སྐུའི་འཁྲུངས་སྐར་ཉིན་མོ་ལྷག་དཀར་སྲུང་བརྩི་ཞུས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༧ཚེས་༨ཉིན། ཟླ་འདིའི་ཚེས་༦སྐུའི་འཁྲུང་སྐར་ཉིན་མོ་དྷ་ས་མེ་གྷན་ཉིན་སློབ་ཏུ། བོད་མི་བརྒྱ་ཕྲག་འགའ་ཤས་མཉམ་འཛོམས་ཐོག སྲོལ་རྒྱུན་གྱི་གྱོས་ཆས་གཟབ་འཆོར་སྤྲས་པ་ནས་གཞས་དང་ཞབས་བྲོ་བརྒྱབ་པ་དང༌། བོད་མིའི་སྲོལ་རྒྱུན་གྱི་རྩེད་རིགས། ཐག་པ་འཐེན་པ་དང༌། མདའ་འཕེན་པ། ལག་ཤེད་སྡུར་བ། ཐག་མཆོང་རྒྱག་པ། ས་སྒྱེ་མགྱོགས་ནས་ཤེད་ཤུགས་འགྲན་པ་སོགས་རྩེད་མོ་སྣ་ཚོགས་རྩེས་ནས་༼ལྷག་དཀར་༽སྲུང་བརྩི་ཞུས་ཡོད།

༼ལྷག་དཀར་༽སྲུང་བརྩི་དང་རྩེད་རིགས་གོ་སྒྲིག་གནང་མཁན་‘Tibet I Care’ཟེར་བའི་ཚོགས་པ་དེ་ཡིན་འདུག་པ་དང༌། གཞན་ཡང་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང། ས་གནས་བུད་མེད་ཚོགས་པ། དགུ་བཅུ་གསུམ་ལས་འགུལ་ཚོགས་པ་སོགས་མཉམ་ཞུགས་བྱས་ཡོད་འདུག

༼ལྷག་དཀར་༽ཞེས་པ་ནི། སྤྱིར་རེས་གཟའ་ལྷག་པ་ནི་༧གོང་ས་མཆོག་གི་སྐུའི་བླ་གཟའ་ཡིན་སྟབས། ཕྲག་གཅིག་གི་ནང་རེས་གཟའ་ལྷག་པའི་ཉི་མོ་དེ་བདམས་པ་ཞིག་རེད། ཉིན་མོ་དེར་བོད་མི་རིགས་ཀྱི་ཆས་གོས་གྱོན་རྒྱུ་དང་། བོད་སྐད་གཙང་མ་ཤོད་ནས་བོད་དོན་གླེང་རྒྱུ། བོད་ཟས་དང་དཀར་ཟས་ཁོ་ན་སྤྱད་ནས་དམར་ཟས་རིགས་སྤང་རྒྱུ། ཉིན་དེར་དཀར་ཕྱོགས་དགེ་བའི་ལས་བསྒྲུབ་པར་དགོན་པར་དང་ལྷ་ཁང་སོགས་ལ་མཆོད་མཇལ་དང་སྐོར་བ་འགྲོ་བ་སོགས་ཀྱིས་མདོར་ན་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང་དགེ་སྒྲུབ་སྡིག་སྤོང་གི་ལས་འགུལ་ཞིག་ལ་༼ལྷག་དཀར་༽ཟེར།

ལས་འགུལ་འདི་ཐོག་མར་ཕྱི་ལོ་༢༠༠༨ལོར་བོད་ནང་དུ་འགོ་འཛུགས་བྱས་པ་ཞིག་ཡིན་པ་དང༌། རིམ་བཞིན་བཙན་བྱོལ་དུའང་ལས་འགུལ་འདི་སྲུང་བརྩི་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།