བཙན་བྱོལ་བོད་ཕྲུག་སློབ་མར་ཁོར་ཡུག་གོ་རྟོགས་སྤེལ་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༧ཚེས་༥ཉིན། འདི་ལོ་ཕྱི་ཟླ་༦པའི་ཚེས་༢༣ནས་ཟླ་༧པའི་ཚེས་༢བར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ཁོར་ཡུག་ཚན་པའི་ལས་བྱེད་ཁག་ཅིག བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཅིག་གི་ནང་སྐོར་སྐྱོད་ཀྱིས་བོད་ཕྲུག་སློབ་མ་རྣམས་ལ་ཁོར་ཡུག་སྐོར་ངོ་སྤྲོད་དང་གོ་རྟོགས་སྤེལ་འདུག

དེ་ཡང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་སུ་གནས་ཚུལ་སྤེལ་བར་ལྟར་ན། དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ཁོར་ཡུག་ཚན་པའི་ཉམས་ཞིབ་པ་དོན་གྲུབ་སྒྲོལ་མ་བར་འཚོ་ལགས་དང་ཆོས་སྐྱིད་ལགས། འཇིགས་མེད་ནོར་བུ་ལགས། བསྟན་པ་རྒྱལ་མཚན་ལགས་བཅས་ཀྱིས་ཧི་མཱ་ཅལ་དང་ཨུ་ཏར་རན་ཅལ་མངའ་སྡེའི་ཌལ་ཧོར་དང། ཌོ་ལན་ཇི། མ་སུ་རི། སིམ་ལ། པོན་ཊ། ཧར་བྷ་པུར། པུར་ཝ་ལ། སེ་ལ་ཀུལ།  སོགས་ཀྱི་ནང་ནང་བཙན་བྱོལ་བོད་མིའི་གནས་སྡོད་ཀྱི་གཏན་སློབ་དང་བོད་ཁྱིམ་སློབ་གྲྭ། སམ་བྷོ་ཊའི་སློབ་གྲྭ། བཅས་ཀྱི་དགེ་ལས་སློབ་ཕྲུག་དང་གཞན་ཡང་མི་མང་ཁག་གཅིག་བཅས་ལ་མཐོ་སྒང་བོད་ཀྱི་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག རྒྱ་ནག་གཞུང་གིས་བོད་ཀྱི་ཆུ་ཆེན་ཁག་ཁ་བསྒྱུར་ཆེད་ཆུ་རགས་བརྒྱབ་དང་རྒྱག་བཞིན་པ། དེ་བཞིན་འབྲོག་པ་རྣམས་བཙན་དབང་གིས་འབྲོག་སའི་རྩྭ་ཐང་ནས་ཕྱིར་འབུད་བྱས་པ། བོད་ནང་རང་བྱུང་ཁམས་ཀྱི་གཏེར་ཁ་སྔོག་འདོན་བྱས་པ། བོད་ཀྱི་རི་དྭགས་དང་གཅན་གཟན་སོགས་ངོ་སྤྲོད་བཅས་དཔར་རིགས་དང་གློག་བརྙན། དྲི་བ་དྲིས་ལན་གྱི་ལམ་ནས་བོད་ཀྱི་ཁོར་ཡུག་གནས་སྟངས་གོ་རྟོགས་རྒྱ་ཆེ་སྤེལ་བ་དང༌། ཌལ་ཧོར་གཏན་སློབ་ལྟ་བུར་མཚོན་ན་སློབ་ཕྲུག་རྒན་གཞོན་ཁག་སོ་སོར་ངོ་སྤྲོད་གནང་ཡོད་འདུག

དེ་བཞིན་ཌོ་ལན་ཇི་སློབ་གྲྭར་འཛིན་ཁང་གུ་ཡངས་མེད་སྟབས་སློབ་གྲྭའི་དཔེ་མཛོད་ཁང་དུ་འཛིན་རིམ་དྲུག་པ་ནས་བཅུ་གཅིག་བར་གྱི་སློབ་ཕྲུག་རྣམས་ཆ་བགོས་ཀྱིས་ཚོགས་ཐེངས་ཁག་ཁ་ཤས་ཚོགས་ཡོད། འབྲེལ་ཡོད་ལས་བྱེད་ཆོས་སྐྱིད་ལགས་དང་བསྟན་པ་རྒྱལ་མཚན་གཉིས་ཀྱི་བོད་ཀྱི་ཁོར་ཡུག་གོ་རྟོགས་སྤེལ་རྒྱུའི་གཏམ་བཤད་ཉིན་མཐའ་མ་སིམ་ལ་གཏན་སློབ་ཏུ་གནང་སྐབས་སློབ་ཕྲུག་རྣམས་ཀྱིས་དོ་སྣང་ཆེན་པོ་བྱས་ཡོད་པ་མ་ཟད། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་ཐབས་ཇི་ཡོད། བོད་མཐོ་སྒང་གི་ཚ་དྲོད་དེ་གོ་ལའི་ཚ་དྲོད་ལས་ཉིས་ལྡབ་འཕར་དགོས་དོན་སོགས་ཀྱི་དྲི་བར་འབྲེལ་ཡོད་ལས་བྱེད་གཉིས་ཀྱིས་ལན་འདེབས་ཁ་གསལ་གནང་ཡོད་པ་མ་ཟད།  དོན་གྲུབ་སྒྲོལ་མ་བར་འཚོ་ལགས་དང་འཇིགས་མེད་ནོར་བུ་ལགས་གཉིས་ཀྱིས་པུར་ཝ་ལ་སམ་བྷོ་ཊའི་སློབ་གྲྭའི་དགེ་ལས་སློབ་ཕྲུག་རྣམས་ལ་བོད་ཀྱི་ཁོར་ཡུག་གོ་རྟོགས་སྤེལ་བ་དང་སྦྲགས་སློབ་གྲྭའི་འབྲེལ་ཡོད་ལས་བྱེད་རྣམས་ཀྱིས་མཐུན་འགྱུར་གང་ལེགས་གནང་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།