བཙན་བྱོལ་ནང་ལྷམ་གྱི་ལས་འཆར་ལེགས་གྲུབ་བྱུང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༦ཚེས་༢༢ཉིན། བྷེ་ཇམ་ནས་ཡིན་པའི་སྐུ་ཞབས་ཌི་ནིང་སི་དང་ཁོང་གི་སྐྱེས་དམན་མཱ་རི་ཇི་ཀི་གཉིས་ཕྱི་ལོ་༢༠༠༨ལོར་ཐེངས་གཉིས་པར་དྷ་རམ་ས་ལར་ཕེབས་སྐབས། ཁོང་གཉིས་ཀྱིས་གྲོགས་པོ་ངོ་ཤེས་ཚོར་རོགས་རམ་གང་ཞིག་དགོས་མིན་དྲིས་དུས། ཁོང་ཚོ་ཚང་མས་༼ལྷམ་༽དགོས་ཀྱི་ཡོད་སྐོར་བརྗོད།

དེར་བརྟེན་བྷེ་ཇམ་ནས་ཡིན་པའི་བཟའ་ཟླ་གཉིས་ཀྱིས་དྷ་རམ་ས་ལ་རུ་ཡོད་པའི་སྐྱབས་བཅོལ་བོད་མི་རྣམས་ལ་ལྷ་གྱི་ལས་འཆར་ཞིག་འཛུགས་རྒྱུ་སེམས་ཐག་བཅད། ཁོང་གཉིས་ཀྱིས་མ་དངུལ་ཏོག་ཙམ་བསྡུ་རུབ་བྱས་ནས། ཕྱི་ལོ་༢༠༠༩ལོའི་ཟླ་༡༠པའི་ནང་ཁྱོན་ལྷམ་ཆ་༨༠ཙམ་ཉོས་ནས་སྐྱབས་བཅོལ་བོད་མི་རྣམས་ལ་བགོ་འགྲེམས་བྱས།

ཕྱི་ལོ་༢༠༡༠ལོའི་དཔྱིད་དུས་སུ་ཁོང་གཉིས་ཀྱིས་ལྷམ་གྱི་ལས་འཆར་གཞི་རྒྱ་ཆེ་བ་ཞིག་བཟོས་ནས་ལས་འཆར་དེ་ངོ་དེབ་དང༌། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་རྒྱ་ཐོག་རྒྱ་བོད་དབྱིན་གསུམ་གྱི་ལམ་ནས་༼ཕྱི་ལོ་༢༠༡༡ལོའི་བཙན་བྱོལ་བོད་མིའི་ལྷམ་གྱི་ལས་འཆར་༽ཞེས་པའི་གསལ་བསྒྲགས་ཤིག་བཏང་མ་ཐག ཨ་རི་དང་བྷེ་ཇམ། དབྱིན་ལན། ཧྥ་རན་སི། ཨི་ཊ་ལི། ཨོ་སི་ཊོ་ལི་ཡ། ཧོང་ཀོང༌། ཁེ་ན་ཌ། ནེ་དྷ་ལན་ཌི། སི་ཀོ་ཊི་ལན་ཌི་སོགས་འཛམ་གླིང་གི་རྒྱལ་ཁབ་དང་ས་ཕྱོགས་གང་ས་ནས་ཞལ་འདེབས་གནང་བའི་མ་དངུལ་གྱིས། ཁྱོན་ལྷམ་ཆ་༤༢༦ཉོས་ནས་དྷ་རམ་ས་ལར་ཡོད་པའི་བོད་མི་སྐྱབས་བཅོལ་བ་རྣམས་ལ་བགྲོ་འགྲེམས་བྱས།

དེའི་ནང་དྷ་རམ་ས་ལར་ཡོད་པའི་བྱམས་པ་གླིང་རྒས་གསོ་ཁང་ལ་ཁྱོན་ལྷམ་ཆ་ ༡༤༣དང༌། ཅོན་ཏ་ར་ཡོད་པའི་དོན་ལྡན་རྒས་གསོ་ཁང་ལ་ལྷམ་ཆ་༢༡། ཚེ་མཆོག་གླིང་དགོན་པར་ལྷམ་ཆ་༥༧། དྷ་ས་ཚ་བ་ཚོགས་པར་ལྷམ་ཆ་༡༠༢། བོད་ཀྱི་བུད་མེད་ལྷན་ཚོགས་ལ་ལྷམ་ཆ་༤༨། དྷ་རམ་ཀོ་ཊིར་མཚམས་བཞུགས་མཁན་དགེ་འདུན་པ་རྣམས་ལ་ལྷམ་ཆ་༡༨། བོད་མིའི་ཁྱིམ་ཚང་སྐྱོ་པོ་དང་མི་སྒེར་ཁག་ཅིག་ལ་ལྷམ་ཆ་༣༧ བཅས་སྤྲད་ཡོད། འདི་ལོ་ཁོང་གཉིས་དྷ་རམ་ས་ལར་དུས་ཡུན་བདུན་ཕྲག་འགའ་སྡོད་རིང༌། བོད་མི་རྣམས་ཀྱིས་ཁོང་གཉིས་ལ་བསྔགས་བརྗོད་ཆེན་པོ་བྱས།

འདི་ལོ་ཕྱི་ཟླ་༤པའི་ཚེས་༡༦ཉིན་བོད་གཞུང་ཟློས་གར་ཚོགས་ཁང་དུ་གཞས་སྣ་འཁྲབ་སྟོན་ཞིག་གི་ཐོག བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་ལགས་ཀྱིས། ཁོང་གཉིས་སྡིང་ཆའི་སྒང་ལ་གདན་འདྲེན་ཞུས་ནས། ཁོང་གཉིས་ཀྱིས་འདས་པའི་དུས་ཡུན་ལོ་ངོ་༤ཙམ་གྱི་རིང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལྷམ་གྱི་ལས་འཆར་ཐེ་བའི། རྒྱ་གར་དང་བྷེ་ཇམ་ནང་བོད་དོན་ཐོག་ཕྱག་ལས་མང་པོ་གནང་ཡོད་ལུགས་འགྲེལ་བརྗོད་དང༌། ཁོང་གཉིས་ཀྱིས་དེ་ལྟ་བུའི་ཕྱག་ལས་གནང་བར་ཐུགས་རྗེ་ལེགས་གསོ་བཅས་ཞུས་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།