དགོངས་ཚུལ།

སྐབས་རྗེས་མའི་བོད་གཞུང་བཀའ་བློན་ཁྲི་པའི་འོས་མི།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༤འི་ཚེས༤ཉིན་དྷ་རམ་ཤ་ལ་ནས་སྤེལ། བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ནི་རྒྱལ་ཁབ་གཞན་དང་མི་འདྲ་བ་ཡིན་ལ། དེ་ཡང་ཆབ་སྲིད་ཚོགས་པ་མང་པོ་མེད་པའི་གྲོས་ཚོགས་ལམ་ལུགས་ཞིག་ཡིན། བཀའ་བློན་ཁྲི་པའི་ལས་དུས་རྫོགས་ལ་ཉེ་བ་དང༌།  སྤྱིར་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་བོད་མི་ཕལ་མོ་ཆེས་སྐབས་དུས་མང་པོར་འབྱུང་འགྱུར་གྱི་བཀའ་ཁྲི་སྐོར་གྲོས་སྡུར་བྱས་དང་བྱེད་བཞིན་ཡོད་ནའང་འོས་མི་འཚམས་པོ་ཞིག་ད་དུང་ཡང་བརྙེད་སོན་བྱུང་མེད་པ་རེད། བཀའ་ཁྲི་གསར་འདེམས་ཀྱི་འོས་བསྡུའི་ལམ་ལུགས་གསར་གཏོད་གནང་བ་ནས་བཟུང་༢༠༠༡ལོ་ནས་བཀའ་བློན་ཁྲི་པ་དེ་ཉིད་མི་མང་ནས་ཐད་ཀར་འོས་འདེམས་བྱེད་ཀྱི་ཡོད། ཁེ་ཎ་ཌར་གནས་སྡོད་བློམབཟང་ཕུན་ཚོགས་ལགས་ཀྱིས་འདི་གའི་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་གནས་སུ་རང་ཉིད་ཀྱི་འདོད་མོས་ཡོད་པ་དང་གནད་དོན་གང་ཅིའི་ཐད་ནས་ཀྱང་བོད་ཀྱི་དཀའ་རྙོག་སེལ་རྒྱུ་བཅས་ལ་དམིགས་ནས་བཀའ་བློན་ཁྲི་པའི་འོས་མི་༡༠འདི་གར་གནང་སོན་བྱུང༌། ༢༠༠༨ལོ་ནས་བཀའ་བློན་ཁྲི་པའི་འོས་མི་དང་འབྱུང་འགྱུར་གྱི་བཀའ་ཁྲིའི་འོས་མི་ཚད་ལྡན་ཞིག་ཡོང་ཐབས་སུ་སྒེར་གཉེར་དྲ་རྒྱ་ཞིག་གསརམའཛུགས་ཞུས་ཡོད་ནའང་ད་བར་དེའི་ཐོག་འོས་མི་འདོན་མཁན་སུ་ཞིག་ཀྱང་བྱུང་མེད་པ་རེད། བོད་དོན་བདེན་མཐའ་སེལ་ཐབས་སུ་བློ་བཟང་ཕུན་ཚོགས་ལགས་ཀྱིས་སྐབས་རྗེས་མའི་བཀའ་བློན་ཁྲི་པ་ནི་དམིགས་བསལ་གྱི་གལ་འགངས་ཆེན་པོ་གཟིགས་ཀྱི་ཡོད་ལུགས་འགྲེལ་བརྗོད་གནང་ཡོད་པ་རེད། ཁོང་གིས། ངས་བསམས་པར་སྐབས་རྗེས་མའི་བཀའ་བློན་ཁྲི་པའི་འོས་མིར་བོད་ཀྱི་གཞོན་ལྷན་ཚོགས་ཀྱི་ཚོགས་མི་མིན་པ་ཞིག་དང༌། ༡༩༥༠ལོའི་རྗེས་ནས་སྐྱེས་པ། དབུ་མའི་ལམ་དུ་ཤར་བསྐྱོད་ཞུ་ཐུབ་མཁན་ཞིག་སླེབས་རྒྱུར་གལ་འགངས་ཆེན་པོ་མཐོང་གི་འདུག་ཅེས་འགྲེལ་བརྗོད་གནང་སོང༌། 

