དགོངས་ཚུལ།

རྒྱ་ནག་གི་གནོན་ཤུགས་འོག་བལ་གཞུང་གིས་བོད་མི་༦འཛིན་བཟུང༌།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༧ཚེས་༡༥ཉིན། རྒྱ་ནག་གཞུང་གིས་གནོན་ཤུགས་འོག་ཟླ་འདིའི་ཚེས་༡༢ཉིན་བལ་ཡུལ་གཞུང་གིས་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཌུ་ནས་བར་ཐག་སྤྱི་ལེ་༡༢༠ཙམ་གྱི་མཚམས་སུ། བོད་ནས་བྲོས་བྱོལ་དུ་ཡོང་མཁན་བོད་མི་དྲུག་༦འཛིན་བཟུང་བྱས་ཡོད་འདུག

ཁ་སང་ཧྥ་རན་སི་གསར་ཁང་གི་གནས་ཚུལ་སྤེལ་གསལ་ལྟར་ན།  བལ་ཡུལ་གཞུང་གི་ཉེན་རྟོག་པས་ཉེ་ཆར་བལ་བོད་ས་མཚམས་བརྒལ་ཏེ་བོད་ནས་རྒྱ་གར་ནང་སྐྱབས་བཅོལ་དུ་ཡོང་མཁན་རང་ལོ་ ༡༦ ནས་ ༢༧ བར་ཡིན་པའི་བོད་མི་ ༦ རྒྱལ་ས་ཀ་ཐ་མན་གྲུའི་བྱང་ཤར་གྱི་ཀི་ལོ་མི་ཊར་༡༢༠ ཡི་མཚམས་སུ་ཡོད་པའི་གྲོང་གསེབ་ཞིག་ནས་འཛིན་བཟུང་བྱས་ཡོད་འདུག བལ་ཡུལ་རྡོ་ལ་ཁ་རྫོང་གི་ཉེན་རྟོག་སྤྱི་ཁྱབ་ཨུ་མེ་ཤི་རཱ་ཇཱ་ཇོ་ཤིས། འཛིན་བཟུང་བྱས་པའི་བོད་མི་དེ་དག་བལ་ཡུལ་ཕྱི་མི་གཞིས་སྤོ་ལས་ཁུངས་སུ་རྩིས་སྤྲོད་བྱས་ཡོད་སྐོར་བརྗོད་འདུག

ལོ་ལྟར་བོད་ནས་ཁྱོན་བོད་མི་༢༥༠༠ཙམ་རྒྱ་གར་ནང་བཙན་བྱོལ་དུ་ཡོང་བཞིན་ཡོད་པ་དང༌། ཕྱི་ལོ་༢༠༠༨ནས་རྒྱ་ནག་གཞུང་དང་དེ་བཞིན་བལ་ཡུལ་གཞུང་གིས་ཀྱང་བལ་བོད་ས་མཚམས་སུ་དམིགས་བསལ་དམ་དྲག་ཤུགས་ཆེ་བྱེད་ཀྱིན་ཡོད་ལ། ན་ནིང་ཝེ་ཀེ་ལིད་ཀྱིས་ཨ་རིའི་གཞུང་ཚབ་ཁང་གི་གནས་ཚུལ་ཞིག་སྤེལ་བའི་ནང༌། རྒྱ་ནག་གཞུང་གི་དབང་འཛིན་པ་ཚོས་བལ་ཡུལ་ཉེན་རྟོག་པར་བོད་མི་འཛིན་བཟུང་བྱེད་དགོས་པའི་གནོན་ཤུགས་དང་ལྐོག་རྔན་སྤྲོད་ཀྱིན་ཡོད་ལུགས་བརྗོད་ཡོད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བོད་སྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།