དགོངས་ཚུལ།

དྷེ་ར་དྷུན་ས་གནས་འགོ་མང་ནས་གལ་ཆེའི་ལས་འགུལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཟླ་༣ཚེས་༢༤ཉིན་སྤེལ། ཕྱི་ལོ་༢༠༠༩ཟླ་༡༢ཚེས་༢༧སྡེ་ར་ལྡུན་ས་གནས་འགོ་འཛིན་ཁྱབ་ཁོངས་ས་ཁུལ་ཡོངས་ནས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཡུ་རོབ་གྲོས་ཚོགས་སུ་སྩལ་བའི་སྦར་སིལ་གསུང་འཕྲིན་དང།།ཉེ་ཆར་རྒྱ་བོད་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་ཕུལ་བའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཁག་གཉིས་ས་གནས་སོ་སོའི་སྐད་ཡིག་ཏུ་ཕབ་སྒྱུར་གྱིས་བོད་རིགས་དང༌།ས་གནས་གཞུང་མང༌།བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ལ་དྲིལ་བསྒྲགས་ཁྱབ་སྤེལ་གྱི་ལས་འགུལ་འཆར་གཞི་ལྡན་པ་ཞིག་སྤེལ་ཡོད།

དེ་ཡང་ཕྱི་ལོ་༢༠༠༩ཟླ་༢ཚེས་༡༠ཉིན་སྐུ་མགྲོན་གཙོ་བོ་ཨུ་ཏ་རན་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་(Sh.Harbans Kapoor(Speaker of Vidhan Sabha, Govt of Uttarakhand)(Hotel Inderlok)ཚོགས་ཁང་དུ་ཕྱི་དྲོ་ཚོུད་༤ཐོག་བོད་དོན་གླེང་སྟེགས་ཞེས་པའི་ཚོགས་འདུ་སྐོང་ཚོགས་གནང་བའི་ཐོག་མར་དེ་གའི་ས་གནས་འགོ་འཛིན་ནས་འཚམས་འདྲི་ཞུས་པ་དང་སྦྲགས་གལ་ཆེའི་ཡིག་ཆ་གཉིས་ཀྱི་ཐོག་གཏམ་བཤད་སྙིང་བསྡུས་གནང།དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་ནས་ཡིག་ཆ་དེ་གཉིས་དེབ་གཟུགས་ལ་གསར་བསྐྲུན་བྱས་པ་དབུ་འབྱེད་གནང་བ་དང་ཆབས་ཅིག་ཚོགས་བཅར་བ་ཡོངས་ལ་འགྲེམས་སྤེལ་ཞུས།དེ་ནས་ཧིན་དབྱིན་ཐོག་ཡིག་ཆ་དེ་གཉིས་ཀྱི་ནང་དོན་ལ་གཏམ་བཤད་རྒྱས་པ་གནང་རྗེས།མ་སུ་རི་བོད་ཁྱིམ་དྲུང་ཆེ་མཆོག་ནས་ད་ལྟའི་བོད་ནང་གི་གནས་སྟངས་སྐོར་དང༌།རྒྱ་གར་གཞུང་མང་གཉིས་ནས་ད་བར་རོགས་སྐྱོར་གནང་བར་བཀྲིན་རྗེས་དྲན་སོགས་ཀྱི་གཏམ་བཤད་གནང་བསྟུན།རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་མི་སྣ་ཁག་ནས་ཀྱང་གཏམ་བཤད་གནང།།དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་ནས་གཏམ་བཤད་གནང་གསལ།ད་རེས་བོད་མིའི་དྲང་བདེན་འཐབ་རྩོད་ཀྱི་གལ་ཆེའི་ཡིག་ཆ་ཁག་རྒྱ་གར་གཞུང་མང་ནས་ཤེས་རྟོགས་སླད་དྲིལ་བསྒྲགས་གནང་བར་གཞུང་མང་གཉིས་ནས་བོད་དོན་རྒྱབ་སྐྱོར་གནང་ཕྱོགས་ལ་ཧ་ཅང་ཕན་རླབས་ཆེ་བ་ཡོང་ངེས།རྒྱ་གར་གཞུང་མང་གཉིས་ནས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་ཡོད་པ་མ་ཟད།སྔར་ལྷག་རྒྱབ་སྐྱོར་ཤུགས་ཆེ་ཡོང་བའི་འབོད་སྐུལ་གནས་ཡུལ་མི་མང་རྣམས་ལ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།ད་རེས་གླེང་སྟེགས་འདིའི་ཐོག་རང་རིགས་ས་གནས་ཕྱོགས་བཞུགས་སྤྱི་འཐུས་དང་བྱང་ཕྱོགས་ཁྲིམས་ཞིབ་པ།དེ་བཞིན་དགོན་སྡེ་ཁག་གི་འགན་འཛིན།ས་གནས་ཁག་གི་ས་འཐུས་ཚོགས་གཙོ།ས་གནས་དབུ་འཛིན་རྣམ་པ།སློབ་གྲྭ་ཁག་གི་དབུ་འཛིན་དེ་བཞིན་རང་བདེན་འཐུས་མི་དང༌།གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་འགན་འཛིན་བཅས་ཚོགས་བཅར་ཞུས་ཡོད་པ་རེད།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
2 ༠༡༢༠༠༩༡༡༡༡
ས་གནས་ཁག་ཚང་མ་ནས་ལས་འགུལ་སྤེལ་ཐུབ་ན་ལེགས།
དཔེ་ཡག་པོ་འདུག་རྗེས་སུ་ཡིད་རང་ཡོད། ཀུན་ཐར



བརྗོད་གཞི་གཞན་ཁག་ལ་གཟིགས།