དེ་ཡང་བློ་བཟང་ཕུན་ཚོགས་ཀྱིས་འཚམས་ཤོས་སུ་མཐོང་བའི་བཀའ་བློན་ཁྲི་པའི་འོས་མི་༡༠གཤམ་གསལ་ལྟར་ཡིན།

བློ་བཟང་སེངྒེ། ཨ་རི།

རྣམ་རྒྱལ་ཚེ་རིང༌། ཨོ་སི་ཊོ་ལི་ཡ།

འཇམ་དབྱངས་རྡོ་རྗེ། རྒྱ་གར།

ངག་དབང་རྡོ་རྗེ། རྒྱ་གར།

ཐུབ་བསྟན་བསམ་གྲུབ།

ཚེ་རྒྱམ། རྒྱ་གར།

བསྟན་འཛིན་ཆོས་ལྡན། བྱང་ཨ་རི།

བུ་ཆུང་ཚེ་རིང༌། ཨ་རི།

བློ་བཟང་སྙན་གྲགས། ཨ་རི།

༡༠ དཀོན་མཆོག་བརྩོན་འགྲུས། རྒྱ་གར།

འདས་པའི་ལོ་ངོ་༥༠རིན་བཙན་བྱོལ་བོད་མིའི་མང་གཙོ་ནི་འཕེལ་རིམ་ཡར་རྒྱས་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་ཆོག་ལ། དེ་་དང་ཆབས་ཅིག་བོད་མིའི་སྤྱི་ཚོགས་སུ་མང་གཙོའི་གོ་རྟོགས་ཇེ་ཟབ་དང་མང་གཙོའི་ལས་འགུལ་ཁག་འཛུལ་ཞུགས་གནང་མཁན་གྱི་འཕེལ་རིམ་སོགས་གང་སྤྱིའི་ཐད་ལ་ཡར་རྒྱས་ཀྱི་རྣམ་པ་ཤུགས་ཆེ་ཐོན་ཡོད་པ། དེའི་ཁུངས་སུ་འོས་བསྡུའི་ནང་དུ་ཆ་ཤས་ལེན་མཁན་གྱི་གྲངས་འབོར་འཕར་བ་དང༌། བོད་གཞུང་དང་གཞུང་འབྲོལ་མེན་པའི་ཚོགས་པ་ཁག་གིས་ཟབ་སྦྱོང་གོ་སྒྲིག་ཞུས་པ་སོགས་ལས་དགེ་ཕན་ཆེན་པོ་བྱུང་བ་ཚུད་ཡོད།

རྒྱ་དམར་གཞུང་གིས་དུས་རྟག་ཏུ་བཙན་བྱོལ་བོད་གཞུང་གིས་ད་དུང་ཆོས་སྲིད་ཟུང་འབྲེལ་བཀས་བཀོད་རྒྱུན་འཛིན་ལམ་ལུགས་འོག་དབང་བསྒྱུྱུར་བྱེད་བཞིན་ཡོད་པར་བརྟེན་བོད་མི་ཚོར་ཞིང་བྲན་ལམ་ལུགས་མུ་མཐུད་ལག་བསྟར་རྒྱུན་སྐྱོང་བྱ་རྒྱུ་ཡིན་སྐོར་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་རེད༌། སྐྱོན་འཛུགས་དེ་འདྲ་བ་དེ་དོན་དངོས་དང་མཐུན་རུང་མ་མཐུན་རུང་གང་ལྟར་རྒྱ་ཕྱོགས་ནས་རྒྱ་སྤྱིའི་ནང་དྲིལ་བསྒྲགས་ཤུགས་ཆེ་བྱས་ཡོད་པ་རེད། འོན་ཀྱང་ཡོ་རོབ་རྒྱལ་ཁབ་ཁག་དང་ཨ་རི།་ ནེའུ་ཛེར་ལན་ཌི། ཉི་ཧོང། དེ་བཞིན་རྒྱ་གར་སོགས་ཀྱིས་བོད་ཀྱི་གནས་དོན་དང་བོད་མི་ཚོའེ་རང་ཐག་རང་གཅོད་ཀྱི་མང་གཙོའི་འདུན་པ་བཅས་ལ་གོ་རྟོགས་གསལ་པོ་ཡོད་ལ། དེར་བརྟེན་ད་དུང་དཔྱད་ཞིབ་དང་དོ་ཁུར་བྱེད་མུད་ཡིད་པ་རེད༌།

