ཆོས་སྐྱོང་རྡོ་རྗེ་གྲགས་ལྡན་དབྱར་གསོལ་སྤྱན་འདྲེན་ཞུས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

མ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༦ཚེས་༡༦ཉིན། རབ་བྱུང་ལྕགས་ཡོས་ས་ག་ཟླ་བའི་ཚེས་༡༥ཉིན་གནས་ཆུང་སྒྲ་དབྱངས་གླིང་དགོན་དུ་སྤྲུལ་པའི་ཆོས་སྐྱོང་རྡོ་རྗེ་གྲགས་ལྡན་རྩལ་ཆེན་མོར་གཏང་རག་གི་གཞུང་འབྲེལ་དབྱར་གསོལ་སྤྱན་འདྲེན་ཞུ་ཡོད་འདུག

ཉིན་དེའི་སྔ་དྲོ་ཆུ་ཚོད་༧ཐོག གནས་ཆུང་སྒྲ་དབྱངས་གླིང་གི་འདུ་ཁང་དུ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། གསར་དུ་བདམས་ཐོན་བྱུང་བའི་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག དེ་བཞིན་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། ལྷན་ཁང་ཁག་གི་བཀའ་བློན་རྣམ་པ་དང་དྲུང་ཆེ་ཆུང་གི་གཙོས་སྲི་ཞུ་བ་རྣམས་ནས་གཟབ་མཆོར་ལེགས་པར་སྤྲས་སྟེ། རྒྱལ་བའི་བསྟན་སྲུང་སྤྲུལ་པའི་ཆོས་སྐྱོང་རྡོ་རྗེ་གྲགས་ལྡན་རྩལ་ཆེན་མོར་གཏང་རག་གི་གཟབ་གསོལ་སྤྱན་འདྲེན་གཟབ་ཞུས་ཡོད་པ་རེད།

སྐབས་དེར་ཆོས་སྐྱོང་ཆེན་མོས་དཔལ་ལྡན་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་། བདམས་ཐོན་བྱུང་བའི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་རྣམ་གཉིས་ལ་བཀའ་ལུང་ཕེབས་ཡོད་པ་དང་། དེ་རྗེས་མཇལ་བཅར་མཛད་གཙོ་རྣམས་ཀྱི་གཙོས་སྲི་ཞུ་བ་ཚང་མར་རིམ་པས་མཇལ་ཁ་དང་ཕྱག་ནས་བསྩལ་བ་སོགས་མཛད་དེ་དབྱར་གསོལ་སྤྱན་འདྲེན་ལེགས་པར་གྲུབ་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་རྒྱ་ལས་བཏུས།

 

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ཧ་ཧ་ཧ།མི་དམངས་ཚོས་ལྟོས་དང་སྡ་རམ་སལ་ཡོད་པའི་ཆོས་སྐྱོང་རྡོ་རྗེ་གྲགས་ལྡན་ཟེར་བ་དེ་ལ་ལུང་བསྟན་ཅི་རྒྱབ་རྒྱུ་ཡོད་རེད།༢༠༡༠ལོ་བོད་ནང་སྒར་སྐྱེ་དགུ་མདོ་ལ་ས་ཡོམ་ཆེ་པོ་འགུལ་རྒྱུ་ཡོད་པ་ལུང་བསྟན་རྒྱབ་མི་ཐུབ་མཁན་ལ་ད་གཞན་པ་བཀའ་ཤག་ཚོ་ལ་ལུང་བསྟན་ཅི་བབས་ཡོད་རེད།འཇིག་རྟེན་ཁ་དཔེ་ལ[ལྷ་པ་མོ་པ་རྩིས་པ་གསུམ།།འཇིག་རྟེན་མགོ་བསྐོར་རྣམ་གསུམ་ཡིན]ཧཧ



བརྗོད་གཞི་གཞན་ཁག་ལ་གཟིགས།