དགོངས་ཚུལ།

བོད་བརྒྱུད་ནང་བསྟན་གྱི་མཁས་དབང་དང་ལོ་ཙ་བའི་ལྷན་ཚོགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

21march20092རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བས་ཟླ་༣ཚེས་༢༡ཉིན་སྤེལ། བོད་བརྒྱུད་ནང་བསྟན་གྱི་མཁས་དབང་དང་ལོ་ཙ་བ་༥༣ལྷག་ལས་གྲུབ་པའི་ལྷན་ཚོགས་ཤིག་བཞུགས་སྒར་དང་ས་ཐག་ཉེ་བའི་བྷིར་བོད་མིའི་གཞིས་སྒར་དུ་རྟེན་གཞི་བྱས་ཡོད་པའི་རྫོང་གསར་དགོན་དུ་བསྐོང་འཚོགས་གནང་ཡོད་ཅིང༌། སྐབས་དེར་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་མཆོག་དང་བོད་ཀྱི་བླ་ཆེན་ཁག་ཅིག་གིས་ལྷན་ཚོགས་དེ་གལ་འགངས་ཆེན་པོ་ཡིན་ལུགས་ཀྱི་གསུང་འཕྲིན་གནང་ཡོད་པ་རེད། དེ་ཡང་བོད་བརྒྱུད་ནང་བསྟན་གྱི་མཁས་དབང་དང་ལོ་ཙ་བ་སོགས་འཛམ་གླིང་གི་རྒྱལ་ཁབ་ཁག་མང་པོ་ཞིག་ནས་ཕེབས་པའི་མི་སྣ་གལ་ཆེན་༥༣ལྷག་ལས་གྲུབ་པའི་བོད་བརྒྱུད་ནང་བསྟན་གྱི་གསུང་རབས་ཕབ་བསྒྱུར་གནང་ཕྱོགས་སྐོར་གྱི་ལྷན་ཚོགས་ཤིག་བཞུགས་སྒར་དང་ས་ཐག་ཉེ་བའི་བྷིར་བོད་མིའི་གཞིས་སྒར་དུ་རྟེན་གཞི་བྱས་ཡོད་པའི་རྫོང་གསར་དགོན་དུ་བསྐོང་གནང་ཡོད་ཅིང༌། ལྷན་ཚོགས་དེ་ནི་བོད་ཀྱི་ནང་བསྟན་དང་འབྲེལ་བའི་བཀའ་དང་བསྟན་བཅོས་སོགས་སྐད་ཡིག་གཞན་དུ་ཕབ་བསྒྱུར་གནང་ཕྱོགས་སྐོར་དང་མ་འོངས་པར་བསྒྱུར་དེ་དག་གི་ཐོག་མིང་ཚིག་སོགས་བེད་སྤྱོད་གཏོང་སྟངས་བཅས་ཀྱི་ཐད་ད་ལྟ་ནས་གལ་འགངས་ཆེན་པོར་བརྩི་དགོས་པའི་ལས་དོན་འགོ་འཛུགས་ལྟ་བུར་ངོས་འཛིན་གནང་གི་ཡོད་པ་རེད།

བོད་ཀྱི་ནང་བསྟན་གྱི་མཁས་དབང་དང་ལོ་ཙ་བའི་ལྷན་ཚོགས་འདི་ནི་ནང་བསྟན་ཐོག་མཁས་དབང་དང་ལོ་ཙ་བའི་ལས་དོན་ཐད་འགོ་འཛུགས་ལྟ་བུ་ཆགས་ཡོད་པ་དང༌། སྐད་ཡིག་འདྲ་མིན་བསྐྱོན་མཁན་གྱི་ལོ་ཙ་བ་མང་པོ་ཞིག་ནུབ་ཕྱོགས་པའི་ཡུལ་གྲུ་ཁག་ནས་ཕེབས་ཡོད་པ་ཚོས་ནང་བསྟན་གྱི་བཀའ་བསྟན་དེ་དག་བོད་ཡིག་ནས་དབྱིན་ཡིག་ཏུ་བསྒྱུར་རྒྱུའི་སྐོར་གྲོས་སྡུར་གནང་སྐབས་སུ་ཁོ་ཚོས་ནང་བསྟན་ལེགས་བཤད་གཅེས་ནོར་གྱི་ལས་འཆར་"Buddhist Literature Heritage Project"ཞེས་པའི་ལས་འཆར་ཞིག་གསར་གཏོད་གནང་བ་རེད། དེར་བརྟེན་ལས་འཆར་དེ་བརྒྱུད་ནང་པ་དང་ནང་བསྟན་དེ་ཉིད་གོ་ལའི་ཁྱོན་ཡོངས་ལ་ཁྱབ་ཐུབ་པའི་དགོས་དམིགས་ཞིག་བཅངས་ཡོད་པ་རེད་ཅེས་རྫོགས་ཆེན་དཔོན་སློབ་རིན་པོ་ཆེ་མཆོག་གིས་གསུངས་ཡོད་པ་རེད། ལོ་ངོ་བརྒྱ་ཕྲག་དུ་མར་སོང་བའི་བོད་བརྒྱུད་ནང་བསྟན་དུ་གྱུར་པའི་བཀའ་བསྟན་དེ་དག་སྐད་ཡིག་གཞན་དུ་ཕབ་བསྒྱུར་གྱིས་སངས་རྒྱས་ལེགས་གཅས་ནོར་ཕྱོགས་ཡོངས་སུ་ལྟ་གློག་ཐུབ་པར་བྱ་རྒྱུ་དེ་གལ་འགངས་ཧ་ཆང་ཆེ་བ་དང༌། དེར་བརྟེན་ང་ཚོས་མི་ལོ་༢༥རིང་དམིགས་ཡུལ་ངེས་ཅན་ཞིག་བཟུང་ནས་ཕབ་བསྒྱུར་ལས་འགུལ་སྤེལ་རྒྱུ་དང༌། སྒོས་སུ་དེ་རིང་ང་ཚོའི་ལྷན་འདིར་ཞུགས་མཁན་ཕལ་ཆེ་བ་མི་ལོ་༣༠ནས་༤༠བར་བོད་བརྒྱུད་ནང་བསྟན་གྱི་གཟེངས་ཐོན་མཁས་པ་དང་ལོ་ཙ་བ་དེ་འདྲ་ཆགས་ཡོད་པས་དགོས་ཕན་ཆེན་པོ་ཡོང་བའི་རེ་བ་ཡོད་ལ།

