༧དཔལ་རྒྱལ་དབང་ཀརྨ་པ་མཆོག་ཨ་རིར་ཆིབས་བསྒྱུར་བསྐྱངས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༧ཚེས་༩ཉིན། ༧དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག ཟླ་འདིའི་ཚེས་༧ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པ་ནས་ཕེབས་ཐོན་གྱིས་བདུན་ཕྲག་༢རིང་ཨ་རིར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུ་གནང་མཛད་རྒྱུ་དང༌། གཞན་ཡང་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་གཅིག་བསྐྱང་འཆར་ཡོད་འདུག

འཛམ་གླིང་ཞི་བདེ་ཆེད་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྩོལ་བཞིན་པའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༡པའི་ཉིན་དང་པོར་འཛམ་གླིང་གི་ས་ཕྱོགས་གང་ས་ནས་དད་ལྡན་ཆོས་ཞུ་བ་ཁྱོན་མི་གྲངས་སྟོང་ཚོ་༡༠ལས་བརྒལ་བ་འདུ་འཛོམས་བྱས་ཡོད་འདུག

༧དཔལ་རྒྱལ་དབང་ཀརྨ་པ་མཆོག་གི་བཀའ་རྒྱུད་འཛིན་སྐྱོང་ལས་ཁུངས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཀརྨ་ཆོས་རྒྱལ་པ་ལགས་ཀྱིས། ཐེངས་འདིར་༧དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག ཨ་རིར་ཆིབས་བསྒྱུར་བསྐྱངས་ནས། ཕྱི་ཟླ་༧པའི་ཚེས་༡༦བར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུ་རྒྱུ་དང༌། དེ་ནས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་གང་ཉིད་ཀྱི་ཆོས་ཚོགས་ཁག་གི་ནང་ཆིབས་བསྒྱུར་བསྐྱང་ནས། ཉིན་ཤས་རིང་མི་མང་ལ་དབང་དང་གསུང་ཆོས་གནང་འཆར་ཡོད་པ་རེད། ཐེངས་འདིར་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁོ་ན་བསྐྱང་རྒྱུ་ཡིན་པ་རེད་ཅེས་IANS.ཀྱི་གསར་འགོད་པར་འགྲེལ་བརྗོད་གནང་འདུག

