དགོངས་ཚུལ།

ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་དགོངས་པ་རྫོགས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༩ཚེས་༡ཉིན། བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་སུ་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་ཕྱི་ཟླ་༨པའི་ཚེས་༣༡ཉིན་གྱི་དགོང་དྲོའི་ཆུ་ཚོད་༨པ་ཙམ་ལ་རྒྱ་གར་གྱི་རྒྱལ་ས་ལྡིའི་སྨན་ཁང་ཞིག་ཏུ། བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་དགོངས་པ་རྫོགས་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོན་འདུག

བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་བར་ལམ་སྙུན་གཞི་བཞེས་ཏེ་སྨན་བཅོས་རིམ་འགྲོ་ཅི་ཡོངས་ཞུས་ཀྱང་དྲག་སྐྱེད་མ་བྱུང་བར་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༣༡ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༨ ཙམ་ལ་རྒྱལ་ས་ལྡི་ལིའི་སྨན་ཁང་ཞིག་ཏུ་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བརྟེན། ཕྱི་ཟླ་ ༩ ཚེས་ ༡ ཉིན་རྒྱབ་ཆུ་ཚོད་ ༢ ནས་ལས་བྱེད་གསོལ་ཚང་ཡང་སྟེང་ཚོགས་ཁང་དུ་སྲི་ཞུའི་ལས་བྱེད་རྣམས་ཚང་འཛོམས་ཐོག་ཆུ་ཚོད་གཅིག་རིང་སྨོན་ལམ་གསུང་འདོན་གནང་ཡོད། དེ་ཡང་ཐོག་མར་བཀའ་དྲུང་མི་འགྱུར་རྡོ་རྗེ་ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་དམ་པ་དེའི་ལོ་རྒྱུས་མདོར་བསྡུས་ཤིག་ངོ་སྤྲོད་གནང་སྟེ་ལས་བྱེད་ཡོངས་ནས་དམ་པ་དེ་ཉིད་ཀྱི་ཆེད་མྱ་ངན་ངག་བཅད་སྐར་མ་གཅིག་རིང་གནང་ཡོད། ཉིན་དེའི་ཆུ་ཚོད་ ༣ ནས་དམ་པ་ཁོང་ལ་མྱ་ངན་གུས་འདུད་མཚོན་ཆེད་དབུས་ཀྱི་ལས་ཁུངས་ཁག་སྒོ་བརྒྱབ་ཡོད།

