ཕྱི་ལོ་༢༠༡༢ལོར་ལས་འཆར་གསར་པ་གཉིས་ཡོད་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༧ཚེས་༢༣ཉིན། བྷེ་ཇམ་ནས་བོད་མིར་རྒྱབ་སྐྱོར་ཚོགས་པ་ཞིག་གིས། ཕྱི་ལོ་༢༠༡༢ལོར་མན་པཱ་ཏི་ཁུལ་དུ་བཙན་བྱོལ་བོད་མིའི་གཞིས་ཆགས་ནང་ཆུ་གཙང་བཟོའི་འཕྲུལ་ཆས་གསར་འཛུགས་བྱ་རྒྱུ་དང༌། ཅོན་ཏཱ་ར་དོན་ལྡན་རྒས་གསོ་ཁང་དུ་པུར་ཁང་ཞིག་གསར་རྒྱག་བྱ་རྒྱུའི་ལས་འཆར་གསར་པ་གཉིས་ཡོད་ལུགས་གསལ་བསྒྲགས་བྱས་འདུག

རྒྱབ་སྐྱོར་ཚོགས་པ་དེས་འདི་ལོ་ཕྱི་ཟླ་༤པའི་ནང་དྷ་རམ་ས་ལར་གནས་སྡོད་བཙན་བྱོལ་བོད་མི་རྣམས་ལ་ལྷམ་ཆ་༤༢༦ཙམ་རོགས་རམ་བྱས་ཡོད་ལ། ད་དུང་ལས་འཆར་དེ་ལས་རྒྱ་ཆེ་བ་ཞིག་སྤེལ་རྒྱུའི་གྲ་སྒྲིག་ཡོད་འདུག་ལ། ལས་འཆར་དེ་འདྲ་ཞིག་སྤེལ་རྒྱུ་ཡིན་ལུགས་ཀྱི་གསར་འགོད་གསལ་བསྒྲགས་དེའི་སྐབས། སྐུ་ཞབས་ཌན་ནིང་སིས་དང༌། ལྕམ་མཱ་རེ་ཇི་ཁེ་གཉིས་ཀྱིས། གསལ་བསྒྲགས་འདིའི་བརྒྱུད་ཞལ་འདེབས་གང་མང་ཞིག་ཡོང་བའི་རེ་བ་དང༌། ཐེངས་འདིར་ང་ཚོས་རྒྱ་གར་ནང་ཡོད་པའི་བོད་མིའི་ས་གནས་ཁག་མི་འདྲ་འགའ་ཤས་ནང་རོགས་རམ་བྱེད་ཐུབ་པའི་རེ་བ་ཡོད་ཅེས་གསུངས་འདུག

ཕྱི་ལོ་༢༠༡༢ལོའི་ལས་འཆར་གསར་པ་དེའི་ནང་ཆུ་གཙང་བཟོའི་འཕྲུལ་ཆས་གསར་འཛུགས་བྱ་འཆར་ཡོད་པའི་མན་པཱ་ཏི་བོད་མིའི་གཞིས་ཆགས་ནི། རྒྱ་གར་གཞུང་གིས་ཕྱི་ལོ་༡༩༦༧ལོར་གསར་འཛུགས་བྱས་པ་ཞིག་དང༌། གཞིས་ཆགས་དེ་ནི་རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་ནང་ཆེས་སྐྱོ་ཤོས་ཀྱི་གཞིས་ཆགས་ཤིག་ཡིན་པ་རེད།

ཚོགས་པ་དེས་མན་པཱ་ཁུལ་དུ་ཡོད་པའི་རྒས་གསོ་ཁང་ཐེ་བའི་བོད་མིའི་ཁྱིམ་ཚང་རེར་ཆུ་ལི་ཊིར་༡༥གཙང་བཟོ་ཐུབ་མཁན་གྱི་འཕྲུལ་ཆས་རེ་འཛུགས་རྒྱུ་དང༌། མན་པཱ་ཁུལ་དུ་ཁྱོན་བོད་མི་༢༥༠༠ཙམ་གཞིས་གྲོང་ཁག་༧ཙམ་གྱི་ནང་གནས་སྡོད་བྱས་ཡོད་ཅིང༌། ཆུ་ནི་ཧ་ཅང་གལ་གནད་ཆེ་ཞིང་། ཆུ་ནི་མིའི་མི་ཚེའི་ནང་དགོས་མཁོ་ཆེ་ཤོས་དེ་རེད་ཅེས་གསར་འགོད་གསལ་བསྒྲགས་ཐོག་འགྲེལ་བརྗོད་གནང་འདུག

ཆུ་གཙང་བཟོའི་འཕྲུལ་ཆས་ནི་ཕྱི་ལོ་༢༠༡༢ལོའི་དཔྱིད་དུས་སུ་གསར་སྐྲུན་ལས་གཞི་འགོ་འཛུགས་བྱ་རྒྱུ་དང༌། ལས་གཞི་གཉིས་པ་དེ་སྦིར་གཞིས་ཆགས་ཀྱི་ཉེ་འགྲམ་དུ་ཡོད་པའི་ཅོན་ཏཱ་ར་དོན་ལྡན་རྒས་གསོ་ཁང་གི་ཆེད་པུར་ཁང་ཞིག་གསར་རྒྱག་བྱ་རྒྱུ་དེ་ཡིན་པ་རེད། ད་ལྟའི་ཆར་རྒས་ཁོག་ཁག་ཅིག་འདས་གྲོངས་ཕྱིན་ཡོད་པ་དང༌། ཁོང་ཚོའི་ཕུང་པོ་ཉིན་མ་འགའ་ཤས་ཁོང་ཚོའི་སྡོད་ཁང་དུ་འཇོག་དགོས་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་རེད། དེར་བརྟེན་རྒས་གསོའི་ཁང་དེའི་ཆེད་ཕྱི་ལོ་༢༠༡༢ལོའི་དཔྱིད་དུས་ནས་འགོ་འཛུགས་ཀྱིས་ཕུང་པོ་འཇོག་སའི་པུར་ཁང་ཞིག་གསར་རྒྱག་བྱ་རྒྱུ་ཡིན་པ་རེད།

ཆུ་གཙང་བཟོ་བྱེད་ས་རེར་མ་གནས་ཡོ་སྒོར་༥༠རེ་ཡིན་པ་དང༌། པུར་ཁང་གསར་རྒྱག་བྱེད་པར་ས་རྡོ་དང༌། གློག ལས་མིར་གླ་ཆ་བཅས་ལ་འགྲོ་སོང་ཕོན་ཆེན་འགྲོ་རྒྱུ་ཡིན་པར་བརྟེན། ལས་གཞི་དེར་ཞལ་འདེབས་གནང་མཁན་གང་མང་ཡོང་བའི་རེ་སྐུལ་ཞུས་འདུག གལ་སྲིད་ཁྱེད་ཀྱིས་ལས་གཞི་དེར་དག་ལ་རྒྱབ་སྐྱོར་གནང་འདོད་ཡོད་ཚེ། ལས་འཆར་འགན་འཛིན་སྐུ་ཞབས་ཌན་ནིང་སིའི་གློག་འཕྲིན་ཁ་བྱང་ནི་ This e-mail address is being protected from spambots, you need JavaScript enabled to view it འདི་ཡིན། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བོད་སྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།