ཉེ་ཆར་༧དཔལ་རྒྱལ་དབང་ཀརྨ་པ་མཆོག་དང་གང་ཉིད་ཀྱི་ཞབས་འབྲངས་བ་ཁག་ཅིག་ལྡི་ལིར་ཕེབས་ནས། ཟླ་འདིའི་ཚེས་༥ཉིན་དྷ་རམ་ས་ལར་ཡོད་པའི་དཔལ་རྒྱལ་དབང་ཀརྨ་པའི་འཛིན་སྐྱོང་ལས་ཁུངས་ཀྱིས་ལྡི་ལི་ནང་སྲིད་ལས་ཁུངས་སུ། གང་ཉིད་ཨ་རིར་ཆིབས་བསྒྱུར་བསྐྱང་རྒྱུར་རེ་སྐུལ་ཞུས་དོན་ལྟར། རྒྱ་གར་གཞུང་ནས་མཐོང་ཆེན་སྤྲོད་རྒྱུར་མོས་མཐུན་གནང་ཡོད་པ་དང་། ལྡི་ལི་རུ་ཡོད་པའི་༧དཔལ་རྒྱལ་དབང་ཀརྨ་པ་མཆོག་གི་ཞབས་ཕྱི་བ་བསོད་ནམས་ལགས་ཀྱིས། ཐེངས་འདིར་གང་ཉིད་ལ་རྒྱ་གར་གཞུང་ནས་མཐོང་ཆེན་ཕུལ་བར་ཧ་ཅང་དགའ་པོ་བྱུང་ཞེས་ཧིན་དྷུ་སི་ཐན་དུས་བབ་གསར་ཁང་ལ་འགྲེལ་བརྗོད་གནང་འདུག

༧དཔལ་རྒྱལ་དབང་ཀརྨ་པ་མཆོག ཕྱི་ལོ་༢༠༠༠ལོར་བོད་ནས་བཙན་བྱོལ་དུ་ཕེབས་རྗེས། ཕྱི་ལོ་༢༠༠༨ལོར་ཨ་རིར་ཆིབས་བསྒྱུར་ཐེངས་གཅིག་བསྐྱངས་པ་དང༌། ཐེངས་འདིར་ཨ་རིར་ཆིབས་བསྒྱུར་བསྐྱངས་ཐེངས་༢པ་དེ་ཆགས་ཀྱི་ཡོད་པ་རེད།  ཐེངས་འདིར་ཨ་རིར་རུ་བདུན་ཕྲག་༢རིང་བཞུགས་ནས་ཟླ་འདིའི་ཚེས་༢༥ཉིན་ཕྱིར་དྷ་རམ་ས་ལར་ཞབས་སོ་འཁོད་རྒྱུ་ཡིན་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བོད་སྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (11)
11 ༠༧༢༠༡༡༡༧༤༤
བླ་མ་ཀུན་གྱི་བླ་མ་དང་། ཉི་མ་ཀུན་གྱི་ཉི་མ་ཟེར་བའི་དཔེ་ལྟར། བླ་མས་བླ་ཚུགས་མ་བཟུང་ན། ཉེ་གནས་ཀྱིས་དམ་ཚིག་བསྲུང་བའི་གཞི་བཏོལ་བས། དུས་ངན་སྙིགས་མའི་སྐབས་འདིར། མིའི་གཏམ་སྙན་ལ་རེ་མི་བཅོལ་བར། ཀུན་གྱི་མིག་ལྟོས་ལ་ཕན་པའི་མཛད་པ་ཞིག་སྐྱོང་བའི་རེ་བ་ཡོད་་་
10 ༠༧༢༠༡༡༡༦༤༧
གནས་ཚུལ་ཡག་པོ་འདི་འདྲ་ཡང་ཡང་བཏང་རོག །
9 ༡༥༢༠༡༡༢༡༤༧
མིང་མེད་པའི་དོགས་པ་ཞེས་པའི་ཡི་གེ་དེ་མཐོང་སྐབས་ཁྱེད་ལ་རེ་བ་ཚིག་གསུམ་ཞུ་རྒྱུར་སྤྱིར་ཁྱེད་རང་བོད་པ་ཞིག་ཡིན་པའི་ཆ་ནས་རྒྱུ་ཚན་དང་མགོ་འཇུག་གང་ཡང་མེད་པའི་གཏམ་ཉོག་དེ་འདྲ་མི་སྤེལ་པའི་རེ་བ་ཡོད་ གལ་སྲེད་ཁྱེད་རང་ཞ་དམར་པའི་ཕྱོགས་གཏོག་ཞིག་ཡིན་སྲེད་་ཀྱང་རྒྱལ་དབང་ཀརྨ་པ་ལ་མཚན་སྨོད་ཞུ་བ་ནི་ཁྱེད་རང་དམྱལ་བ་འགྲོ་བའི་རྒྱུ་མ་ནོར་བ་ཞིག་ལས་གཞན་གང་ཡང་མ་མཐོང