གལ་ཆེའི་ལས་དོན་དེ་དག་ད་ལྟ་ནས་ཛ་དྲག་གིས་འགོ་འཛུགས་མ་ཞུ་ཚེ་རྗེས་ལུས་ཐེབས་སྲིད་པ་ཞིག་ཡིན་པས་མ་འོངས་པར་དེ་དག་གནས་ཚུལ་གློག་རྒྱུའི་བཟོ་འདྲ་པོ་ཞིག་ཆགས་སྲིད་པ་དང༌། ད་ལྟ་ང་ཚོར་བཀའ་བསྟན་དེ་དག་གི་གདན་དོན་ཐམས་ཅད་ཇི་བཞིན་ཆད་ལུས་མེད་པར་རྒྱས་འགྲེལ་གནང་ཐུབ་མཁན་གྱི་ཐུན་མོང་མིན་པའི་དགེ་བའི་བཤེས་གཉེན་ཁྱད་དུ་འཕགས་པ་དུ་མ་ཞིག་ཡོད་པ་རེད། འོན་ཀྱང་ང་ཚོས་རེ་སྒུག་བྱས་ནས་མུ་མཐུད་བསྡད་ཚེ་མ་འོངས་པར་ནང་དོན་གནད་དུ་སྨིན་པ་ཞིག་སྐད་ཡིག་གཞན་དུ་རྒྱས་འགྲེལ་གནང་ཐུབ་མཁན་ཁག་པོ་ཆགས་སྲིད་པ་ཞིག་རེད་ཅེས་པདྨ་ཀ་རའི་གསུང་རབས་ཕབ་བསྒྱུར་ཁང་གི་འགན་འཛིན་རྗོན་སན་ཏི་ལགས་ཀྱིས་འགྲེལ་བརྗོད་གནང་ཡོད་པ་རེད།

ལྷན་ཚོགས་དེའི་ཐོག་ནང་བསྟན་ཐོག་མཁས་དབང་སྙན་གྲགས་ཅན་ཨ་རི་བ་རོ་བྷེར་ཊི་ཐོ་མ་སི་སོགས་བོད་བརྒྱུད་ནང་བསྟན་ཐོག་མཁས་དབང་དང་ལོ་ཙ་མང་པོ་ཞིག་ཕེབས་གནང་སྟེ་གོང་གསལ་གནད་དོན་དེ་དག་གི་ཐོག་བཀའ་སྡུར་ཞིབ་ཚགས་གནང་ཡོད་པ་དང་ལྷན་ཚོགས་དེ་གྲུབ་རྗེས་ཚོགས་མི་ཡོངས་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་མཆོག་དང་མཇལ་འཕྲད་ཞུས་ཏེ་ལྷན་ཚོགས་དེའི་གྲོས་ཆོད་གོ་སྡུར་གང་གནང་ཡོད་མེད་སྐོར་སྙན་སྒྲོན་ཞུས་ཡོད་པ་རེད།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ྋགོང་ས་མཆོག་ཕེབས་ཀྱི་ཡོད་པ་འདྲ། ཁོང་ཚོས་སྐེ་རིང་དབུ་རིང་བྱས་འདུག་ག ལི་ལྗོངས་གངས་ཕྲུག



བརྗོད་གཞི་གཞན་ཁག་ལ་གཟིགས།