དེ་ཡང་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གི་ལོ་རྒྱུས་སྙིང་བསྡུས་ནི། ཁོང་བོད་མདོ་སྟོད་འབྲི་ཆུ་ཤར་བརྒྱུད་སྡེ་དགེའི་ཁོངས་རྨེ་ཤོད་དུ་སྡེ་དགེ་ཚང་གི་མདུན་འཁོར་འཇུ་ཆེན་ཚང་དུ་ཕྱི་ལོ་ ༡༩༢༩ ལོར་འཁྲུངས་པ་དང༌། ཆུང་དུས་ནས་དགེ་བའི་བཤེས་གཉེན་བསྟེན་གཏུགས་ཀྱིས་བོད་ཡིག་འབྲི་དག་གི་རིག་གནས་དང་ཆོས་ཕྱོགས་ཀྱི་སློབ་གཉེར་གནང༌། ཕྱི་ལོ་ ༡༩༥༥ བོད་ཟླ་ ༡༡ ནང་རྒྱ་དམར་ནས་ཁམས་ཁུལ་དུ་དམངས་གཙོ་བཅོས་བསྒྱུར་ཞེས་མིང་དོན་དངོས་འགལ་གྱི་ལས་འགུལ་དང་པོ་སྤེལ་བར་བརྟེན། སྡེ་དགེ་ཚང་གི་གཞུང་སར་དགྲ་བོས་བསམ་སྦྱོར་བརྣག་པའི་བྱ་ངན་དངོས་ལག་བསྟར་བྱེད་བཞིན་པར་སོང༌།

རིང་མིན་སྡེ་དགེ་ཁུལ་མང་ཚོགས་ནས་ངོ་རྒོལ་འཐབ་འཛིང་བྱེད་རྒྱུ་ངེས་པ་དང༌། བོད་གཞུང་ས་ནས་རྒྱ་ཆེའི་མང་ཚོགས་ཀྱི་སྒེར་ལངས་དོན་ལྡན་དུ་གྱུར་སླད་མཚོན་ཆ་དང༌། དམག་གི་གྲ་སྒྲིག་འཕྲལ་མྱུར་ཡོང་ཐབས་ཞུས་པ་དང༌། དེ་བཞིན་གཞུང་གི་ཆབ་སྲིད་ཀྱི་སྲིད་བྱུས་མཛད་ཕྱོགས་ཇི་ཡིན་དྲི་ཞུས་དང་འབྲེལ་བྱེད་སྒོའི་སློབ་སྟོན་ཞུ་བ་དང་ཆུ་སྒང་གི་སྒེར་སྐོར་གནས་ཚུལ་ཤེས་རྟོགས་བཅས་ཀྱི་སླད་སྔ་ཕྱི་ལན་གྲངས་ལྔ་ཙམ་ལྷ་སར་སྐུ་ཚབ་ཏུ་མངགས་པ་ལྟར་ལྷ་སར་ཕེབས་ཡོད།

ཕྱི་ལོ་ ༡༩༥༩ ལོའི་ལྷ་སའི་ཟིང་ཆ་བྱུང་སྐབས་ནོར་གླིང་ཕོ་བྲང་དུ་མི་མང་དང་བླངས་དམག་ཁོངས་ཕེབས་ཏེ་སྡེ་དགེ་ཤོག་གི་མི་གྲངས་ ༢༠༠ སྐོར་ཡོད་འགོ་འཁྲིད་གནང་བ་དང༌། ྋགོང་ས་མཆོག་ནོར་གླིང་ནས་ཆིབས་སྒྱུར་བསྐྱངས་པའི་ཕྱི་ཉིན་དེར་ནོར་གླིང་དམག་སྤྱི་ཁང་གི་བཀའ་བཀོད་ལྟར་རྒྱ་དམར་ནས་ཕེབས་ལམ་རྗེས་འདེད་ཡོང་ཉེན་བཀག་ཆེད་གཏོང་གནང་ལྟར་ར་མ་གྲུ་ཁར་རྒྱ་དམག་སྔོན་འབྱོར་ཟིན་པར་འཁྲུག་འཛིང་དང༌། དེ་ནས་ཆུ་ཤུལ། ཡར་འབྲོག་མཚོ་ཁ། གཉན་སྦྱོར་ར། ཁ་བཏགས་དགོན་སོགས་ལ་རྒྱ་དམག་དང་འཐབ་འཛིངས་ལན་མང་གནང་མཐར་རྨ་སྒོ་བརྒྱུད་རྒྱ་གར་ནང་ཕེབས་བྱོལ་ཐུབ་ནས་མའི་ས་མ་རི་དང་ཀ་སྦུག་ཏུ་བཞུགས།

ཕྱི་ལོ་ ༡༩༦༠ ལོར་མའེ་སོར་གཞིས་ཆགས་སུ་ཕེབས་བསྐྱོད་ཀྱི་བཅུ་དཔོན་དང་མི་མང་འཐུས་མི་གནང༌། ཕྱི་ལོ་ ༡༩༦༣ ལོར་ནས་རྡོར་གླིང་ཁུལ་དུ་བཞུགས། ཕྱི་ལོ་ ༡༩༦༥ ལོར་མའི་སོར་དུ་ཕྱིར་ཕེབས་ཀྱིས་སྡོད་སྒར་གཉིས་པའི་སྤྱི་མི་ལོ་བརྒྱད་དང་མཉམ་འབྲེལ་ཚོགས་མི་ལོ་དགུ་གནང༌། ཕྱི་ལོ་ ༡༩༧༢ ལོར་རང་བཙན་ལས་འགུལ་ཚོགས་ཆུང་གི་ཚོགས་གཙོ་དང་ལོ་དེའི་ཕྱི་ཟླ་ ༡༢ ཚེས་ ༢༥ ནས་ཕྱི་ལོ་ ༡༩༧༦ ཟླ་ ༥ ཚེས་ ༥ བར་སྐབས་ལྔ་པའི་མདོ་སྟོད་སྤྱི་འཐུས་དང་སྤྱི་འཐུས་ཚོགས་གཙོའི་མཛད་འགན་ཡང་བཞེས། ཕྱི་ལོ་ ༡༩༧༦ ལོར་དྲིལ་བསྒྲགས་བཀའ་བློན་བཀའ་བློན་དུ་བསྐོ་གཞག་སྩལ་ཕེབས་ལྟར་མཛད་འཁུར་དམ་འབུལ་གནང༌།

དེ་རྗེས་རྒྱུན་བཞུགས་བཀའ་བློན་གྱི་འགན་འཁུར་བཞེས། ཕྱི་ལོ་ ༡༩༧༩ ལོར་རྒྱ་ནག་བརྒྱུད་བོད་ནང་ལྟ་སྐོར་སྐུ་ཚབ་ཐེངས་དང་པོའི་ཚོགས་གཙོར་ཕེབས། སླར་ཡང་ཕྱི་ལོ་ ༡༩༨༢ ལོར་རྒྱ་ནག་ཏུ་སྐུ་ཚབ་མི་གསུམ་བསྐོ་གཏོང་གནང་བའི་གཙོ་བོར་ཕེབས། དེ་རྗེས་ཤེས་རིག་དང༌། ཆོས་རིག ནང་སྲིད་སོགས་ཀྱི་བཀའ་བློན་དེ་བཞིན་བཀའ་བློན་ཁྲི་པ་སོགས་སུ་བསྐོ་གཞག་སྩལ་ཕེབས་ལྟར་བཀའ་བློན་གྱི་མཛད་ཁུར་ཁོ་ན་ལོ་ངོ་ ༡༥ བཞེས་མྱོང་ཡོད་ལ་དེ་མིན་རྩ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་གི་འགན་འཛིན་དང༌། དམིགས་བསལ་ཞིབ་འཇུག་ཚོགས་ཆུང་གི་ཚོགས་གཙོ་བཅས་ཀྱིས་གཙོ་འགན་བཞེས་ཏེ་སྲི་ཞུ་བའི་ཕྱག་ལས་སྣེ་མང་གནང་མྱོང་ཡོད་པའི་ཉམས་མྱོང་ཕུན་གསུམ་ཚོགས་པའི་གལ་ཆེའི་མི་སྣ་ཞིག་ཡིན་པ་རེད།

བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་ལས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (7)
7 ༠༨༢༠༡༡༡༤༢༢