ཁྱེད་རང་ཆོས་ལ་དད་བཞིན་ཙ་བ་ནས་མེད་པ་ཞིག་ཡིན་ནའང་མི་རིག་ཞན་འགོག་གིས་ང་ཚོ་བོད་པ་གཅིག་ལ་གནས་ཚུལ་འཕྲད་ཚེ་གང་ཐུབ་ཀྱིས་རོག་རབ་བྱེད་པ་ལས་ད་དུང་ཁོང་ལ་དོག་པ་ཡོད་ཚུལ་ནི་བརྗོད་ག་ལ་རུང་ མི་རིགས་གི་ཞན་འགོག་དང་ཆོས་ལུག་ལ་དད་པ་གང་ཡང་མེད་ཅིང་ཚེ་འདི་ཕྱི་གང་་ལ་བསམ་བློ་བཏོང་མི་དགོས་མཁན་དེ་ནས་དུ་འགྲོ་ལས་ཀྱང་ལོད་པ་མཐོང་ འཇུག་ཏུ་ཁྱེད་མི་ཞིག་ཡིན་ན་རྒྱུ་མཚན་རྟེལ་འབྲུ་ཙམ་ཡང་མེད་པའི་མི་གཞན་ལ་སྐྱོན་བརྗོད་དང་བླ་ཆེན་ཁག་ལ་མཚན་སྨོད་མི་ཞུ་བའི་རེ་བ་ཡོད་་
བོད་གཞིས་བྱེས་གཉིས་ཀྱི་མགོན་སྐྱབས་བླ་ན་མ་མཆིས་པ་ཆེན་པོ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཨ་རི་ཡུལ་དུ་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་གནང་བཞིན་པ་མ་ཟད་དཔལ་རྒྱལ་བ་ཀརྨ་པ་ཡང་བཀའ་དབང་ཞུ་ཆེད་དུ་ཡུལ་དེར་ཕེབས་ཐུབ་པ་བཅས་ཀྱི་སྐལ་བཟང་དུས་བཟང་གི་སྐབས་དེར། དབུས་བོད་ཀྱི་གཞོན་ལྷན་གྱི་ཚོགས་གཙོ་སོགས་མི་སྣ་འགའ་ཤས་ནས་བཙན་བྱོལ་བོད་གཞུང་ཞེས་འཁོད་པའི་སྟོད་གོས་ཤིག་བཙོང་བ་དེར། དུས་དབང་གོ་སྒྲིག་གི་ཚོགས་གཙོ་ནས་བཀག་འགོག་བྱས་ཡོད་པ་རེད། དེའི་སྐོར་བོད་ཀྱི་བང་ཆེན་དྲ་རྒྱའི་ཐོག་བཙན་བྱོལ་བོད་གཞུང་ཞེས་འཁོད་པའི་སྟོད་གོས་བཀག་འགོག་ཅེས་པའི་མགོ་བརྗོད་འོག་གཞོན་ལྷན་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། བཙན་བྱོལ་ནང་སྐལ་ལྡན་བློ་གྲོས་ལྟ་བུས་བཙན་བྱོལ་བོད་གཞུང་གི་མཚན་བྱང་བཀག་བསྡོམས་རྩ་མེད་གཏོང་ཐབས་བྱས་པ་ཞེས་ཁོང་ལ་སྐྱོན་འཛུགས་ཤིག་བྱས་འདུག