བཞུགས་སྒར་དུ་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་སོང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༧ཚེས་༦ཉིན། དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཇིག་རྟེན་ཞི་བདེའི་དེད་དཔོན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༧༦ཕེབས་པའི་སྐུའི་འཁྲུངས་སྐར་ཟབ་རྒྱས་ཤིག་སྲུང་བརྩི་ཞུས་སོང༌།

མཛད་སྒོའི་ཐོག་བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང༌། ཁྲིམས་ཞིབ་པ་ཆེ་བ། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམ་བསྟན་འཕེལ་མཆོག་བཅས་ཀྱིས་གཙོས། བོད་མི་མང་སྤྱི་འཐུས་རྣམ་པ་དང༌། མང་གཙོ་ཀ་བ་གསུམ་གྱི་སྲི་ཞུའི་ལས་བྱེད་རྣམ་པ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཅས་ཀྱི་ཚོགས་མི། དྷ་སའི་ཉེ་འཁོར་སློབ་གྲྭ་ཁག་གི་དགེ་སློབ། དྷ་སར་གནས་སྡོད་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་༢༠༠༠ལྷག་ཙམ་ཞིག་འདུ་འཛོམས་ཀྱི་གཞས་སྣ་འཁྲབ་སྟོན་བཅས་སྤྲོ་སེམས་འཁོར་བའི་ངང་ནས་གང་ཉིད་ཀྱི་འཁྲུངས་སྐར་རྟེན་འབྲེལ་ཞུས་སོང་།

ཐོག་མར་བོད་ཀྱི་ཟློས་གར་ནས་རྔ་རོལ་དང་བཅས་བཀའ་ཁྲི་མཆོག་ནས་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་བ་དང༌། དེ་མཚུངས་སུ་བོད་ཀྱི་ཟློས་གར་ཚོགས་པ་ནས་མགོན་པོ་གང་ཉིད་ལ་༼དྲུག་བཅུའི་དབྱངས་ལྡན་༽གྱི་གླུ་དབྱངས་བཅས་མཆོད་པར་ཕུལ་སོང༌།

བཀའ་ཁྲི་མཆོག་ནས་གཞུང་ཞབས་ལས་དོན་བསྒྲུབས་ནས་ཞབས་ལོ་༢༥འཁོར་བའི་སྲི་ཞུའི་ལས་བྱེད་ཁག་གཅིག་ལ་གསོལ་རས་དང༌། དཔེ་དེབ་ཁག་ཅིག་དབུ་འབྱེད་གནང་གྲུབ་རྗེས། བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་གི་གསུང་བཤད་དང༌། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམ་བསྟན་འཕེལ་མཆོག་ནས་བོད་མི་མང་སྤྱི་འཐུས་ཀྱི་གསུངས་བཤད་བཅས་རིམ་པར་སྒྲོག་སྦྱངས་གནང་སོང༌།

མཛད་སྒོ་འདིའི་ཐོག བོད་ཀྱི་ཟློས་གར་དང༌། ཐང་སྟོང་གླུ་གར། དྷ་སྟེང་བོད་ཁྱིམ། དྷ་ཤོད་བོད་ཁྱིམ། མེས་དབོན་དཔེ་སྟོན་སློབ་གྲྭ། ཡོངས་གླིང་སྔོན་འགྲོ་སློབ་གྲྭ། མེ་གྷན་ཉིན་སློབ། ཤེས་རབས་དགའ་ཚལ་སློབ་གླིང༌། ནོར་གླིང༌། ས་རཱ་མཐོ་སློབ། དབུས་གཙང་ཆོལ་ཁ། མདོ་སྟོད་ཆོལ་ཁ། མདོ་སྨད་ཆོལ་ཁ་བཅས་ནས་གཞས་སྣ་ཁག་ཅིག་གཟིགས་འབུལ་ཞུས་སོང༌། མཛད་སྒོ་དངོས་གཞི་གྲུབ་རྗེས་བཀའ་ཁྲི་མཆོག་ནས་བོད་ཀྱི་སྨན་ལུགས་གཙང་བྲིས་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་ལ་གཟིགས་ཞིབ་གནང་བར་ཕེབས་སོང༌།