འཇུ་ཆེན་ཚང་གི་ཕ་རྒན་ཐུབ་བསྟན་ཤི་ནས་ཉིན་ཁ་ཤས་སོང་ཡོད་པ་ཐོས། དྲ་ངོས་འདིའི་དཔྱད་གཏམ་རྣམས་ལ་ལྟས་ན། ཁོ་པ་ཆེས་བྱས་རྗེས་ཅན་དང་ཆེས་གཟི་བརྗིད་ལྡན་པ་ཞིག་ཡིན་པ་དང་། གཞན་དག་གིས་དེ་ལྟར་མིན་པའི་བསམ་ཚུལ་ཅི་རིགས་ཤིག་འདུག་མོད། ངས་གོ་ཚོད་དང་མཐོང་ཚོད་ལ་ལྟས་ན། ཁོ་ནི་རང་ཉིད་ཀྱི་ཆེད་དུ་གཞན་མི་བཀོལ་སྤྱོད་ལ་ཤིན་ཏུ་མཁས་པའི་བཀོལ་སྤྱོད་མཁས་ཅན་དང་། རང་ཉིད་ཀྱི་ཆེད་དུ་ལས་དོན་སྒྲུབ་པའི་མིའི་ཞེན་ཆ་བཙལ་ནས་མི་དེ་འཇིག་རྟེན་འདིར་ནག་པོ་ནག་རྐྱང་ཞིག་བཟོ་ལ་བག་མི་ཚ་མཁན་ཞིག་རེད། སྔར་ཁམས་པའི་མི་རྒན་རྣམས་ཤ་ཚ་སྙིང་རྗེ། འཇུ་ཆེན་ཚང་གི་ཕ་རྒན་གྱིས་གཡོ་འོག་ཏུ་ཚོད་ནས། རང་གིས་མི་ཚེ་གཅིག་ལ་བློས་བཏང་བྱས་པའི་བྱས་རྗེས་རྣམས་ཆུ་ནང་རྩམ་པ་གཏོར་བ་བཞིན་བྱས་སོང་། འཇུ་ཆེན་ཚང་གི་ཕ་རྒན་ནི་ཡོ་བའི་རྒྱབ་ཏུ་གབ་པའི་ཐག་པ་འཐེན་མཁན་བཞིན་རེད། ཁོ་པའི་ཐག་པ་འཐེན་སྟངས་འོག་ནས་མདོ་ཁམས་པའི་བླ་སྲོག་ཆད་སོང་ལ། ཁོ་པའི་ཐག་འཐེན་སྟངས་འོག་མདོ་ཁམས་པའི་མཐུན་སྒྲིལ་གཏོར་སོང་། ད་དུང་དེས་ག་ཚད། ཁྱོད་སོམས་དང་དྲན་ཡུལ་དུ་ཆེས་མང་ངོ། །
6 ༠༨༢༠༡༡༡༡༤༠
སྐུ་ངོ་བཀའ་ཟུར་མཆོག་ ཡོན་ཏན་གྱིས་དབུལ་ཀྱང་ཉམས་མྱོང་ཆེ་བའི་མི་སྣ་ཞིག་དང་། སྲིད་ཕྱོགས་ནས་བཤད་ན་འཇོན་ཐང་ཅན་གྱི་མི་སྣ་ཞིག་ཡིན་བརྟེན། སྐུ་ཚེ་ཡོངས་རྫོགས་དགྲ་འདུལ་མཉེན་སྐྱོང་ཁོ་ནས་དུས་འདའ་ཡོད་པ་རེད། ཆོས་ཕྱོགས་ནས་བལྟས་ན་མི་རྗེ་མཆོག་གི་སྐུ་ཚེ་ཧྲིལ་པོ་དེ་་་ཆབ་སྲིད་ཀྱི་མི་སྣ་སྤྱི་མཚུངས་ལྟར་མི་རིགས་དང་མི་རིགས་ཀྱི་བར་་ཆོས་ལུགས་དང་ཆོས་ལུགས་ཀྱི་བར། ཆབ་སྲིད་དང་ཁེ་ཕན་གྱི་ཆེད་དུ། དུག་གསུམ་གྱིས་ཀུན་ནས་སློང་བའི་མི་དགེ་བཅུ་དང