ངག་དབང་ལྷ་མོས་སྤྱི་འཐུས་འོས་བསྡུ་ལས་དགོངས་པ་ཞུས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༦ཚེས་༡༨ཉིན། སྤྱི་འཐུས་ངག་དབང་ལྷ་མོ་ལགས་ཀྱིས་སྐབས་བཅོ་ལྔ་བའི་དབུས་གཙང་ཆོལ་ཁའི་སྤྱི་འཐུས་གཉིས་ཀྱི་འཕར་མའི་འོས་བསྡུ་ལས་དགོངས་པ་ཞུས་འདུག

འདི་ག་གསར་ཁང་ལ་བཏང་གནང་བའི་གལ་ཆེའི་འབོད་སྐུལ་གྱི་ནང་འཁོད་དོན།

༄༅། །  མཁྱེན་ཡངས་རྒྱལ་གཅེས་ལྷག་བསམ་གྱིས་ཕྱུག་པའི་དབུས་གཙང་སེར་སྐྱ་མི་མང་གི་སྙན་ལམ་དུ།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོ་གསོལ་བསྕལ་བཀྲིན་བསྐྱངས་བ་དང་ཐུགས་རེ་བཞིན་སྔར་ངས་འཇོན་གྱི་མ་རེད་དང་། ཐུབ་ཀྱི་མ་རེད་། ང་ལས་ཁྱོད་འཇོན། ཁྱོད་ཀྱིས་བྱེད་རོགས་ཟེར་བའི་དུས་ལས་ལྡོག་སྟེ་དེང་ང་ཡིན་ཟེར་བཞིན།  སོ་སོ་དང་རང་གི་འདོད་ཕྱོགས་ལ་འོས་ཐོབ་ཐབས་སུ་ཁྱབ་བསྒྲགས་ཚ་ཚ་འུར་འུར་བྱེད་པ་ནི་མང་གཙོ་ཚད་ལྡན་གྱི་འགྲོ་ལུགས་མདུན་བསྐྱོད་ངོམ་ཆོག་པ་ཞིག་ཆགས་ཡོད།

དེ་ལྟའི་སླེབས་ལ་ཉེ་བའི་ལས་རིམ་ནང་ཕྲན་ལ་རྒྱབ་སྐྱོར་གནང་མཁན་རྣམས་པས་རང་གི་རྩ་ཆེའི་འོས་དེ་རྒྱལ་གཅེས་ལྷག་བསམ་ལྡན་ཞིང་དྲང་བདེན་དང་ཡ་རབས་བཟང་སྤྱོད་ལྡན་པ་ཞིག་ལ་གནང་སྐྱོང་ཡོང་བར་ཞུ། རྒྱུ་མཚན་ནི་གཤམ་གསལ་ལྟར།

༡  སྤྱི་པའི་ལས་དོན་གང་འདྲ་ཞིག་ལའང་རྒྱབ་གཤིགས་བྱ་རྒྱུ་མིན་པའི་རང་གི་དམ་བཅའ་ཞིག་ཡོད་པ་དེ་ལྟར་བསྲུང་བརྩི་ཞུས་ཏེ་སྔོན་དགོངས་ཞུ་མ་བྱས་པ་ལས་སྐབས་ ༡༥ སྤྱི་འཐུས་ཐོབ་དགོས་རྒྱུའི་དམིགས་ཡུལ་ངེས་ཅན་བཟུང་མེད་པ་ཟུར་བལྟས་ལེབ་མཐོང་ཡིན།  དཔེར་ན། གུས་མོའི་ལོ་རྒྱུས་ཀྱི་ཤོག་བུ་བརྒྱ་ཆ་ ༩༥ རྡ་སར་བཀྲམ་པ་དང་སྙིང་སྟོབས་གླིང་གི་ལོ་རྒྱུས་ཀྱི་མཇུག་གཏམ་ནང་ཡང་ཕྲན་ལ་ལོ་ངོ་ ༣༡ རིང་སྤྱི་ཚོགས་ཞབས་ཞུའི་གོ་སྐབས་གནང་བར་བཀྲིན་བླ་མེད་ཆེ་ཞུས་ཡོད་པ་ལས་སྔོན་བཞིན་རྒྱབ་སྐྱོར་གནང་རོགས་ཞུས་མེད་པས་གསལ་པོར་མཁྱེན་ངེས།

