དགོངས་ཚུལ།

བཀའ་ཁྲིའི་དམ་འབུལ་ཉིན་༧གོང་ས་མཆོག་ཆིབས་བསྒྱུར་གནང་འཆར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༧ཚེས་༢༧ཉིན། མི་མང་ཁ་ཐུག་འོས་འདེམས་བྱས་པའི་སྐབས་གསུམ་པའི་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་དམ་འབུལ་མཛད་སྒོ་ཐོག བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བཀའ་དྲིན་བསྐྱང་གཏན་ཁེལ་ཡོད་འདུག

དེ་ཡང་བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་སུ་གནས་ཚུལ་སྤེལ་གསལ་ལྟར་ན།་ཕྱི་ལོ་༢༠༡༡ ཟླ་ ༨ ཚེས་ ༨ སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐབས་གསུམ་པའི་བཀའ་ཁྲིར་འདེམས་འཐོན་བྱུང་བ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་གི་དྲུང་ནས་དམ་འབུལ་ཞུ་རྒྱུ་ཡིན་འདུག

དམ་འབུལ་གྱི་མཛད་སྒོ་གྲུབ་མཚམས་༧གོང་ས་མཆོག་གིས་བཀའ་སློབ་སྩལ་རྒྱུ་དང་། དེ་རྗེས་འདེམས་འཐོན་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་རྒྱུ་ཡིན་འདུག དེ་བཞིན་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་ཁྲིམས་ཞིབ་པ་གཞན་གཉིས་དང་སྤྱི་འཐུས་ཚོགས་གཙོ་མཆོག བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག སྤྱི་འཐུས་ཚོགས་གཞོན་མཆོག དབུས་འོས་བསྡུ་ལས་ཁང་དང་ལས་བྱེད་འདེམས་ལྷན་གྱི་འགན་འཛིན་གཅིག་ལྕོགས་འཇམ་དཔལ་ཆོས་བཟང་མཆོག་དང་འགན་འཛིན་ལས་འཕར་རྣམ་གཉིས།  དབུས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ཞིབ་སྤྱི་ཁྱབ་འགན་འཛིན་མཆོག སྤྱི་འཐུས་རྒྱུན་ལས་རྣམ་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་ཟུང་དྲུང་ཡན་གྱི་དྲུང་ཆེ་ཆུང་རྣམ་པ་མཛད་སྒོའི་ཐོགས་ལྷན་ཞུགས་གནང་རྒྱུ་མ་ཟད། སྲི་ཞུའི་མཛད་གཙོ་རྣམ་པས་བཀའ་ཁྲི་གསར་པ་མཆོག་ལ་མཇལ་དར་འབུལ་རྒྱུ་ཡིན་འདུག

ཕྱོགས་མཚུངས་ཕྱི་ཚེས་ ༩ ཉིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རར་སྐབས་གསུམ་པའི་བཀའ་ཁྲི་མཁས་དབང་བློ་བཟང་སེང་གེ་མཆོག་མཛད་སྒོའི་ཐོག་གདན་ཞུས་གནང་སྟེ་ཕྱི་ནང་སྐུ་མགྲོན་རྣམས་དང་ཕྱི་རྒྱལ་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ། བོད་ཀྱི་གྲོགས་པོ་རྣམ་པ། རྒྱ་རིགས་ཁག་གཅིག་བཅས་ཀྱིས་འཚམས་འདྲི་ཞུ་རྒྱུ་ཡིན་འདུག འོན་ཀྱང་སྐབས་དེའི་མཛད་སྒོ་ཐོག བོད་མི་མང་གིས་དགའ་སྤྲོའི་གཞས་དང་ཞབས་བྲོ་སོགས་འཁྲབ་འཆར་གྱི་མཛད་རིམ་ཡོད་མེད་འགྲེལ་བརྗོད་གང་ཡང་གནང་མི་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
2 ༢༨༢༠༡༡༢༠༡༡
བཀའ་ཁྲི་མཆོག་གི་ཕྱག་ལས་རྣམས་གེགས་མེད་ལེགས་མྱུར་འགྲུབ་པའི་གསོལ་སྨོན་གྲངས་མེད་ཞུ།།
1 ༢༨༢༠༡༡༠༠༥༥
༄། དགེ་བཤེས་མཆོག་ཐུགས་རྗེ་ཆེ་ཞུ་གནས་ཚུལ་ཡག་པོ་ཞེ་དྲག་འདུག་ལགས་། ད་ལེན་སྤྱི་བའི་སྒྲིག་འཛུག་གསར་བ་འདི་གཞན་དང་མ་འདྲ་བ་ཅིག་རེད་འདུག། བོད་ནང་གི་སྤུན་ཟླ་རྣ་པའི་རེ་བ་སྟོང་ཟད་མི་འགྲོ་བ་དང་། ཁོང་རྣམ་པའི་ཉིན་མ་རེ་རེ་བཞིན་རེ་བ་དང་དམིགས་ཡུལ་མི་རིག་ལ་རྒྱ་སྙིང་སྟོབས་སོགས་ང་ཚོའི་ག་དུས་ཡིན་ཡོང་སེམས་ནས་མ་རྗེ་པ་དེ་ཤེས་དགོས་འདུག།



བརྗོད་གཞི་གཞན་ཁག་ལ་གཟིགས།