མཚམས་མེད་ལྔ་སོགས་་་་རྒྱལ་ཁབ་དང་མི་སྣ་སུ་ཞིག་ལ་ཡང་བགོ་རྒྱུ་མེད་པའི་་་ཚེ་འཇུག་དེར་་ངན་གྱི་ཁུར་པོ་ལྗི་མོ་ཞིག་དང་མཉམ་དུ་ཕྱི་མའི་ལྔ་ལམ་དུ་གཤེགས་དགོས་ཁེལ་སྟབས་་་སྐུ་ངོ་མཆོག་ལ་་་ལས་ངན་རྣམ་སྨིན་གྱི་ཕུང་པོ་དེས་བར་དོ་ན་ཡ་ང་བའི་འཇིགས་སྐྲག་དུ་མ་ཞིག་ཡོད་པ་སྨོས་མེད་ཡིན་བརྟེན། དམ་པ་དེ་ཉིད་ཀྱིས་ཚེ་རབས་ཐོག་མེད་ཀྱི་བྱས་བསགས་རྣམས་་མྱུར་དུ་བྱང་ནས་་་རྣམ་མཁྱེན་རྒྱལ་བའི་གོ་འཕང་བདེ་བླག་ཏུ་ཐོབ་པའི་བསྔོ་སྨོན་མཐུན་འགྱུར་བོད་རིགས་སྤུན་ཟླ་ཡོངས་ནས་མཛད་རོགས་ཞུ་ཞུ།། །།
ཁྱེད་ནི་འཇིག་རྟེན་བོད་མིའི་སྨོན་པའི་ཡུལ། ཁྱེད་ནི་གངས་ཅན་མུན་ཁྲག་འདaེས་པའི་དུས། ཁྱེད་ནི་དཀར་གསལ་ཟླ་བའི་འོ་མཚོར་འགྲན། ཁྱེད་ནི་ནམ་ཡང་བོད་མིའི་སེམས་སུ་གནས།། །འདིར་སྣང་འཇིགག་རྟེན་བཀོད་པ་བསྡུ་བའི་དུས། ཁྱེད་ལ་ཞེན་པའི་བོད་མིའི་སེམས་ཁམས་སུ། ཡལ་ཡོལ་བདེ་བའི་སྣང་བ་ཐེངས་གཅིག་ནུབ། ཁྱེད་ཀྱི་རླབས་ཆེན་མཛད་པའི་འཕྲིན་ལས་རྣམས། ནམ་ཡང་ནུབ་པ་མི་སྲིད་སྲིད་འདིར་གནས།། ། ཀྱེ་ཧུད། འཇིག་རྟེན་འདི་ལ་ཡ་ང་སྤུ་ཙམ་མེད། འཇིག་རྟེན་འདི་ཡིས་བཟང་ངན་ཅི་མི་ཤེས། འཇིག་རྟེན་སྐྱབས་པའི་སྐཡེས་བུ་འདི་འདྲ་བ། འཇིག་རྟེན་ཕ་རོལ་ཇི་ལྟར་བཏང་བ་ལགས།། ནུབ་ཕྱོགས་ནས་ཕུལ།
དཔལ་ལྡན་མི་རྗེ་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་མཆོག་སྐུ་གཤེགས་པར་ཡིད་སྐྱོ་བའི་རྗེས་དྲན་མྱ་ངན་དང་། དམ་པ་དེ་ཉིད་ཚེ་རབས་ཕྲེང་བར་བྱས་བསགས་སྡིག་ལྟུང་རྣམས་དག་ནས་དལ་རྟེན་རིམ་བརྒྱུད་བླ་མེད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པའི་སྨོན་མདུན་བཅས། སྐུ་ངོ་དམ་པ་ཁོང་ནི་སྐུ་ཚེ་གང་བོར་བོད་བསྟན་པ་ཆབ་སྲིད་ཀྱིས་ཆེད་དུ་སྐུ་ཚེ་རྫོགས་པ་དང་བོད་མི་རིགས་ཀྱི་ལོ་རྒྱུས་ནང་བྱས་རྗེས་དང་གཟི་བརྗིད་ལྡན་པའི་ སྲི་ཞུ་བའི་ཕྱག་ལས་སྣེ་མང་གནང་མྱོང་ཡོད་པའི་གལ་ཆེའི་མི་སྣ་ཞིག་ཀྱང་རེད། རྗེས་ལུས་ནང་མི་རྣམས་ལ་ཐུགས་གསོའི་མཚམས་འདྲི་ཡང་ཡང་ཞུ།
