ཆུ་སྒང་གི་རྒྱལ་ཡོངས་ཚོགས་ཆེན་ཐེངས་༡༩པ་དབུ་འཛུགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༦ཚེས་༡༧ཉིན། ལྕགས་ཚ་གྲི་གུ་ཐང་དུ་དཔའ་བོའི་ཁྱུ་མཆོག་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་གཙོས་པའི་མདོ་ཁམས་ཕྱོགས་ཀྱི་མི་རྣམས་མཉམ་འཛོམས་ཀྱིས་བོད་བསྟན་པ་ཆབ་སྲིད་འདི་ཉིད་འཇིག་ལ་ཉེ་བའི་མཚམས་དེར། བསྟན་སྲུང་དང་བླང་དྲག་པོའི་དམག་གི་སྒྲིག་འཛུགས་འདི་བཙུགས་ནས་མི་ལོ་ཧྲིལ་པོ་༥༣ འཁོར་བའི་རྗེས་དྲན་དང་སྟབས་བསྟུན། ཟླ་འདིའི་ཚེས་ ༡༦ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་རུ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱལ་ཡོངས་ཚོགས་ཆེན་ཐེངས་ ༡༩ པ་དེ་རིང་དབུ་འཛུགས་གནང་སོང༌། ཐེངས་འདིའི་མཛད་སྒོ་ཐོག་སྐུ་མགྲོན་གཙོ་བོར་ཞྭ་སེར་བསྟན་པའི་མངའ་བདག་སྐྱབས་རྗེ་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་ཆེད་དུ་གནད་འདྲེན་ཞུས་འདུག

གནས་ཚུལ་མཁོ་གཏོང་བ་ཨ་ཀ་སྤེན་པ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།