ཆོས་བརྒྱུད་ཆེན་པོ་ལྔའི་ལྷན་ཚོགས་ཐེངས་བཅུ་གཅིག་པ་ཚོགས་འཆར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༩ཚེས་༤ཉིན། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བླ་ཆེན་ཁག་གི་ལྷན་ཚོགས་ཐེངས་བཅུ་གཅིག་པ་བཞུགས་སྒར་དུ་ཚོགས་གཏན་འཁེལ་ཡོད་འདུག

བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོད་བཅས་ཀྱི་བླ་སྤྲུལ་ལྷན་ཚོགས་ཐེངས་བཅུ་པ་དེ་༢༠༡༠ལོའི་ཕྱི་ཟླ་༣པའི་ཚེས་༧ཉིན་གྱི་ཞོགས་པར། རྒྱ་གར་བྱང་ཕྱོགས་ངྷ་རམ་ས་ལའི་སྤྱི་ནོར་༧གོང་ས་མཆོག་གི་བཞུགས་སྒར་ཕོ་བྲང་དུ་བོད་པ་སྐྱབས་བཅོལ་དུ་འབྱོར་ནས་མི་ལོ་༥༠ འཁོར་བའི་དུས་དྲན་སྲུང་བརྩིའི་ཉིན་དང་པོ་དང་སྟབས་བསྟུན་ཏེ་ཟབ་རྒྱས་ངང་འཚོགས་ཡོད་པ་དང༌། དེ་བཞིན་ཚོགས་ཐེངས་བཅུ་གཅིག་པ་དེ་ཡང་ཚོགས་གཏན་འཁེལ་ཚར་ཡོད་འདུག

དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བའི་ནང་དུ་གནས་ཚུལ་སྤེལ་བ་ལྟར་ན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཐོག་བོད་རྒྱལ་ལོ་ ༢༡༣༨ ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༢ ནས་ ༢༤ བར་ཉིན་གྲངས་གསུམ་རིང་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་དབུ་ཁྲིད་བླ་ཆེན་རྣམ་པས་དབུས་བླ་སྤྲུལ་མཁན་པོ་དང་སྐུ་ཚབ་འདུས་པའི་ལྷན་ཚོགས་ཐེངས་བཅུ་གཅིག་པ་རྡ་ས་སུ་རི་ཡ་གསོལ་མགྲོན་དུ་ཚོགས་གཏན་འཁེལ་འདུག