མ་འོངས་བོད་ཀྱི་གནས་དོན་སེལ་རྒྱུར་ཤེས་འཇོན་ནུས་པ་འདོན་ཐུབ་མཁན་གྱི་བཀའ་བློན་ཁྲི་པའི་འོས་གཞི་འོས་འཚམས་ལྡན་པ་ཞིག་ཡོང་ཐུབ་མིན་ནི་ད་ལྟའི་ཆར་བོད་མིའི་སྤྱི་ཚོགས་སུ་དྲི་བ་གལ་འགངས་ཆེ་བ་རང་བཞིན་གྱིས་ཆགས་ཡོད་པ་རེད། སྐབས་གཉིས་པའི་བཀའ་ཁྲི་དེ་ནི་བོད་ནང་མུ་མཐུད་ཛ་དྲག་གེིས་གནས་སུ་འགྱུར་བཞིན་པའི་སྐབས་ལ་ཁེལ་བའི་ཐུགས་འགན་གང་ལས་ལྕི་པ་བཞེས་དགོས་ཀྱི་ཡོད་པ་མ་ཟད། ལས་དུས་སྐབས་དེ་དག་གི་རིང་༧གོང་ས་མཆོག་ཀྱང་དགུང་ལོ་༨༠ནང་ཕེབས་ཀྱི་ཡོད་པ་སོགས་ཀྱི་ཧ་ཅང་གི་གལ་གནད་ཅན་ཞིག་ཏུ་ངོས་འཛིན་ཞུ་འོས་པ་ཞིག་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (6)
༄༅། །བཀའ་བློན་ཁྲི་པ་བྱ་འདོད་ན་དྲི་བ་འདིར་ལན་ཞིག་དགོས།