ད་ཡིན་ན་ཚར་སོང་བ།༸གོང་ས་སྐྱཔས་མགོན་ཆེན་བོ་མཆོག་གི་རྟ་ཕོ་ཆེན་རྒྱུགས་ཀྱི་བང་ཡ་ཆག སྟག་དམར་ཡག་འགྱིང་གི་མཆེ་སྡེར་གོག
རྒོད་ཐང་དཀར་གདིང་གི་ངཤོགས་རྕེ་ཆད། འོན་ཀྱང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཚོར་སྣང་ཡོད་མེད་མི་ཤེས་ཀྱང་།
བསྟན་དགྲ་རྒྱ་དམར་དང་ངན་འབྲེལ་ཡོད་མཁན་དག་དང་དཀོག་ཟ་རུས་སུངས་ཀྱི་ངན་པ་ལག་སྦྲེལ་གྱིས་མི་མང་མགོ་བོ་འཐོམསསུ་འཇུགས་མཁན་དེ་ཚོའིདཀག་རྡོ་མེད་པ་ཆགས་པ་རེད།
ཀྱེ་མ་ཀྱི་ཧུ། ཤེས་རབ་སྟག་གི་གསུང་པ་ལྟར་བཙན་བྱོལ་བོད་མིའི་བློ་རྒྱ་འགྱེལ། མ་འོབས་བོད་ཀྱི་རྩ་དོན་འཆུར། དངོས གནས་རེད་མི་ཤི་ཁྱི་ལུས་ཟེར་བ་ལྟར་རེད།
དགྲ་ལྷ་ལགས་ཀྱི་གསུང་པ་དེ་བས་བདེན།
དེ་མིན་རྗེས་སུ་ཞུ་ཆོག
བོད་དོན་བག་ཡོད།།
2 ༠༡༢༠༡༡༢༡༠༨
བོད་མིའི་བླ་སྲོག་ཆག་སོང་། ཁམས་པའི་དཔའ་རྒོད་ཕེབས་སོང་། བཙན་བྱོལ་གྱི་ཀ་ཆེན་འགྱེལ་སོང་། ཀྱེ་མ་ཀྱི་ཧུད། མི་ཤི་ཁྱི་ལུས།
སྐུ་ངོ་འཇུ་ཆེན་ལགས་ནི་བོད་རྒྱལ་ཁབ་དང་མི་རིགས་ལ་བྱས་རྗེས་ཆེན་པོ་འཇོག་གནང་བའི་གལ་ཆེ་མི་སྣ་ཞིག་ཡིན་པ་མ་ཟད། ཁོང་ལ་དམིགས་བསལ་གྱི་རྣམ་དཔྱོད་ཅིག་ཡོད་པ་དེ་ལ་སུ་གང་གིས་འགྲན་ཐུབ་མཁན་མེད། ཁོང་གི་རྒྱབ་ཏུ་བཟང་ངན་འདྲ་མིན་བཤད་མཁན་ཡོད་ཀྱང་ཁོང་གི་མདུན་དུ་སླེབས་ན་ཞི་མི་འཁྲིས་ལ་ཙི་ཙི་སླེབས་པ་བཞིན་གྱུར་ནས་སྐད་ཆ་ཙམ་ཡང་ཤོད་མི་ཐུབ་པ་ཆགས་འགྲོ་བའི་གནས་ཚུལ་ཡོད་པ་རེད། སྐུ་ངོ་ལགས་སྐུ་ཚེ་མ་ཟིན་པར་བློ་ཕམ་དང་མཆོག་གསུམ་ལ་བསྔོ་སྨོན་ཞུ་རྒྱུ་མ་ཟད་རྗེས་བཞུགས་ནང་མི་རྣམས་ལ་སེམས་གསོ་དང་སྡུག་སེམས་མཉམ་སྤྱོད་ཞུ་རྒྱུ་ཡིན།



བརྗོད་གཞི་གཞན་ཁག་ལ་གཟིགས།