བོད་སློབ་འཛིན་རིམ་བཅུ་བ་ཁག་གི་རྒྱུགས་འབྲས་གསལ་བསྒྲགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༦ཚེས་༡༡ཉིན། རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཆེན་མོའི་ནང་བོད་ཀྱི་སློབ་མ་ ༡༨༦༤དངོས་སུ་འཛུལ་ཞུགས་བྱས་པ་ལས་སློབ་མ་༡༨༤༤ཡིག་རྒྱུགས་འཕྲོད་ཡོད་འདུག

ཟླ་འདིའི་ཚེས་༤ཉིན། རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་གྲུབ་འབྲས་གསལ་བསྒྲགས་གནང་ཡོད་པ་དང་། འདི་ལོའི་ཡིག་རྒྱུགས་ཆེན་མོའི་ནང་བོད་པའི་སློབ་གྲྭ་ཁག་ ༢༨ ནང་སློབ་མ་ཁྱོན་བསྡོམས་ ༡༨༧༩ ཡོད་པའི་ཁོངས་ནས་སློབ་ཕྲུག་༡༨༦༤ དངོས་སུ་ཡིག་རྒྱུགས་ནང་འཛུལ་ཞུགས་བྱས་ཡོད་པ་དང་། དེའི་ཁོངས་ནས་སློབ་ཕྲུག་ ༡༨༤༤ ཡིག་རྒྱུགས་འཕྲོད་ཡོད་ལ། བསྐྱར་དུ་ཡིག་རྒྱུགས་གཏོང་དགོས་པའི་སློབ་མ་ ༢༠ ཡོད་འདུག

འདི་ལོའི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་འཕྲོད་ཚད་ཀྱི་བརྒྱ་ཆ་དེ་བོད་སློབ་ཁག་གི་ནང་བུ་ལས་བུ་མོའི་བརྒྱ་ཆ་མཐོ་བ་ཡོད་པ་དང་། བུའི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༩༨་༨༢ ཡིན་པ་དང་། བུ་མོའི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༩༩་༠༤ ཡིན་འདུག དེ་བཞིན་འདི་ལོ་བོད་ཀྱི་སློབ་གྲྭ་ཁག་ ༢༨ ནང་ནས་སློབ་གྲྭ་ཁག་༢༠རྒྱུགས་འཕྲོད་བརྒྱ་ཆ་བརྒྱ་ལོན་ཡོད་འདུག

འདི་ལོའི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་བོད་སློབ་ཁག་གི་ནང་ནས་རྩེ་ཕུད་ཨང་དང་པོ་ལོན་པའི་ཁོངས་ཀོ་ལི་གྷལ་སློབ་གྲྭའི་སློབ་མ་བསྟན་འཛིན་དབང་ཕྱུག་དང། སིམ་ལ་གཏན་སློབ་ཀྱི་སློབ་མ་པར་ཏི་བྷ་ཇ་སི་ཝལ། སེ་ལ་ཁུ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་དཔལ་སྒྲོན། སྦེལ་ཀོབ་སློབ་གྲྭའི་སློབ་མ་བསྟན་འཛིན་ནོར་འཛོམས་བཅས་ཡིན་པ་དང། དེ་ནས་རྩེ་ཕུད་གཉིས་པ་ལོན་མཁན་གྱི་ཁོངས་སུ་མ་སུ་རི་གཏན་སློབ་ཀྱི་སློབ་མ་ས་པན་ཌན་ར་ཨོཊ་དང། སེ་ལ་ཁུ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཀུན་ཁྱབ་དང་བསྟན་འཛིན་ལྷ་མཚོ། སྦེལ་ཀོབ་སློབ་གྲྭའི་སློབ་མ་བསྟན་འཛིན་དབང་གྲགས་བཅས་ཡིན་འདུག

