འཛམ་གླིང་བོད་ཀྱི་ཉིན་མོ་གཞི་རྒྱ་ཆེ་བ་ཞིག་སྲུང་བརྩི་ཞུ་རྒྱུ་ཡིན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༦ཚེས་༣༠ཉིན། འདི་ལོ་ཕྱི་ཟླ་༧པའི་ཚེས་༦ཉིན། སྤྱིར་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མོ་དང་སྟབས་བསྟུན། ༼འཛམ་གླིང་བོད་ཀྱི་ཉིན་མོ་༽གཞི་རྒྱ་ཆེ་བ་ཞིག་སྲུང་བརྩི་ཞུ་རྒྱུ་ཡིན་འདུག དེ་ཡང་འདི་ལོ་ཕྱི་ཟླ་༧པའི་ཚེས་༦ཉིན་སྤྱིར་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན། འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས། ལོ་འཁོར་འཛམ་གླིང་བོད་ཀྱི་ཉིན་མོ་ཐེངས་༢པ་དེ་གཞི་རྒྱ་ཆེ་བ་ཞིག་སྲུང་བརྩི་ཞུ་རྒྱུ་ཡིན་འདུག

སྐབས་དེར་༼སྤྲིན་པའི་རྒྱབ་ཀྱི་ཉི་མ་༽ཐེ་བའི་བོད་མིའི་འཐབ་རྩོད་དང་བོད་དོན་དང་འབྲེལ་བའི་གློག་བརྙན་གྲགས་ཅན་འགའ་ཞིག་ཀྱང་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག་པས་མ་ཚད། ལྷན་དུ་ཤར་ཏུང་ཀི་སི་ཐན་དུ་ཡར་ལངས་ངོ་རྒོལ་ལ་རྒྱ་ནག་གིས་དྲག་གནོན་བྱས་པར་དྲན་གསོ་ཞུ་རྒྱུ་ཡིན་འདུག

༼འཛམ་གླིང་བོད་ཀྱི་ཉིན་མོ་༽ནི་ཕྱི་ལོ་༡༩༩༨ལོར་སྔོན་མ་ཨ་རིའི་གྲོས་ཚོགས་གོང་མའི་འབྲེལ་མཐུད་པ་དང༌། ཕུ་ལི་ཊི་ཛར་ཞེས་པའི་གཟེངས་རྟགས་ཀྱི་འོས་མི་སྐུ་ཞབས་རི་ཆར་ཌི་རོ་སན་ཁ་རན་ཛ་ལགས་དང༌། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གཅུང་པོ་བསྟན་འཛིན་ཆོས་རྒྱལ་ལགས་རྣམ་གཉིས་ཀྱིས་གསར་འཛུགས་བྱས་པ་ཞིག་ཡིན་འདུག

བོད་ཀྱི་གྲོགས་པོ་ཚོགས་པས། www.friendsoftibet.org བོད་དོན་རྒྱབ་སྐྱོར་བ་ཚང་མ་ཐེངས་འདིའི་༼འཛམ་གླིང་བོད་ཀྱི་ཉིན་མོ་༽ཐོག་མཉམ་ཞུགས་ཡོང་བའི་འབོད་སྐུལ་ཞུས་འདུག་ལ། ༼ང་ཚོར་ལག་བསྟར་དུས་ཐོག་དུ་དགོས་ཀྱི་ཡོད།༽བོད་དེ་བཙན་བཟུང་བྱས་པས་མ་ཚད་རིག་གཞུང་རྩ་མེད་དུ་གཏོང་གིན་ཡོད། གོ་སྐབས་འདིའི་རྒྱུད་ང་ཚོས་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན། བོད་མིའི་ཚོགས་པ་ཁག་དང༌། འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་བོད་དོན་རྒྱབ་སྐྱོར་བ་དང༌། སློབ་གྲྭ། གཙུག་ལག་སློབ་གཉེར་ཁང་ཚང་མས་ལས་འགུལ་འདིར་མཉམ་ཞུགས་དང་རྒྱབ་སྐྱོར་གནང་རོགས་ཞེས་རེ་སྐུལ་ཞུས་འདུག

༼སྤྲིན་པའི་རྒྱབ་ཀྱི་ཉི་མ་༽ཞེས་པའི་གློག་བརྙན་དེ་ནི་བོད་དོན་ལས་འགུལ་བ་བསྟན་འཛིན་བསོད་ནམས་ལགས་དང༌། རི་ཏུའུ་སཱ་རིན་གཉིས་ཀྱིས་གསར་སྐྲུན་བྱས་པའི་བོད་པའི་རྩ་དོན་འཐབ་རྩོད་དང་འབྲེལ་བའི་གློག་བརྙན་ཞིག་རེད།

གློག་བརྙན་དེའི་བརྗོད་བྱ་གཙོ་བོ་ནི། ཕྱི་ལོ་ ༢༠༠༨ ལོའི་བོད་ནང་གི་བོད་མི་ཚོའི་ཞི་རྒོལ་གྱི་གནས་སྟངས་དང༌། བཙན་བྱོལ་བོད་གཞུང་གི་དབུ་མའི་ལམ་གྱི་སྲིད་བྱུས། བོད་རྒྱ་འབྲེལ་མོལ་གྱི་རིམ་པ། གཞོན་ནུ་ལྷན་ཚོགས་ཀྱི་བོད་རང་བཙན་གྱི་ལས་འགུལ་སྤེལ་ཕྱོགས་བཅས་གསལ་སྟོན་བྱས་ཡོད་ཅིང༌།  གློག་བརྙན་དེ་ལ་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་ཆེ་བསྟོད་གཟེངས་རྟགས་ཀྱང་ཐོབ་མྱོང་བའི་བོད་དོན་གློག་བརྙན་སྐད་གྲགས་ཆེ་ཤོས་ཤིག་ཡིན་པ་རེད། www.worldtibetday.org དྲ་ཐག་འདིའི་རྒྱུད་༼འཛམ་གླིང་བོད་ཀྱི་ཉིན་མོ་༽སྐོར་གནས་ཚུལ་དེ་ལས་མང་བ་ཤེས་རྟོགས་ཡོང་ངེས་ཡིན།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བོད་སྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།