༢   སྤྱིར་འོས་ཐོབ་ཆེད་མི་མང་ནང་ངོ་ཤེས་ཡོང་ཐབས་སུ་ས་གནས་ས་ཐོག་ཏུ་ཟབ་སྦྱོང་སོགས་ཕར་སྤྲོད་ཚུར་ལེན་བྱ་རྒྱུ་དང་། རླུང་འཕྲིན་ལ་སོགས་པའི་གོ་སྐབས་ལེན་རྒྱུ་གལ་ཆེན་ཡིན་ཡང་། ཉེ་བའི་ལོ་ཤས་ནང་དེ་ལྟར་འབད་བརྩོན་ཞུས་མེད།

༣ ཉེ་སྔོན་དབུས་གཙང་ཆོལ་ཁའི་འོས་གཞིའི་ནང་ཕྲན་གྱི་ཕ་ཡུལ་གཞན་ཞིག་བཀོད་ཡོད་པར་བརྟེན།  མང་པོ་ཞིག་ནས་མི་གཞན་ཞིག་ཡིན་པར་སྙམ་ནས་འོས་མ་བླུགས་པ་དང་། འགའ་རེས་ཕྲན་ཡིན་ཤག་གིས་འོས་བླུགས་ཀྱང་བགྲང་བཤེར་སྐབས་དེས་རྐྱེན་འོས་ཤོག་རྩིས་མེད་མང་པོ་ཕྱིན་པར་ཤེས་གསལ་ཡང་དེ་སྐོར་གྱི་རྙོག་གླེང་སྤུ་ཙམ་ཡང་བསླངས་མེད།

༤   ཉེ་སྔོན་གུས་མོའི་ངོ་སྤྲོད་ཀྱི་ཤོག་བུ་སྦྱར་བ་ནི་གུས་མོར་རྒྱབ་སྐྱོར་གནང་མཁན་གྱི་མི་སྐོར་ཞིག་གིས་རེ་སྐུལ་ལྟར་བྱས་པ་ཡིན། ཕྱོགས་གཞན་ཞིག་ནས་རང་གི་ལོ་རྒྱུས་མི་མང་གིས་མཁྱེན་རྟོགས་བཟོ་དགོས་པའི་གོ་སྐབས་ཀྱང་བཟུང་བ་ཡིན།

༥   སྤྱི་འཐུས་སྐབས་ ༡༤ པའི་ལས་རིམ་ཞིག་དང་འབྲེལ། མི་མང་གིས་སྤྱི་འཐུས་རྙིང་པ་བདམ་རྒྱུ་མིན་པའི་བསམ་ཚུལ་ཤུགས་ཆེན་ཡོད་པས། ཕྲན་རང་སྐབས་ ༡༥ པའི་དབུས་གཙང་སྤྱི་འཐུས་ནང་ལངས་མཁན་གྱི་ནང་ནས་སྐབས་ ༡༢ དང་ ༡༣ ། ༡༤ བཅས་ཀྱི་དུས་ཡུན་རིང་ཤོས་དང་རྙིང་ཤོས་ཡིན་པར་སོང་ཐེངས་འདིའི་འོས་ཐོབ་ཀྱི་དམིགས་ཡུལ་བཟུང་མེད།

༦  སྔར་འོས་བསྡུ་སྐབས་གུས་མོར་འོས་གྲངས་མང་ཤོས་བལ་ཡུལ་ནས་ཡོང་གི་ཡོད་ཀྱང་སྐབས ༡༥ ས་གནས་དེར་འོས་བསྡུ་བྱ་ཐུབ་མེད།

གོང་གི་རྒྱུ་རྐྱེན་མང་དག་ལ་མ་བལྟས་པར་འོས་གྲངས་ཀྱི་གྲལ་རིམ་ནང་ཨང་ ༡༢ དང་ ༡༣ ཐོབ་པ་ནི་བསམ་ཡུལ་ལས་འདས་པའི་རྒྱལ་ཁ་ཆེན་པོ་ཞིག་ཡིན་པ་དང་།