གཞན་ཡང་དེ་རིང་སྐུའི་འཁྲུངས་སྐར་དང་སྟབས་བསྟུན། བོད་ཀྱི་སྐད་ཡིག་ཚགས་པར་དང༌། མ་ཡུལ་ཚགས་པར། འོད་ཐིག སམ་བྷོ་ཊ། གཞོན་ནུའི་འགྱུར་ཁུག་ཚགས་པར་བཅས་ཚགས་ཤོག་མི་འདྲ་བ་མང་པོ་ཞིག་འགྲེམས་སྤེལ་བྱེད་བཞིན་འདུག་ལ། བཞུགས་སྒར་དྷ་ས་མེག་གྷན་བོད་མི་སྐྱབས་བཅོལ་བའི་ཚོང་པའི་བདེ་དོན་སྒྲིག་འཛུགས་ནས། ཧིན་སྒོར་༥༠ཅན་གྱི་རྒྱན་ཤོག་ཅིག་ཀྱང་འགྲེམས་སྤེལ་བྱེད་ཀྱིན་འདུག

རྒྱན་ཤོག་དེའི་ནང་བྱ་དགའ་ཨང་དང་པོར་སྦག་སྦག་ཅིག་དང༌། ཨང་གཉིས་པར་བརྙན་འཕྲིན་༡། ཨང་གསུམ་པར་འཁྱག་སྒམ་༡། ཨང་བཞི་པར་གོས་འཁྲུ་འཕྲུལ་ཆས་༡། ཨང་༥པར་ནོ་ཁེ་ཝ་ཁ་པར་༡། ཨང་དྲུག་པར་ལྕ་དངོས་མི་འདྲ་བ་གྲངས་༡༠ཙམ་ཞིག་སྤྲོད་རྒྱུ་ཡིན་ལུགས་འགྲེལ་བརྗོད་གནང་འདུག་ལ། རྒྱན་ཤོག་དེ་འགྲེམས་སྤེལ་བྱས་ནས་ཉིན་༡༥མཚམས་སུ་གྲུབ་འབྲས་ཕྱི་སྒྲོག་བྱ་རྒྱུ་ཡིན་ལུགས་འགྲེལ་བརྗོད་གནང་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Normal 0 false false false EN-US ZH-CN X-NONE MicrosoftInternetExplorer4

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༧ཚེས་༦ཉིན། དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཇིག་རྟེན་ཞི་བདེའི་དེད་དཔོན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༧༦ཕེབས་པའི་སྐུའི་འཁྲུངས་སྐར་ཟབ་རྒྱས་ཤིག་སྲུང་བརྩི་ཞུས་སོང༌།

མཛད་སྒོའི་ཐོག་བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང༌། ཁྲིམས་ཞིབ་པ་ཆེ་བ། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམ་བསྟན་འཕེལ་མཆོག་བཅས་ཀྱིས་གཙོས། བོད་མི་མང་སྤྱི་འཐུས་རྣམ་པ་དང༌། མང་གཙོ་ཀ་བ་གསུམ་གྱི་སྲི་ཞུའི་ལས་བྱེད་རྣམ་པ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཅས་ཀྱི་ཚོགས་མི། དྷ་སའི་ཉེ་འཁོར་སློབ་གྲྭ་ཁག་གི་དགེ་སློབ། དྷ་སར་གནས་སྡོད་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་༢༠༠༠ལྷག་ཙམ་ཞིག་འདུ་འཛོམས་ཀྱི་གཞས་སྣ་འཁྲབ་སྟོན་བཅས་སྤྲོ་སེམས་འཁོར་བའི་ངང་ནས་གང་ཉིད་ཀྱི་འཁྲུངས་སྐར་རྟེན་འབྲེལ་ཞུས་སོང་།

ཐོག་མར་བོད་ཀྱི་ཟློས་གར་ནས་རྔ་རོལ་དང་བཅས་བཀའ་ཁྲི་མཆོག་ནས་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་བ་དང༌། དེ་མཚུངས་སུ་བོད་ཀྱི་ཟློས་གར་ཚོགས་པ་ནས་མགོན་པོ་གང་ཉིད་ལ་༼དྲུག་བཅུའི་དབྱངས་ལྡན་༽གྱི་གླུ་དབྱངས་བཅས་མཆོད་པར་ཕུལ་སོང༌།