ང་རང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་གི་མང་གཙོ་ལམ་ལུགས་ལ་དབྱེ་བ་ཁ་གསུམ་ཕྱེ་ནས་བསམ་ཚུལ་ཞིག་ཞུ་པ་ཡིན་ན། དང་པོ་ཆོས་ལུགས་རྨོངས་དད་རིང་ལུགས་པའི་མང་གཙོ་ལུགས་སྲོལ་དང་གཅིག གཉིས་པ་དཔལ་འབྱོར་སླུ་ཁྲིད་རིང་པའི་མང་གཙོ་ལུགས་སྲོལ་དང་གཉིས།
གསུམ་པ་ཕ་ཡུལ་གཅིག་པའི་ཕྱོགས་རུག་རིང་ལུགས་པའི་མང་གཙོ་ལུགས་སྲོལ་དང་གསུམ་བཅས་ཀྱིས་ཐོག་ནས་ད་ལྟ་བར་དུ་བེད་སྤྱོད་བྱས་པ་རེད། དེ་འདྲ་ཡིན་དུས་བླ་མ་དང་རིན་པོ་ཆེན་རྣམས་ནི་རྨོངས་དད་རིང་ལུགས་པའི་བློ་གཏད་བཅོལ་ས་
ཞིག་དང་ཁང་པ་ཐོག་རྩེག་ཅན་གྱི་བོད་མི་འབྱོར་ལྡན་པ་ཁག་ནི་ང་རང་ཚོ་བཙན་བྱོལ་བ་རྣམས་ཀྱི་ཁ་རྒྱུན་ལ་ཡོད་པ་བཞིན་མི་དེར་ཡིད་ཆེས་བྱ་ན་འགྲིག་གི་རེད་ད་མི་དེ་ལ་ཁང་པ་ཐོག་རྩེག་ཅན་ཡོད་ནི་རེད་ཞེས་ཟེར་སྲོལ་ཡོད་པ་བཞིན་དཔལ་འབྱོར་སླུ་འོག་དུ་ཡོད་པའི་བོད་མི་རྣམས་ཀྱིས་ཡིད་ཆེས་བྱས་ས་དེ་རེད།
གསུམ་པ་རང་གི་ཕ་ཡུལ་གཅིག་པ་ཡིན་ཙམ་གྱི་མི་དེ་ལ་ཕྱོགས་ཞེན་ཐོག་ནས་ཡིད་ཆེས་པ་བཅས་སོ།
དེ་གསུམ་པོ་གང་ཡང་མིན་པའི་ཚོད་ལྡན་གྱི་མང་གཙོ་བེད་སྤྱོད་ཐུབ་པ་ནི་ང་རང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་ཁག་པོ་རེད་བསམ་གྱིན་འདུག་གོ
ཡིན་ཡང་མ་འོང་སྐབས་བཅུ་གཅིག་པའི་བཀའ་བློན་ཁྲི་པའི་འོང་མི་ནང་ཕེབས་པའི་སྤུན་ཟླ་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
འོང་མི་ནང་དུ་ཕེབས་པའི་མཚན་བྱང་དྲ་ངོ་བཀོད་པ་རྣམས་ཡིན།
བློ་བཟང་སེངྒེ། བཀྲ་ཤིས་དབང་འདུས། བསྟན་འཛིན་བཀྲས་མཐོང། བློ་བཟང་སྤྱིན་པ། སྤེན་པ་ཚེ་རིང། རྔ་བ་ཚེ་རྒྱམ། རྒྱ་རི་སྒྲོལ་མ། ཕུར་བུ་རྡོ་རྗེ། སྐལ་བཟང་ཕུན་ཚོགས།
ཐུབ་བསྟན་ལུང་རིག བསྟན་པ་ཚེ་རིང། བློ་བཟང་སྤྱིན་པ། བཅས་ལ་དྲི་བ་ཞུ་རྒྱུ།
ཁྱེད་རྣམ་པ་ཚོས་དྲི་བ་རྣམས་ལ་ལན་རེ་སྦེལ་རོགས་ཞུ། དྲི་བ་རྣམས་ལ་ལན་ཡག་པོ་ཞིག་དང་གནད་དོན་ལ་འགྱུར་བ་བཏོང་ཐུབ་པའི་ལན་ཡོད་ན་ཁྱེད་ལ་
འོས་ཤོག་50་ནས་100་བར་དུ་ཐོབ་ཐུབ་པའི་རོགས་ཕུན་བྱ་ཆོག
དྲི་བ་དང་པོ།
བོད་ནས་རྒྱ་བལ་འབྲུག་གསུམ་ནང་དུ་སླེབས་པའི་གསར་འབྱོར་བ་རྣམས་ལ་ལོ་མང་རིང་གནས་སྡོད་སའི་སྐྱབས་བཅོལ་བའི་ཁུངས་ཞིག་ཡོད་ཀྱི་ཕར་ཞོགས། སྐྱབས་བཅོལ་བའི་ལག་ཁྱེར་མེད་པ་དང་
འགྲོ་ས་འདུག་ས་མེད་པའི་དཀའ་ངལ་ཕྲད་དུས་འགའ་རེ་དབྱིན་ཇུས་བུ་མོའི་མཉམ་དུ་འགྲོ་བ་དང་
འགའ་རེ་ཡེ་ཤུ་ཆོས་ལུགས་ཚོགས་པ་འདྲ་མིན་ནང་དུ་འཛུལ་བཞུགས་བྱས་པ་དང་འགའ་རེ་རྒྱ་མི་
གཞུང་ཚབ་ལ་མི་འདོད་བཞིན་དུ་འགྲོ་དགོས་པའི་དཀའ་ངལ་དང་གཅིག