འདས་པའི་སྤྱི་འཐུས་སྐབས་གསུམ་གྱི་ནང་མུ་མཐུད་འོས་གྲངས་ཁྲི་བརྒལ་ཏེ་རྒྱལ་ཁ་ཐོབ་པ་ནི་ཕྲན་ལ་རྒྱབ་སྐྱོར་གནང་མཁན་ལྷན་རྒྱས་ཀྱི་རྒྱལ་ཁ་ཡིན་པ་སྨོས་ཅི་དགོས། དེར་བརྟེན། གུས་མོར་ལོ་མང་གི་ཉམས་མྱོང་དང་བློ་སྟོབས་སྤྱིན་མཁན་དེ་ལྷན་རྒྱས་ཡིན་ལ།  དེའི་ནུས་སྟོབས་ཀྱང་ཕྱིར་མི་མང་དང་བོད་སྤྱི་བའི་ལས་དོན་ལ་རང་སྲོག་ཕྲ་མོ་མ་ཆད་བར་དུ་འབད་བརྩོན་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད།

ད་ལྟའི་འོས་འགྲན་གྱི་ལས་རིམ་འཕར་མའི་ནང་འདུག་རྒྱུ་མིན་པ་གོང་གི་རྒྱུ་མཚན་ཁག་གི་གཙོས་ ༢༠༡༡ ཟླ ༦ ནས་སྙིང་སྟོབས་གླིང་གི་ལས་འཆར་མང་པོ་ཞིག་རོགས་དངུལ་དུས་བཅད་ཡོད་པ་ནར་འགྱངས་མི་འགྲོ་ཆེད་དང་།  ལྷག་པར་སྐབས་འདིའི་འོས་གྲངས་ཁ་འཐོར་དུ་མི་འགྲོ་བའི་རྨོངས་ཚུལ་ཞིག་ཀྱང་ཡིན་པས་དེ་དོན་དགོངས་འཇགས་ཡོང་བར་ཞུ།

གལ་སྲིད་སྤྱི་འཐུས་ཀྱི་རྐུབ་སྟེགས་མེད་རྐྱེན་གྱིས་རྒྱལ་སྤྱིའི་ནང་བོད་དོན་བདེན་མཐའ་གསལ་ཐབས་དང་སྤྱི་བའི་ལས་དོན་ལ་ནུས་པ་ཆུང་བ་ཡོད་པ་རང་སེམས་ལ་ར་འཕྲོད་ཚེ་རྗེས་མའི་འོས་བསྡུ་ནང་ཞུགས་རྒྱུའི་གྲ་སྒྲིག་ཨང་གསར་ཡོད།

ལྷན་རྒྱས་ནས་ཕྲན་ལ་རྒྱབ་སྐྱོར་གནང་པར་བརྟེན་ཉམས་མྱོང་དང་འགན་འཁུར་བའི་མི་སྣའི་གྲས་སུ་ཚུད་ཡོད་པར་སོང་། མ་འོངས་པར་བོད་སྤྱི་བའི་གནད་འགག་ཆེན་པོའི་ལས་དོན་ལ་མཉམ་ཞུགས་བྱ་རྒྱུའི་གོ་སྐབས་ཡོད་པས་ལྷན་རྒྱས་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་ཐུགས་བདེ་བོ་གནང་རོགས་ཞུ་ཞུ།

བོད་རྒྱལ་ལོ།   བཀྲ་ཤིས་བདེ་ལེགས།

ཕྱི་ལོ་༢༠༡༡ཟླ་ ༦ཚེས༡༦ ཉིན།     སྤྱི་འཐུས་སྐབས ༡༢ དང་༡༣ ། ༡༤ བཅས་ཀྱི་སྤྱི་འཐུས་ངག་དབང་ལྷ་མོ་ནས།

གུས་འདུད་དང་བཅས་ཕུལ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༢༡༢༠༡༡༢༢༢༥
དེ་རིང་ཨ་མྱེ་ངེད་ཀྱིས་ཤམ་བྷ་ལར་འཚམས་འདྲི་ཡོད།



བརྗོད་གཞི་གཞན་ཁག་ལ་གཟིགས།