སྤྱིར་འདི་ལོའི་ཡིག་རྒྱུགས་གྲུབ་འབྲས་ནི་སྔར་ལོའི་ཡིག་རྒྱུགས་འཕྲོད་ཚད་ལས་བརྒྱ་ཆ་ ༧་༣༨ མཐོ་བ་ཆགས་ཡོད་པ་དང་།  དེ་བཞིན་ཕྱི་ལོ་ ༢༠༡༠ལོ་ནས་བཟུང་འཛིན་རིམ་བཅུ་པའི་ཡིག་རྒྱུགས་གྲུབ་འབྲས་དེ་ཨང་ཐོབ་ཀྱི་ཚབ་ཏུ་སྡེ་ཚན་གྲལ་རིམ་ལམ་ལུགས་(Grading System) གསར་གཏོད་གནང་ཡོད་ཅིང། དེ་ཡང་འཛིན་རིམ་བཅུ་གཉིས་ཡོད་པའི་སློབ་གྲྭའི་ནང་འཛིན་རིམ་བཅུ་པའི་ཡིག་རྒྱུགས་སློབ་གྲྭ་རང་ཁོངས་ནས་གཏོང་རྒྱུ་དང། དེ་མིན་རྣམས་དབུས་ཡིག་རྒྱུགས་ལྷན་ཁང་ནས་གོ་སྒྲིག་ཞུ་གི་ཡོད་ཀྱང་རྒྱུགས་འཕྲོད་ལག་འཁྱེར་སྤྱི་མཚུངས་གནང་གི་ཡོད་འདུག

ཡིག་རྒྱུགས་གྲུབ་འབྲས་ཞིབ་ཕྲ་གཟིགས་འདོད་ཡོད་ཚེ་གཤམ་གྱི་ཁ་བྱང་ཐོག་ནོན།The pass percentages of the boys and girls are 98.82% and 99.4% respectively.

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
འདི་ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ལ་ཆ་མཚོན་ན་སྔར་ལོ་ལས་ལེགས་པ་བྱུང་ཡོད། ཡིན་ནའི་རྒྱ་གར་གྱིས་ཡིག་རྒྱུགས་གཏོང་སྟངས་དང་། བཅོས་སྟངས་དེ་འདྲ་གོ་ཡོང་དུས་གྲུབ་འབྲས་དེ་དག་ལ་དེ་ཙམ་གྱིས་ཡིད་ཆེས་སྐྱེས་གཞི་མི་འདུག ལྷག་དོན་ང་ཚོས་ཕྱི་མིག་ཞིག་ལྟ་སྐབས་བོད་ནང་གི་ཤེས་ཡོན་སྤྲོད་སྟངས་ལ་བལྟས་ན། བཙན་བྱོལ་ནང་གི་སློབ་གསོ་སྤྲོད་སྟངས་དེ་ཤེས་ཡོན་མཐིལ་ཕྱིན་པ་ཞིག་མེད་ལ། ད་དུང་སློབ་མའི་ལྷག་བསམ་གྱི་ཆ་ནས་ཀྱང་ཤིན་ནས་སྐྱོ་པོ་ཡིན་པ་ར་སྤྲོད་ཡོང་གི་འདུག དཔེ་མཚོན་ཞིག་ཞུས་ན། བོད་ནང་གཞི་རིམ་དང་མཐོ་སློབ་ཐོན་པའི་སློབ་མ་ཞིག་གི་ཤེས་ཚད་དང་ལྷག་བསམ་འཇོན་ཐང་གང་གི་ཆ་ནས་བཙན་བྱོལ་ནང་ཤེས་ཡོན་ཐོབ་པའི་སློབ་མའི་གཉིས་བསྡུར་ན་བོད་ནང་གི་སློབ་གྲྭ་ཐོན་པ་དེ་ཚོ་ལྡབ་ཁ་ཤས་ཀྱི་ལེགས་པ་འདུག དེའི་གནད་འགག་དེ་ག་པར་ཐུག་འདུག་ཡོད། གུས་པའི་བསམ་པར་བཙན་བྱོལ་ནང་རང་མི་རིགས་ཀྱི་སྐད་ཡིག་ཐོག་ཁ་ཙམ་མ་གཏོགས་དོན་ངོ་མར་དགེ་རྒན་ལ་མཐོང་ཆེན་མེད་ལ། དགེ་རྒན་ཚོས་ཀྱང་ཤེས་ཡོན་སྤྲད་པ་ཙམ་ལས་ཀུན་སྤྱོད་དང་། མི་ཚེའི་སྙིང་པོའི་ཐོག་སློབ་གསོ་རྒྱབ་སྟངས་ལ་ད་དུང་སྐྱོན་ཆ་ཆེན་པོ་འདུག



བརྗོད་གཞི་གཞན་ཁག་ལ་གཟིགས།