དེ་ནི་ཁོང་ལ་ཉེས་མེད་ཉེས་འཛུགས་བྱས་པ་ཤིས་ལས་བདེན་གཏམ་ཞིག་ག་ན་ཡིན། བཙན་བྱོལ་བོད་གཞུང་ཞེས་པའི་མཚན་བྱང་བཀག་བསྡོམས་བྱེད་མཁན་ཞུ་ནའང་འདྲ་བསྒྱུར་བཅོས་བཏང་པ་དེ་ལམ་ལུགས་བཞིན་བསྒྱུར་བཅོས་སམ་ལེགས་བཅོས་བཏང་པ་མ་གཏོགས་སྐལ་ལྡན་ལགས་ཀྱིས་བཀག་བསྡོམས་བྱེད་ཐུབ་པ་ཞིག་མིན་པ་ཀུན་གྱིས་མཁྱེན་གསལ་རེད། ད་ལན་གཞོན་ལྷན་གྱི་ལས་ཀ་འདི་ཡག་པོ་ཞིག་བྱུང་མི་འདུག་ཅེས་ཞུ་བ་འདོད། རྒྱུ་མཚན་ནི་མཚན་བྱང་བསྒྱུར་བཅོས་གཏོང་དགོས་པའི་ལམ་སྟོན་༸གོང་ས་མཆོག་ནས་གནང་བ་དང་དེ་ནས་ལམ་ལུགས་བཞིན་བསྒྱུར་བཅོས་བཏང་བ་རེད། ༸གོང་ས་མཆོག་གིས་དགོངས་གཞི་དགོས་པ་ཆེན་པོ་ཞིག་ལ་བཟིགས་ནས་ལམ་སྟོན་གནང་བ་དེར་གྲོས་ཚོགས་ནས་བསྒྱུར་བཅོས་བཏང་བ་དེར་འགྲིགས་མི་འདུག་མདོག་མདོག་གི་རྣམ་པ་ལྟ་བུ་ཆགས་འདུག་པས་ཡག་པོ་མ་རེད་ཞུ་རྒྱུ་ཡིན། མདོར་ན་༸གོང་ས་མཆོག་གི་བཀའ་དགོངས་དང་མི་མཐུན་པའི་ལས་ཀ་འདི་རིགས་ཡུལ་དུས་ཁྱད་པར་ཅན་འདི་འདྲ་ཞིག་ལ་གཞོན་ལྷན་གྱི་བྱེད་ཕོད་པ་དེ་ཧ་སང་དགོས་པ་ཞིག་རེད། མ་འོང་པ་༸གོང་ས་མཆོག་གི་བཀའ་དགོངས་དང་མི་མཐུན་པའི་བྱ་བ་འདི་རིགས་ཡུལ་དུས་ཁྱད་པར་ཅན་འདི་འདྲའི་སྐབས་ཚོགས་སྡེ་ཁག་ནས་ནམ་ཡང་མ་སྤེལ་རོགས་ཞེས་ཞུ་བ་འདོད།།
དགྲ་ལྷ་དང་། ཀརྨ་ཡེ་ཤེས་གཉིས་ཀྱི་དགོངས་ཚུལ་ཡག་པོ་གསུང་འདུག་པས་ཐུགས་རྗེ་ཆེ། སྤྱིར་རྒྱ་མཚོར་དགོས་འདོད་སྟེར་ནུས་པའི་ནོར་བུ་དང་གཞན་གྱི་ཚེ་སྲོག་འཕྲོག་པར་བྱེད་མཁན་ཆུ་སྲིན་གཉིས་ཀ་ཡོད་པ་བཞིན་སྤྱི་ཚོགས་ཚང་མར་ལྷག་བསམ་དང་ཤེས་འཇོན་མི་བཟང་ངན་གཤེས་ཀ་ཡག་སྡུག་སྣ་ཚོགས་ཤིག་ཡོད་པ་ནི་འཇིག་རྟེན་ཆོས་ཉིད་ཁོ་ན་ལས་མཚུར་ཕུ་བླ་བྲང་གཅིག་པོའི་གནས་ཚུལ་མིན། འོན་ཀྱང་ད་ལན་ཡི་གེའི་ནང་ཆོས་རྒྱུད་མི་མང་གི་བསམ་ཚུལ་ཟེར་བའི་ཚིག་བེད་སྤྱོད་བྱས་པ་དེ་ཧ་ཅང་གཡོ་སྒྱུའི་བཅོས་སྒྲུང་ཞིག་ཡིན་པ་ཤེས་དགོས། ཁོ་བོ་ཡང་ལས་དང་སྨོན་ལམ་རྣམ་པར་དག་པས་རྒྱུ་རྐྱེན་ལ་བརྟེན་ནས་བླ་མ་༧རྒྱལ་དབང་ཀརྨ་པའི་རྗེས་འཇུག་གི་གྲལ་མཐར་འཁོད་པ་ཞིག་ཡིན་པའི་ཆ་ནས་མཚུར་ཕུ་བླ་བྲང་དང་། དེའི་ལས་བྱེད་རྣམས་ལ་རྒྱུས་མངའ་རྩ་བ་ནི་མེད་པའི་མི་ཞིག་མིན་ལྷག་པར་དེ་དག་ལ་དོ་སྣང་དང་སེམས་ཁུར་བྱེད་མཁན་ཞིག་ཡིན། དེ་ལྟ་བུ་ཚང་མ་སྐྱོན་རྐྱང་རྐྱང་ཡིན་ན་ཁོ་བས་སྐྱོན་རྩ་བ་ནས་མེད་པའི་མི་སུ་ཡོད་དེ་ཡང་བཤད་དགོས་པ་རེད་དེ་ནི་ཁོ་རང་དང་ཁོ་རང་འདྲ་བའི་ལག་པ་ཕྱི་ནང་མི་ཤེས་མཁན་དེང་དུས་ཤེས་ཡོན་དང་། སྤྱོད་པ་གང་ལའང་ལྟ་གཟོ་མེད་པ་བླ་བྲང་དང་ཁ་བྲལ་ན་ཉ་ཆུ་དང་བྲལ་བ་བཞིན་རྐང་ཐོག་ལང་མི་ཐུབ་མཁན་ཁ་ཤས་ལས་སུ་ཡང་ལྷག་མི་འདུག་གོ། ད་དུང་མུ་མཐུད་ཞུ་རྒྱུ་ཡོད།
ཡ་ མ་མཐོང་ཀྱང་ཕུག་བསམ་དང་རེ་འདོད་གཅིག་པའི་དྲ་གྲོགས་ཕྲིན་ལས་ལགས།
འུ་གཉིས་ཀྱི་བསམ་ཚུལ་ཆུ་ནང་ཆུ་བླུགས་ལྟར་གཅིག་པ་རེད་འདུག ངས་ཀྱང་དེའི་སྐོར་བསམ་ཚུལ་དེ་བོད་ཀྱི་གཏམ་དཔེར། དབང་མེད་དེ་ཁ་མང་། གཡོགས་ངན་དེ་བྲོད་པ་ཆེ་ཟེར་བ་ལྟར་ནམ་རྒྱུན་ནས་དེ་ཡི་སྐོར་ལ་སེམས་ལས་བྱེད་མཁན་ཞིག་ཡིན་༡༩༩༨་ནང་ཁོ་བོ་བོད་ནས་རྒྱ་གར་ཡོང་བ་ཡིན་སྐབས་དེ་དུས་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་རྩིག་འགྲམ་དུ་ཞྭ་དམར་དང། སི་ཏུ་རྣམ་གཉིས་ཀྱི་ཤོག་ཁག་དགེ་འདུན་པ་རྣམས་ནས་ཉིན་བཞིན་ཕན་ཚུན་བར་ཞེ་སྡང་མི་བཟད་པས་ཀུན་ནས་བསླངས་ཏེ་གཅིག་གིས་གཅིག་ལ་སྨ་འབེབས་དང་ངན་སྨྲས་བཀུར་འདེབས་སོགས་བྱས་པའི་སྦྱར་ཡིག་སྣ་ཚོགས་ཉིན་ལྟར་མཐོང་རྒྱུ་འདུག ངོས་ཀྱང་ལས་དབང་གིས་བཀའ་བརྒྱུད་པའི་གྲལ་མཐར་སྐྱེས་པའི་མི་ཞིག་ཡིན་པའི་རྒྱུ་མཚན་གྱིས་རྩིག་ངོས་སུ་ཡོད་པའི་རྒྱལ་བ་ཡབ་སྲས་རྣམས་ལ་ཕན་ཚུན་ངན་སྨྲས་དང་སྨ་འབེབས་དེ་མཐོང་བའི་སྐབས་སུ་གཅེས་པའི་ཤ་ནས་བཅད་པ་ནང་བཞིན་སྙིང་ནས་འདར་གསིག་རྒྱག་གི་འདུག རྗེས་སུ་དེ་ལས་སྡུག་པ་ཞིག་ལ་ལྡི་ལི་ནས་ཞྭ་དམར་ཀརྨ་པ་འཁྲི་འདོན་མཛད་སྒོའི་སྐབས་སུ་ཕན་ཚུན་སེར་དམག་གི་གཡུལ་གཤམས་ནས་རྡོ་དང་གཡུགས་པ་སོགས་རྒྱག་རེས་བྱས་ཤིང་སྐབས་དེར་ཡོད་པའི་དབྱིན་ཇི་མགོ་སེར་ཁ་ཤས་ཞིག་ལ་སྨས་རྐྱོན་ཕོག་ནས་རྗེས་མར་ཁོང་ཚོའི་བརྙན་པར་དེ་རྣམས་ཡུབ་ཏྲུབ་ནང་ལ་གཏང་ཞིང་། བརྙན་ཕྲིན་དེ་ཡི་མིང་ལ་ བོད་ཀྱི་བླ་མའི་དམག་འཁྲུགས། ཟེར་བ་ཞིག་མཐོང་བྱུང་བས་ཧ་ཅང་སེམས་པ་སྐྱོ་བྱུང་། སྐབས་དེ་དུས་ངོས་ནས་ང་ཡི་གྲོགས་པོ་གྲྭ་པ་ཁ་ཤས་ལ་དེ་ཡག་པོ་བྱུང་མི་འདུག གཏམ་དཔེར་རྐྱེན་མ་ཡོང་གོང་ནས་ཟློག་པ་དང་། ཆུ་མ་ཡོང་གོང་ནས་རགས་ཞེས་པའི་དཔེ་ལྟར་དུ་རེད་ཕན་ཚུན་འགྲིགས་ཐབས་བསམ་བློ་གཏང་ན་ཡག་པོ་ཡོད་སྐོར་བཤད་དུས་ཁོང་ཚོའི་ཁྱེད་རང་ཞྭ་དམར་ཚང་རེད་དང་། ཁྱོད་རང་སི་ཏུ་ཚང་རེད་ཟེར་ནས་གཤེ་གཤེ་གཏོང་རྐྱང་ལས་བཀའ་བརྒྱུད་པའི་བསྟན་པ་སྤྱི་ལ་ཕན་ཚུན་གཉིས་ཀས་བསམ་བློ་གཏོང་གི་མི་འདུག ད་ལྟའི་དུས་འདིར་ཀརྨ་བཀའ་བརྒྱུད་ཀྱི་བསྟན་པ་ལ་ཕུག་རྒྱངས་རིང་པོར་བསམ་བློ་གཏོང་མཁན་ཞིག་ཡོད་ན། ངེས་པར་ཅན་གྱིས་ཀརྨ་པ་གཉིས་མཇལ་འཕྲད་བྱེད་ནས་བཀའ་བརྒྱུད་པའི་འཁོན་འདུམ་འགྲིག་འཇག་བྱེད་དགོས་འདུག
5 ༡༢༢༠༡༡༢༡༥༦
བོད་མི་ལྷགས་བསམ་ཅན་གྱི་སྤུན་ཟླ་མཚོ། ཁ་སྔོན་མཚུར་ཕུ་བླ་བྲང་གི་ལས་བྱེད་རྣམས་ལ་ཡི་གེ་འདྲི་མཁན་ནི་བླ་བྲང་གི་སྒྲིག་འཇུག་ནས་གནས་དབྱུང་བཏང་ཚར་བའི་བསྟན་ཤིགས་ལྷག་པ་རྡོ་རྗེ་དང་། ཁྱི་ལ་སེངྒེ་མིང་ཟེར་བ་ལྟར་པནྜི་ཏ་མིན་ཡང་མིང་པནྜི་ཏ་ཡིན་པ་ཀུན་གྱི་མཁྱེན་གནང་མཛོད།
ང་མམཚོ་བོད་མི་སྤུན་ཟངལ་མཚོ་བསམ་བློ་རྒྱ་ཆེན་མཐོང་དང་། ང་མཚོ་ཁ་ནས་སེམས་ཅན་ཐམས་ཅད་དང་། རྡུལ་གཅིག་སྟེང་ན་ང་རྡུལ་སྙེད་སངས་རྒྱས་རྣམས་ཞེས་དུས་རྒྱུན་དུ་ཟེར་གི་ཡོད། ཡིན་ཡང་སངས་རྒྱས་ཀརྨ་པ་དེ་ང་མཚོ་བོད་གཅིག་པུའི་མཐར་ཐུག་གི་སྐྱབས་གནས་ཡིན་པ་འཛིན་བསྟང་དེ་ནོར་འཀྲུལ་མིན་ནམ་ཐུགས་བསམ་རྒྱ་ཆེན་བཞེས་དང་། དཔེར་ན་སེམས་ཅནབྱེ་བ་ཕྲག་རྒྱ་ལ་ཀརྨ་པ་བྱེ་བ་ཕྲག་རྒྱ་ཟེར་བ་དེ་གོས་ཉོང་མེད་དམ་དེ་ཡིན་དུ་ང་མཚོ་ཚང་བློ་གཟུ་བོར་གནས་ནས་བསམ་བློ་གཏང་ད་པ་ཞུས།ན་ཡག་གི་མེད་དམ།ལྗགས་ལེན་ཡོ