དྲི་བ་གཉིས་པ། རྒྱ་བལ་འབྲུག་གསུམ་ཡོད་པའི་གཞི་ཆ་ཁག་གི་བོད་མི་ཉམ་ཐག་བ་བཙན་བྱོལ་གཞུང་གི་གོ་གནས་
དང་ལས་གནས་མེད་པ་དང་གཞུང་གི་དཔལ་འབྱོར་དང་གོ་གནས་ཐོག་ནས་ནུབ་ཕྱོགས་རྒྱལ་ཁབ་
ཁག་གི་ནང་དུ་རང་གི་ནང་མི་སུ་ཡང་བཏང་མ་ཐུབ་པ་རྣམས་ཀྱི་འཚོ་བའི་དཀའ་ངལ་ལ་བརྟེན་ནས་
གཞོན་སྐྱེ་བུ་མོ་ཚོ་མཐོ་སློབ་སྐབས་སུ་སྨད་བཙོང་གི་ལས་ཀར་ཞུགས་པ་དང་རྗེས་སུ་སློབ་མཐར་ཕྱིན་རྗེས་ཕྱི་རྒྱལ་བ་རྒ་པོ་མཉམ་དུ་མི་འདོད་བཞིན་དུ་ཆང་ས་རྒྱག་དགོས་ཐུག་པའི་དཀའ་ངལ་དང་
གཉིས།
དྲི་བ་གསུམ་པ།
རྒྱ་གར་བལ་ཡུལ་དུ་ཡོད་པའི་སློབ་ཕྲུག་རྣམས་ལ་མ་འོང་རང་ཉིད་ཀྱི་འཚོ་རྟེན་ཟླ་རེ་གླ་ཕོག་ཨ་རིའི་རྒྲོ་ལོ་3000་ཐོབ་ཐུབ་པའི་ལས་དོན་སློབ་སྦྱོང་ཇི་ལྟར་སྤྲོད་རྒྱུ་ཡིན་མིན་དང་ལས་དོན་སློབ་སྦྱོང་
ཚར་རྗེས་ལས་ཀ་ཇི་ལྟར་ཐོབ་ཐུབ་མིན་དང་གསུམ།
དྲི་བ་བཞི་པ།
རྒྱལ་ཁབ་37་ནང་དུ་ཁ་ཐོར་རུ་ཡོད་པའི་བོད་མི་རྣམས་མགོ་བསྡུ་སྟངས་དང་འབྲེལ་ལམ་སྐད་ཡིག་གང་གི་ཐོག་ནས་ལས་ཀ་བྱ་རྒྱུ་ཡིན་མིན་དང་བོད་ཡིག་ཐོག་ནས་བྱེད་ན་དུས་རབས་གསར་པའི་རིག་གནས་དང་ལག་ཤེས་རྣམས་བོད་ཡིག་ནང་དུ་ཇི་ལྟར་བསྒྱུར་ཐུབ་མིན་དང་བཞི།
དྲི་བ་ལྔ་པ།
བཙན་བྱོལ་བོད་གཞུང་གི་ལྐོག་ཟ་རུས་ཟུངས་ཀྱི་ཟ་ནད་བཅོས་ཐུབ་པའི་རིག་གནས་ཇི་ལྟར་བེད་སྤྱོད་བྱ་རྒྱུ་ཡིན་མིན་དང་བཙན་བྱོལ་གཞུང་དེ་འཛམ་བུ་གླིང་གིས་ངོ་ལེན་ཡོད་པའི་སྐྱབས་བཅོལ་གཞུང་
ཞིག་ལ་ཇི་ལྟར་སྒྱུར་རྒྱུ་ཡིན་མིན་དང་ལྔ།
ཡ་ཡ་ད། ལོ་ལྔ་ཡི་རིང་གི་བཀའ་བློན་ཁྲི་བ་ཞིག་ལ་དྲི་བ་ལྔ་ཡི་ཆོག་པ་བྱས་རྒྱུ་ཡིན། མ་གཞི་ནས་འོས་མི་ནང་དུ་ཕེབས་པ་རྣམས་ཀྱིས་རང་ཉིད་མཐོ་སློབ་ཐོན་པའི་ལག་ཁྱེར་དང་སྔོན་
