དགོངས་ཚུལ།

རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུའི་དུས་དྲན་་སྲུང་བརྩི༌།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༤བའི་ཚེས༠༡ཉིན་དྷ་རམ་ཤ་ལ་ནས་སྤེལ། རྒྱ་གར་གཞུང་མང་གཉིས་ནས་བོད་མི་རྣམས་ལ་ལོ་ངོ་༥༠རིང་རྒྱ་གར་འཕགས་པའི་ཡུལ་དུ་སྐྱབས་བཅོལ་གནས་སྡོད་ཆོག་པའི་བཀའ་ཁྲོལ་དང་རྒྱབ་སྐྱོར་མཐུན་རྐྱེན་བཀ་དྲན་བླ་མེད་གནང་བ་དེ་དག་རྗེས་དྲན་གྱི་ཆེད་དུ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རྗེ་ཆེའི་བཀའ་སློབ་གནང་ཡོད་པ་རེད།

དེ་ཡང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་བཙན་བྱོལ་བོད་གཞུང་གི་གོ་སྒྲིག་འོག་ཁུལ་དེར་ཡོད་པའི་རྒྱལ་སྤྱིའི་ལྟེ་གནས་ཁང་ཞེས་པར་རྒྱ་གར་གཞུང་མང་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བའི་མཛད་རིམ་ཐོག་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཞབས་སོར་འཁོད་གནང་ཡོད་ཅིང༌། མགོན་པོ་གང་ཉིད་ཀྱི་བཀའ་སློབ་ཏུ། འདས་པའི་ལོ་ངོ་༥༠རིང་རྒྱ་གར་གཞུང་དང་མི་མང་རྣམས་ཀྱིས་རོགས་རམ་རྒྱབ་སྐྱོར་གནང་བར་ཤིན་ཏུ་བཀྲིན་ཆེན་པོ་ཡིན་པའི་སྐོར་བཀའ་གནང་ཡོད་པ་དང༌།

ལྷག་དོན་དུ་རྒྱ་གར་གཞུང་གི་ངོས་ནས་མི་ལོ་༥༠དེ་དག་གི་རིང་བོད་མི་རྣམས་ཀྱི་ཆེད་དུ་གནང་ཐུབ་པའི་རོགས་རམ་་གང་ཡོད་པ་ཆ་ཚང་གནང་བ་དེས་རྒྱ་གར་གྱི་རྒྱལ་ཁབ་འདི་བོད་མིའི་སྤྱི་ཚོགས་ལ་ཤིན་ཏུ་བཀྲིན་ཆེན་པོ་ཡིན་པའི་སྐོར་བཀའ་གནང་ཕེབས་ཡོད་པ་རེད།

མི་ལོ་༥༠བཙན་བྱོལ་དུ་གནས་པའི་བོད་མིའི་སྐྱིད་སྡུག་དྲན་གསོ་དང་རྒྱ་གར་གཞུང་མང་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བ་འི་འགྲེམས་སྟོན་ནང་བོད་ཀྱི་ནང་ཆོས།རིག་གཞུང༌། ཤེས་རིག རིག་གནས་སོགས་ཀྱི་མཚོན་དོན་གྱི་འསླད་དུ་གྲེམས་སྟོན་འདྲ་མིན་གོ་སྒྲིག་གནང་ཡོད་པ་དང༌། དེ་བཞིན་པར་རིས་ཀྱི་འགྲེམས་སྟོན་གྱི་དབུ་འབྱེད་དེ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་གནང་བའི་སྐབས་སུ་འགྲེམས་སྟོན་དང་འབྲེལ་བའི་གལ་ཆེའི་བཀའ་སློབ་བཀྲིན་བསྐྱངས་གནང་མཛད་ཡོད་པ་རེད།

བཙན་བྱོལ་གྱི་བོད་མིའི་སྐྱིད་སྡུག་དྲན་གསོ་དང་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེའི་འགྲེམས་སྟོན་དེ་ཕྱི་ཟླ་གསུམ་པའི་ཚེས་ཉི་ཤུ་དྲུག་ནས་འགོ་འཛུགས་ཞུས་ཏེ་ཕྱི་ཚེས་༣༡ཉིན་མཇུག་བསྒྲིལ་གནང་རྒྱུ་ཡིན་པ་རེད།

དེ་བཞིན་བཞུགས་སྒར་དུ་མཛད་སྒོ་གཟབ་རྒྱས་འཚོགས་ཡོདཔ་དང༌། ཟླ༣ ཚེས་ ༣༡ ཉིན་བོད་གཞུང་མང་བཙན་བྱོལ་དུ་འགྱར་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་དང་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་དུས་གཅིག་ཏུ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྲུང་བརྩི་ཞུས་ཡོད་པ་རེད།