༧རྒྱལ་དབང་ཀརྨ་པ་མཆོག་ཉེ་བའི་ཆར་ཨ་རིར་ཕེབས་ཐུབ་པ་འ་ཧ་ཅང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན། ད་དུང་མུ་མཐུད་རྒྱལ་སྤྱི་དང་རྒྱལ་ནང་དུ་རང་དབང་ཐོག་ཕེབས་སྐྱོད་གནང་ཐུབ་ཚེ་དེ་ནི་བསྟན་འགྲོ་སྤྱིའི་བསོད་ནམས་ཡིན། མགོན་པོ་མཆོག་གི་མཛད་ཕྲིན་རྒྱས་དང་མ་རྒྱས་ནི་གཙོ་ཆེར་རང་རེ་ཀཾ་ཚང་ནང་ཁུལ་གྱི་དམ་ཚིག་ལ་རྒྱ་ལ་ཐུག་པ་ལས། གཞན་གཞུང་སྒེར་སུ་ལའང་སྐྱོན་འཛུག་བྱ་རྒྱུ་མེད། ལྷག་པར་རྒྱལ་བ་ཡབ་སྲས་རྣམས་ནས་ཁ་ཕོ་རུ་དང་ཆོས་དང་ཆབ་སྲིད་མཉམ་སྲེས་ཀྱི་ཕྱག་ལས་རྣམས་དོར་ཏེ་བསྟན་པ་ལ་ཐུགས་དགོངས་གཏད་དེ་ནང་འགྲིག་གནང་ཐུབ་པའི་དུས་ཤིག་བྱུང་ཚེ་ད་གཟོད་རྒྱལ་དབང་མཆོག་གི་མཛད་ཕྲིན་སྔར་ལྷག་རྒྱས་རྒྱུར་སྨོས་མ་དགོས་པ་ཞིག་རེད། དེ་ནི་གཙོ་བོ་ཡབ་སྲས་རྣམས་ཀྱི་བླ་བྲང་གི་ལས་བྱེད་ཁག་ལ་ཐུག་ཡོད་འདས་པའི་གནས་ཚུལ་རྣསམ་ཕྱིར་དྲན་མི་བྱེད་པར་ནང་འགྲིག་ལ་ཚང་མའི་ཐུགས་ཕྱོགས་དགོས་རྒྱུ་ནི་བསྟན་པ་དང་སེམས་ཅན་ལ་ཕན་པའི་ཐབས་བླ་ན་མེད་པ་ཞིག་ཡིན། རྒྱལ་དབང་མཆོག་གི་དགོངས་པའང་དེ་ལས་ལྷག་པ་མེད་རང་ཕྱོགས་དང་། གཞན་ཕྱོགས་རང་རྒྱལ་གཞན་ཕམ་རང་ཕྱོགས་བདེན་པ་གཞན་ཕྱོགས་རྫུན་པ་སོགས་ངན་ཕྱོགས་ཁོ་ན་ལ་དགོངས་པ་བཞེས་ནས་ནང་འགལ་རྐྱང་བྱས་ན་བླ་སློབ་ཚང་མ་འགྲོ་ས་གཅིག་ལས་མེད་པ་ཀུན་ཤེས་རེད། དེ་བསྟན་དོན་རེད་དམ་འགྲོ་དོན་རེད་དགོངས་པ་བཞེས་རོགས། ཁོང་རྣམས་སྐུ་ཕྲེང་བཅུ་གྲངས་ལ་ཕེབས་པའི་སྐྱེས་ཆེན་དམ་པ་རྐྱང་རྐྱང་ཡིན་ད་དུང་བསྟན་པ་དང་སེམས་ཅན་གང་ལའང་དགོངས་པ་མ་བཞེས་པར་འཁོན་སེམས་དང་། འགྲན་སེམས་ཕྲག་དོག་ལྟ་བུའི་ཕྱག་ལས་གནང་སྡད་ན་བསྟན་འགྲོའི་དོན་གང་འདྲ་གནང་དགོངས་པ་བཞེས་དང་། བདག་དང་བདག་འདྲའི་རྗེས་འཇུག་བུ་སློབ་རྣམས་ཐར་པ་ལ་འགོད་རྒྱུ་ཡིན་ནམ་དམྱལ་བ་ལ་འཕེན་རྒྱུ་ཡིན། དེང་དུས་འཛམ་གླིང་ཡར་རྒྱས་འགྲོ་བ་དང་བསྟུན་ཕན་ཚུན་དཀའ་ངལ་ཇི་ཡོད་གདོང་དང་གདོང་ཐུག་ནས་བཀང་མོལ་ལམ་ནས་ཐག་ཆོད་དགོས་པ་ལས་རྙིང་ཞེན་གྱི་ཕྱག་ལས་མ་གནང་ན་ལེགས། ལྷག་པར་རྒྱལ་དབང་ཀརྶ་པ་གཉིས་མ་དགོས་བཅུ་བྱུང་ཡང་ཚང་མས་བསྟན་པ་དང་སེམས་ཅན་དོན་མཛད་མཁན་ཞིག་བྱུང་ན་ཚང་མའི་ངོས་ལེན་བྱེད་དགོས་པ་ཞིག་རེད། མདོར་ན་ཐུགས་རྒྱ་ཆེན་པོ་བཞེས་ནས་ནང་འགྲིག་གང་མགྱོགས་གནང་ན་རྩོད་པ་ཆོས་ཕྱོགས་སུ་ཞི་བའི་ཐབས་ལམ་ཡག་ཤོས་སུ་མཐོང་།
དེང་སྐབས་རྒྱ་གར་ལྷོ་ཕྱོགས་སུ་གནས་པའི་་སློབ་སྦྱང་གནང་མཁན་སོག་པོའི་གྲ་རིགས་དེ་ཚོས་་བོད་པའི་ཞབས་འདྲེན་མང་དག་ཅིག་ཞུ་ཡོང་གིན་འདུག གྲ་ས་ཁག་གི་ཡང་རྐྱང་ལང་ལ་བཏང་ནས་གང་འདོད་དུ་གནང་ནའང་ལས་གནས་རྣམས་ཀྱི་མ་ཤས་འདོག་འདོག་གཞག་གི་འདུག སྤྱི་སྟངས་ཡིན་ན་སོག་པོ་དེ་ཚོ་ཡང་བོད་པའི་སྤྱི་ཚོགས་ནང་ནས་གྲོགས་་གྲོགས་བྱ་རྒྱུ་ངོ་ཚ་དགོས་པ་རེད་གང་ཡིན་ཟེར་ན་སློབ་སྦྱོངགི་ཐུན་རྐྱེན་ཡོངས་སུ་རྫོགས་པ་དགོན་པ་དང་བོད་གཞུང་རྟེན་ཡོད་པ་རེད། གོ་ཚོར་ལྟར་ན་ཁ་ཉིན་སྔོན་མ་གྲ་ཆུང་གཅིག་ལ་སོག་པོ་གྲ་བ་མང་པོ་ཞིག་གིས་བརྡུང་བརྡེག་ཚབས་ཆེན་བཏང་ཡོད་ནའང་ལས་གནས་རྣམས་ཀྱིས་མ་ཤས་འདོག་འདོག་བྱས་འདུག ་གལ་སྲིད་བོད་པའི་གྲ་བ་ཞིག་གིས་དེ་འདྲ་ཞིག་བྱས་པ་ཡིན་ན་ཚོགས་གྲལ་ནས་གནས་གཡེང་ལ་གཏོང་རྐྱང་རེད་ད་གྲ་བ་དེ་ཡང་འགྲོ་རྐྱང་བྱ་གིན་རེད། རྒྱུ་མཚན་འདི་དག་གིས་བསྐོར་ཤས་འདོད་ཡོད་ན་མི་ཐུད་གཏོང་གི་ཡིན། གྲ་གྲོག་ས་ཚོས་ལྟ་འདོད་ཡོད་མེད་གང་ཤས་ཧ་ཅིང་གིས་མདོར་སྡུས་ཤིག་ཡིན།།
1 ༡༡༢༠༡༡༢༡༥༦
རྒྱལ་བ་ཀརྨ་བ་མཆོག་ཕྱི་རྒྱལ་དུ་ཕེབས་ནས་གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་དུས་་འཁོར་དབང་མོ་ཆེ་དང་་ཆབས་་གཅིག་ཆོས་ཚོགས་ཁག་ལ་ཕེབས་ནས་མཛད་འཕྲིན་སྐྱངས་རྒྱུ་ལ་དགའ་སྤྲོ་ཆེན་པོ་ཡོད། ཡིན་ནའང་ཞབས་འབྲིང་བ་རྣམས་ཀྱི་དུས་གཏན་དུ་ཕྱི་ནང་གང་་ལ་ཕེབས་ན་ཡང་འདྲ་བློ་གཟུར་བོ་གནས་རྒྱུ་དང་ཀརྨ་བ་མཆོག་གི་ཞབས་འདྲེན་མི་ཞུ་རྒྱུ་བོད་མི་སྥྱི་བོ་ཡོང་གི་རེ་འདུན་ཡིན།



བརྗོད་གཞི་གཞན་ཁག་ལ་གཟིགས།