ཉི་ཧོང་དུ་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༦ཚེས་༤ཉིན། ཟླ་འདིའི་ཚེས་༢ཉིན་ཉི་ཧོང་གི་རྒྱལ་ས་ཁྲོ་ཡོབ་ཏུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༧༦ཕེབས་པའི་སྐུའི་འཁྲུངས་སྐར་ཟབ་རྒྱས་ཤིག་སྲུང་བརྩི་ཞུས་འདུག དེ་ཡང་ཟླ་འདིའི་ཚེས་༢ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག དགུང་གྲངས་༧༦ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཚེས་ཤར་ལ་ཉེ་བའི་ཉིན་༤གྱི་ཡར་སྔོན་དེར། ཉི་ཧོང་གི་རྒྱལ་ས་ཊོ་ཡོབ་ཀྱི་གྲོང་ཁྱེར་ལྟེ་བ། ཨོ་ཁུ་རཱ་གསོལ་མགྲོན་ཁང་དུ་ཉི་ཧོང་དུ་༧གོང་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དོན་གཅོད་པ་སྐུ་ངོ་ལྷག་པ་མཚོ་མཁོ་གཙོས་བོད་མི་དང༌། ཉི་ཧོང་བ་བཅས་ཁྱོན་མི་གྲངས་༢༠༠ལྷག་ཙམ་ལྷན་འཛོམས་ཀྱིས་དུས་དྲན་སྲུང་བརྩི་ཞུས་འདུག

ཐོག་མར་སྐུ་ངོ་ལྷག་པ་མཚོ་མཁོ་ལགས་ཀྱིས། སྐུ་མགྲོན་རྣམས་ལ་སྣེ་ལེན་དང༌།  དུས་དྲན་གྱི་མཛད་སྒོ་དབུ་འབྱེད་ཀྱི་གསུང་བཤད་བཅས་གནང་བ་དང་། དུས་དྲན་དེ་ཉིད་གོ་སྒྲིག་གནང་མཁན་ཉི་འོང་དང་ཤར་ཨེ་ཤ་ཡའི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དོན་གཅོད་ཁང་ཡིན་འདུག མཛད་སྒོ་དབུ་འཛུགས་སྐབས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཞབས་བརྟན་གསོལ་འདེབས་ཕུལ་བ་དང༌། མནྜལ་རྟེན་གསུམ་འདེབས་འབུས་བཅས་ཞུས་ཡོད་འདུག

མཛད་སྒོ་དེའི་ཐོག་ཁོ་ཡཱ་སན་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་སོགས་ཉི་ཧོང་ནང་ཡོད་པའི་གཙུག་ལག་སློབ་གཉེར་ཁང་དང༌། ཚོགས་སྡེ་ཁག་བཅས་ཀྱི་སྐུ་མགྲོན་བཅས་ནས་རིམ་པར་གསུང་བཤད་གནང་བས་མ་ཚད། དེ་རྗེས་བོད་མི་རྣམས་ཀྱིས་གཞས་སྣ་སོགས་གཟིགས་འབུལ་སོགས་ཞུས་ནས་དགའ་དགའ་སྤྲོ་སྤྲོ་འཁྲུངས་སྐར་སྲུང་བརྩི་ཞུས་འདུག དེ་བཞིན་ཉི་ཧོང་དུ་ཡོད་པའི་བོད་རིགས་ཚོགས་པ་ནས། ཉི་ཧོང་གི་ཧྲིན་ཇུ་ཁུ་གྲོང་ཁྱེར་ནང་ཡོད་པའི་ཇོ་ཨན་ཇི་དགོན་པའི་ནང༌། དཔེ་གསར་གྱོན་ཆས་འཁྲབ་སྟོན་དང༌། མོག་མོག་གི་ཐུགས་སྤྲོ་སོགས་བཏང་ནས་མགོན་པོ་གང་ཉིད་ཀྱི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བོད་སྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།