བྱས་དཔའ་གཏམ་བཤད་ནས་ཡོང་བ་ལས་མ་འོང་རང་ཉིད་ཀྱིས་ལས་དོན་འདི་དང་འདི་འདྲ་བྱ་རྒྱུ་
ཡིན་ཞེས་ཡིག་ཐོག་ནས་སྤེལ་ན་ང་ཚོ་བཙན་བྱོལ་མི་མང་ལ་ཡང་བསམ་བློ་གཏོང་ས་ཞིག་དང་དཔྱད་པ་བྱེད་ས་རྙེད་པ་རེད། གལ་སྲིད་དྲི་བ་རྣམས་ལ་སུ་ལན་ཡག་པོ་ཞིག་དང་སྣང་བ་འགྲོ་པོ་བྱུང་ན་དེར་འོས་ཤོག་སྤྲོད་ཀྱིན་ཡིན་ནོ། འདི་ནི་ངའི་མང་གཙོ་གི་རང་དབང་རེད་ལྭོ། མ་ཟད་དྲ་གྲོགས་སྐར་ཁྲི་བཙན་འོས་མི་ནང་དུ་ཕེབས་ཐུབ་ན་དེ་ལས་དགའ་པོ་ཡོང་བ། ཅོ་རི་ཉི་མ་ཡིས་བྲིས།
28.11.2009
རྗེས་སུ་བཀའ་བློན་ཁྲི་པ་ད་ལྟའི་འདི་འདྲ་མི་སྲིད་པ་ཞིག་རེད།་ཡིན་ཡང་སེམས་ཤུགས་མ་ཉམས་པ་བྱོས་ལོ། gangduk
4 ༣༠༢༠༠༩༡༤༡༤
འོས་མི་དེ་ཚོའི་སྐྱོན་ཡོན་གྱི་སྐོར་དགག་སྒྲུབ་གཉིས་ཕྱོགས་ནས་སྤྱི་ཚོགས་ནང་གླེང་ན་བཟང་།
ད་དུང་བོད་མི་མང་པོ་ཞིག་ལ་བཀའ་ཁྲི་ག་འདྲ་ཞིག་དགོས་མིན་ལ་དོ་སྣང་ཙམ་ཡང་མི་བྱེད་མཁན་མང་པོ་མཐོང་བྱུང། དོ་སྣང་མེད་ན་བསམ་བློ་ཡང་གཏོང་གི་མ་རེད། དོན་ངོ་མར་ང་ཚོས་བློ་རིག་གྲུང་བོ་བྱས་ནས་དེའི་ཐོག་ལ་བགྲོ་གླེང་མང་ཙམ་གནང་ཐུབ་ན་ཡག་པོ་འདུག
འོས་མི་༡༠བཏོན་པར་དགའ་བསུ་ཞུ། འོན་ཀྱང་ཁོ་ཚོའི་ལོ་རྒྱུས་མདོར་བསྡུས་མེད་པར་མི་མང་གིས་ཇི་ལྟར་ཁོ་ཡིད་ཆེས་དང་ཤེས་རྟོགས་ཡོང་ཐུབ་བམ།
དེའི་ནང་དུ་སྡོད་གནས་དང་མིང་ཙམ་གྱི་ཕན་ཐོགས་མི་འདུག གལ་ཏེ་ཐུབ་ཚེ་ཁོ་ཚོའི་ཤེས་ཡོན་འཇོན་ཐང་བྱས་རྗེས་བཅས་མདོར་བསྡུས་རེ་བྱུང་ན་མི་གཞན་ལ་གཞི་ནས་གདམ་ག་ཞིག་གནང་ཐུབ་ཀྱི་རེད་བསམ་གྱི་འདུག



བརྗོད་གཞི་གཞན་ཁག་ལ་གཟིགས།