དགེ་རྒན་གྱི་གནས་ཚད་གང་འདྲ་འདུག ཐུར་ཤོར་ག་ནས་ཕྱིན་འདུག་ཡར་རྒྱས་གང་འདྲ་བྱས་ཏེ་གཏོང་དགོས་པ་འདུག་ཅེས་ལྟ་ན་ཡག་པོ་ཡོད་རེད་སྙམ།



བརྗོད་གཞི་གཞན་ཁག་ལ་གཟིགས།