ཐའེ་ཝན་གནས་སྡོད་བོད་མིས་ནང་ཁུལ་གྲོས་སྡུར་གནང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༦ཚེས་༡༣ཉིན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་སུ་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༢ རེས་གཟའ་ཉི་མའི་གུང་སེང་དང་སྟབས་བསྟུན་ཐེ་ཝན་བོད་རིགས་ཚོགས་པ་དང༌། ས་གནས་བོད་ཀྱི་གཞོན་ནུ། ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་བཅས་རྒྱུན་དུ་ཐེ་ཝན་ནང་བོད་དོན་ལས་འགུལ་ནང་གཙོ་བོར་འགན་ཁུར་དང་མཉམ་ཞུགས་གནང་མཁན་རྣམས་མཉམ་འཛོམས་གནང་སྟེ་ཉིན་ཕྱེད་རིང་ནང་ཁུལ་གྱི་ལྷན་ཚོགས་ཤིག་གནང་ཡོད།

ལྷན་ཚོགས་ཐོག་ཉེ་ཆར་བཞུགས་སྒར་རྡ་རམ་ས་ལར་བོད་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་ཐོག་བཅར་མཁན་ཐེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་དགྲ་བཅོམ་པ་དང༌། དང་བླངས་ཚོགས་བཅར་བ་ཐེ་ཝན་བོད་རྒྱ་མཐུན་ཚོགས་ཀྱི་ཚོགས་གཞོན་བཀྲ་ཤིས་ཚེ་རིང་གཉིས་ཀྱིས་ཚོགས་ཆེན་དང་འབྲེལ་བའི་ནང་དོན་ངོ་སྤྲོད་གནང་བ་དང༌། ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་བཅའ་ཁྲིམས་བསྒྱུར་བཅོས་དང༌། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མིང་གནས་འགྱུར་བ་ཕྱིན་པ་སོགས་གལ་གནད་ཆེ་བའི་གནད་དོན་འགྲེལ་བརྗོད་གནང་རྗེས། ཚོགས་བཅར་བའི་དོགས་གཞི་ཁག་ལ་ལན་འདེབས་དང་ཕན་ཚུན་བགྲོ་གླེང་ལྷུག་པོ་གནང་ཡོད།

ལྷན་ཚོགས་ཀྱི་མཐའ་མར་སྤྱི་མོས་བྱུང་བའི་གནད་དོན་གཅིག་ནི། བོད་ཀྱི་གནད་དོན་རྒྱ་མི་རིགས་ཀྱིས་ཤེས་རྟོགས་དགོས་རྒྱུ་གལ་ཆེན་ཡིན་པར་བརྟེན། མིག་སྔར་བོད་དོན་ངོ་སྤྲོད་བྱེད་ཡུལ་ཐེ་ཝན་ས་གནས་འདི་བཞིན་འོས་ཤོས་ཤིག་ཡིན་པ་དང༌། དེང་སྐབས་རྒྱ་ནག་སྐམ་ས་ནས་ཡུལ་སྐོར་སྤྲོ་འཆམ་ཡོང་མཁན་ཉིན་རེར་མི་གྲངས་སུམ་སྟོང་བརྒལ་བ་དང༌། ལྷག་དོན་མི་རིང་བར་ཐེ་ཝན་ནང་རང་དབང་ཐོག་པེ་ཅིང་གྲོང་ཁྱེར་སོགས་ཀྱི་ཡུལ་མི་སྒེར་པའི་མིང་ཐོག་ནས་ཡུལ་སྐོར་གྱི་སྒོ་མོ་ཕྱེ་འཆར་ཡོད་སྟབས། བོད་མི་རྣམས་ཀྱིས་འཆར་ཅན་རེས་གཟའ་ཉི་མའི་གུང་སེང་སྐབས་མི་ཚོགས་མང་བའི་ཁྲོད་དུ་བོད་དོན་ངོ་སྤྲོད་ཀྱི་ལས་འགུལ་སྤེལ་རྒྱུའི་ཐག་གཅོད་མང་མོས་བྱུང་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ཕེ།ཚོགས་པ་འདི་ཚོས་ཐེ་ཝན་ནང་རྒྱ་ནག་སྐམ་ས་ནས་ཡོང་མཁན་ཚོ་ལ་བོད་པའི་གནད་དོན་ག་འདྲ་བྱས་ནས་ངོ་སྤྲོད་བྱེད་རྩིས་ཡོད་དམ།ཐ་ན་ཐེ་ཝན་མི་དམངས་ལ་བོད་ཀྱི་གནད་དོན་ངོ་སྤྲོད་བྱེད་མི་ཐུབ་པ་ལ་རྒྱ་ནག་ནས་ཡོང་བའི་ཡུལ་སྐོར་སྤྲོ་འཆམ་པ་ལ་ངོ་སྤྲོད་བྱེད་ཨེ་ཐུབ་།ཐེ་ཝན་མི་[བཤའ་ཕིང་ཧྲུ]ཞེས་པའི་མི་དེས་བོད་ཀྱི་ནང་ཆོས་ལ་དགག་ཚིག་འདི་ལྟར་བྲིས་ཡོད་
[བོད་ཀྱི་སངས་རྒྱས་ཆོས་ལུགས་ནི་སངས་རྒྱས་ཆོས་ལུགས་མ་ཡིན།།བླ་མ་ནི་སངས་རྒྱས་པའི་རབ་བྱུང་མ་ཡིན]འདི་རྒྱ་ཡིག་ནི་[藏傳佛教非佛教,喇嘛不是佛教僧人}ཅེས་དེ་ལ་བོད་ཀྱི་དོན་གཅོད་ཁང་གིས་དབུ་འཁྲིད་ནས་ལེན་འདོན་དགོས་ཀྱང་ཐེ་ཝན་ནང་འདི་ཞྭ་མོ་ནག་པོ་དེ་གྱོན་ནས་བསྡད་ཡོད་དོ།།ཧཧ་



བརྗོད་གཞི་གཞན་ཁག་ལ་གཟིགས།