བཀའ་ཁྲི་མཆོག་ནས་གཞུང་ཞབས་ལས་དོན་བསྒྲུབས་ནས་ཞབས་ལོ་༢༥འཁོར་བའི་སྲི་ཞུའི་ལས་བྱེད་ཁག་གཅིག་ལ་གསོལ་རས་དང༌། དཔེ་དེབ་ཁག་ཅིག་དབུ་འབྱེད་གནང་གྲུབ་རྗེས། བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་གི་གསུང་བཤད་དང༌། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམ་བསྟན་འཕེལ་མཆོག་ནས་བོད་མི་མང་སྤྱི་འཐུས་ཀྱི་གསུངས་བཤད་བཅས་རིམ་པར་སྒྲོག་སྦྱངས་གནང་སོང༌།

མཛད་སྒོ་འདིའི་ཐོག བོད་ཀྱི་ཟློས་གར་དང༌། ཐང་སྟོང་གླུ་གར། དྷ་སྟེང་བོད་ཁྱིམ། དྷ་ཤོད་བོད་ཁྱིམ། མེས་དབོན་དཔེ་སྟོན་སློབ་གྲྭ། ཡོངས་གླིང་སྔོན་འགྲོ་སློབ་གྲྭ། མེ་གྷན་ཉིན་སློབ། ཤེས་རབས་དགའ་ཚལ་སློབ་གླིང༌། ནོར་གླིང༌། ས་རཱ་མཐོ་སློབ། དབུས་གཙང་ཆོལ་ཁ། མདོ་སྟོད་ཆོལ་ཁ། མདོ་སྨད་ཆོལ་ཁ་བཅས་ནས་གཞས་སྣ་ཁག་ཅིག་གཟིགས་འབུལ་ཞུས་སོང༌།

མཛད་སྒོ་དངོས་གཞི་གྲུབ་རྗེས་བཀའ་ཁྲི་མཆོག་ནས་བོད་ཀྱི་སྨན་ལུགས་གཙང་བྲིས་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་ལ་གཟིགས་ཞིབ་གནང་བར་ཕེབས་སོང༌།

གཞན་ཡང་དེ་རིང་སྐུའི་འཁྲུངས་སྐར་དང་སྟབས་བསྟུན། བོད་ཀྱི་སྐད་ཡིག་ཚགས་པར་དང༌། མ་ཡུལ་ཚགས་པར། འོད་ཐིག སམ་བྷོ་ཊ། གཞོན་ནུའི་འགྱུར་ཁུག་ཚགས་པར་བཅས་ཚགས་ཤོག་མི་འདྲ་བ་མང་པོ་ཞིག་འགྲེམས་སྤེལ་བྱེད་བཞིན་འདུག་ལ། བཞུགས་སྒར་དྷ་ས་མེག་གྷན་བོད་མི་སྐྱབས་བཅོལ་བའི་ཚོང་པའི་བདེ་དོན་སྒྲིག་འཛུགས་ནས། ཧིན་སྒོར་༥༠ཅན་གྱི་རྒྱན་ཤོག་ཅིག་ཀྱང་འགྲེམས་སྤེལ་བྱེད་ཀྱིན་འདུག

རྒྱན་ཤོག་དེའི་ནང་བྱ་དགའ་ཨང་དང་པོར་སྦག་སྦག་ཅིག་དང༌། ཨང་གཉིས་པར་བརྙན་འཕྲིན་༡། ཨང་གསུམ་པར་འཁྱག་སྒམ་༡། ཨང་བཞི་པར་གོས་འཁྲུ་འཕྲུལ་ཆས་༡། ཨང་༥པར་ནོ་ཁེ་ཝ་ཁ་པར་༡། ཨང་དྲུག་པར་ལྕ་དངོས་མི་འདྲ་བ་གྲངས་༡༠ཙམ་ཞིག་སྤྲོད་རྒྱུ་ཡིན་ལུགས་འགྲེལ་བརྗོད་གནང་འདུག་ལ། རྒྱན་ཤོག་དེ་འགྲེམས་སྤེལ་བྱས་ནས་ཉིན་༡༥མཚམས་སུ་གྲུབ་འབྲས་ཕྱི་སྒྲོག་བྱ་རྒྱུ་ཡིན་ལུགས་འགྲེལ་བརྗོད་གནང་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།