དེ་ཡང་སྔ་དྲོའི་ཆུ་ཚོད་ ༡༠ ཐོག་དུས་དྲན་སྲུང་བརྩིའི་མཛད་སྒོར་གདན་ཞུས་གནང་བའི་སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེའི་འགྲིམ་འགྲུལ་དང་ས་ཁང་འཆར་འགོད་བློན་ཆེན་སྐུ་ཞབས་ཀེར་ཤིན་ཀ་པུར་(Hon'sble Krishan Kapoor) དང༌། རྡ་སའི་རྒྱ་གར་ཡུལ་མི་ཚོགས་པའི་འགན་འཛིན་རྣམ་པ། དེ་བཞིན་སྒྲུབ་བརྒྱུད་བསྟན་པའི་གཙུག་རྒྱན་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དང༌། བཙན་བྱོལ་བོད་གཞུང་གི་བཀའ་བློན་རྣམས་པ་དང༌། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྣམ་པ། གཞུང་ཞབས་ཆེ་དྲུངཆེ་ཆུང་གཙོས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་འགན་འཛིན་བཅས་བཞུགས་གནས་སུ་འཁོད་འཕྲལ་རྡ་སྟེང་བོད་ཁྱིམ་སློབ་ཕྲུག་ནས་རྔ་རོལ་དང་བཅས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་གཏོང་སྐབས་ཚང་མས་སྐུ་བཞེངས་གནང་བ་དང་ཆབས་ཅིག་བོད་བསྟན་སྲིད་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང༌། ད་ལྟ་བཙོན་དོང་ནང་མྱངས་དང་མྱོང་བཞིན་པའི་གསོན་ཤུགས་རྒྱས་པའི་རྒྱལ་ཞེན་ལྷག་བསམ་ཅན་རྣམས་ཀྱི་ཆེད་དུ་རྗེས་སུ་ཡི་རངས་དང་དང་འབྲེལ་མྱ་ངན་གུས་འདུད་སྐར་མ་གཅིག་ཞུས་ཡོད་པ་རེད།

དེ་རྗེས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་དཔལ་ལྡན་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་ནས་སྒྲོག་སྦྱངས་གནང་བའི་གསུང་འཕྲིན་དེ་རྗེས་ཧི་མ་ཅལ་མངའ་སྡེའི་འགྲིམ་འགྲུལ་དང་ས་ཁང་འཆར་འགོད་བློན་ཆེན་སྐུ་ཞབས་་ཀེར་ཤིན་ཀ་པུར་མཆོག་ནས་གཏམ་བཤད་གནང་རྗེས་འདས་པའི་ལོ་ལྔ་བཅུའི་སྐྱིད་སྡུག་ལ་རྒྱབ་སྐྱོར་གནང་བའི་ཐུགས་རྗེ་ཆེའི་མཚོན་རྟགས་སུ་སྐུ་ཐང་དང་དཀར་གཙང་གི་མཇལ་དར་དཔལ་རྒྱལ་བ་ཀ་རྨ་པ་རིན་པོ་ཆེ་མཆོག་ནས་ཧི་མ་ཅལ་མངའ་སྡེའི་འགྲིམ་འགྲུལ་དང་ས་ཁང་འཆར་འགོད་བློན་ཆེན་སྐུ་ཞབས་་ཀེར་ཤིན་ཀ་པུར་མཆོག་དང༌། རྡ་ས་ཀང་རའི་རྫོང་དཔོན་ཆེད་བཅར་མ་ཐུབ་སྟབས་ཁོང་གི་སྐུ་ཚབ་སྐུ་ཞབས་ཨ་ཇེའི་སིང་མན་ཀོ་ཌཱShri AJay Singh Mankotia) རྣམ་གཉིས་ལ་སྒྲོན་འབུལ་གནང༌། དེ་རྗེས་ཕྱི་དྲིལ་བཀའ་བློན་མཆོག་ནས་རྒྱ་གར་གྱི་དཔོན་རིགས་དང་མི་སྣ་ཆེ་ཕྲ་རྣམ་ལ་དཀར་གཙང་གི་མཇལ་དར་སྒྲོན་གནང༌། དེ་མཚམས་བོད་གཞུང་ཟློས་གར་ཚོགས་པས་གཙོས་སློབ་གྲྭ་ཁག་ནས་གཞས་སྣ་གཟིགས་འབུལ་ཞུས་རྗེས་རྡ་ས་ས་གནས་འགོ་འཛིན་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་སྐུ་མགྲོན་ཁག་ལ་ཉིན་གུང་གི་གསོལ་ཚིགས་ཀྱང་འདེགས་འབུལ་ཞུས་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།