ལྷན་ཚོགས་ཐེངས་བཅུ་གཅིག་པའི་ཐོག་རྙིང་མའི་བླ་ཆེན་སྐུ་ཚབ་གཅིག་ལྕོགས་ཞེ་ཆེན་རབ་འབྱམས་པ་རིན་པོ་ཆེ་མཆོག་དང་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག སྟག་ལུང་མ་སྤྲུལ་རིན་པོ་ཆེ་མཆོག ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག དགའ་ལྡན་ཁྲི་པ་རི་རྫོང་རིན་པོ་ཆེ་མཆོག སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག མཚོ་སྣ་རིན་པོ་ཆེ་མཆོག དེ་བཞིན་རྒྱ་གར་ཧི་མ་ལ་ཡ་དང་། འབྲུག བལ་ཡུལ་སོགས་ཀྱི་གནད་ཡོད་སྐུ་ཚབ་བཅས་ཕེབས་རྒྱུ་ཡིན་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བསྡུ་སྒྲིག་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (5)
ཇོ་ནང་པའི་ཐོབ་ཐང་རྩོད་དེ་རྩ་དོན་ལ་ཕན་རྒྱུ་ཕར་བཞག་གནོད་ཀྱི་ཡོད་པ་དེ་ཤེས་པ་བྱེད་དགོས། ད་ལྟ་ཐོབ་ཐང་རྩོད་རྒྱུའི་དུས་ཚོད་མ་རེད། མགོ་བཞུག་ཡོངས་རྫོགས་ལ་རྐུབ་འཛུགས་ས་ཆ་ལག་མཐིལ་ཙམ་ཞིག་མེད་པ་མི་ཡུལ་དུ་སྐྱབས་བཅོལ་ཞུས་ནས་བསྡད་ཡོད་པ་དེ་ཤེས་དགོས། ད་ཡིན་ན་མང་གཙོ་རེད་བསམ་བྱས་ཕུགས་སུ་རང་ཉིད་སྒེར་དང་ལུང་ཚན་དང་ཕྱོགས་ཁག་གི་གནས་དོན་ཆུང་ཆུང་ཞིག་དམིགས་ཡུལ་ལ་བཟུང་ནས་ཁ་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཡིན་མདོག་མདོག་བྱས་ཏེ་གཞུང་དང་ལས་བྱེད་ལ་སྐྱོན་འཛུགས་བྱེད་པ་དེ་སྤྱིར་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ཅིག་ཡིན་ནའང་ད་ལྟའི་སྐབས་འོས་ཤིང་མཚམས་པ་ཞིག་མཐོང་གི་མི་འདུག མགོ་ནག་བོད་ལ་རང་དབང་རང་བཙན་འདྲ་ཐོབ་པ་བྱུང་ན་ག་རེ་རྩོད་རྒྱུ་ཡོད་ནའངས་རྩོད་དང་ཕྱི་དྲོ་གི་མ་རེད་སྙམ།
4 ༠༥༢༠༡༡༢༡༤༣
ཆོས་ལུགས་ཀྱི་རྙོག་དྲ་དེ་མཐོ་ས་ནས་བཟོ་བཞིན་ཡོད་རེད།
ཆོས་རྒྱུད་ཆེན་པོ་བཞི་དང་གཡུག་དྲུང་བོན་དང་ལྔ་ཞེས་པ་མ་གཏོགས། ཆོས་རྒྱུད་ཆེན་པོ་ལྔ་དང་གཡུག་དྲུང་བོན་དང་དྲུག་ཅེས་པ་ཞིག་ད་བར་གོ་མ་མྱོང་མི་རེ་གཉིས་ཀྱི་སྐྱབས་བཅོལ་སྤྱི་ཚོགས་ནང་རྙོག་གྲ་བཟོ་འདོད་པ་མི་འགྲོ་སྙམ། འདི་ཚོ་གྲས་ལ་གཟབ་གཟབ་བྱེད་དགོས་རྒྱ་དམར་གྱི་སོ་མྱུལ་ཡིན་ན་མི་ཤེས།
2 ༠༥༢༠༡༡༡༥༣༠
དྲང་མོ་བཤད་ན་ཇོ་ནང་བ་གདན་འདྲེན་བྱེད་རིགས་ཤིང་འཐད་པ་ཞིག བཀའ་བརྒྱུད་པ་ལ་མཚོན་ན་ནང་ཚན་ཁག་གིས་བློ་མ་དག་ཡང་གདན་དྲེན་བྱས་འདུག་ན་ཇོ་ནང་བ་གདན་འདྲེན་བྱས་པ་དེ་ཡང་ནོར་འཁྲུལ་རེད་སྙམས། ཇོ་ནང་བྶ་སྙན་ཞུ་བྱས་ནས་ལོ་བཅུ་ཡར་ནང་འགོར་ཡོད་ནི་རེད་ཟེར་འདུག གཞིས་བཞུགས་བོད་དུ་ཇོ་ནང་བ་ཆོས་རྒྱུད་ཆེན་པོའི་ནང་དུ་ཚུད་ཡོད་ནི་རེད། ད་བྱེས་བཞུགས་བོད་གཞུང་གིས་གཅིག་མཚུང་མ་གནང་ན་ཉོག་དྲ་འབུད་གི་རེད་སྙམས།
1 ༠༥༢༠༡༡༡༥༢༡
དྲ་གྲོགས་ཚོ་ད་དུང་ཆོས་བརྒྱུད་ཆེན་པོ་ལྔ་དང་གཡུང་དྲུང་བོན་དང་དྲུག་མི་ཟེར་བར། ཇོ་ནང་བ་ཕྱིར་ཕུད་བྱས་འདུག་པ་འགྲིག་གམ།



བརྗོད་གཞི་གཞན་ཁག་ལ་གཟིགས།