བློ་བཟང་སེང་གེ་མཆོག་གིས་རྒྱ་ནག་དང་གྲོས་མོལ་གནང་འཆར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༥ཚེས་༡༣ཉིན། ཁ་སང་ཕྱི་ཚེས་༡༢ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་མཁས་དབང་བློ་བཟང་སེངྒེ་མཆོག་གིས། རྒྱ་ནག་གཞུང་དང་གྲོལ་མོལ་འགོ་འཛུགས་བྱ་རྒྱུའི་གྲ་སྒྲིག་ཡོད་ལུགས་གསར་འགོད་པར་འགྲེལ་བརྗོད་གནང་འདུག

གསར་དུ་འདེམས་ཐོན་བྱུང་བའི་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེངྒེ་མཆོག་གིས། ཁོང་ཉིད་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཞིག་གི་ངོས་ནས་ལས་དོན་གལ་གནད་ཆེ་ཤོས་ནི། བོད་ནང་དུ་བོད་མི་ཚོའི་རང་དབང་སྔར་ལས་ཆེ་བ་ཡོང་ཐབས་དང༌། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱིར་རང་ཡུལ་དུ་ཕེབས་ཐུབ་ཐབས་ཀྱི་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསུངས་འདུག

ཡང་ཁོང་གིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་ངོས་ལ་བློ་སྤོབས་སྤེལ་གནང་མཁན་ཞིག་དང༌། གང་ཉིད་ཀྱིས་ང་ཚོ་ལ་བཅངས་བའི་དགོངས་བཞེད་ཐོག ངོས་ཀྱིས་མ་འོངས་པར་འབད་བརྩོན་བྱ་རྒྱུ་ཡིན། བོད་མི་རྣམས་ལ་ཡང་བསྐྱར་གསལ་པོ་ཞུ་རྒྱུ་ཞིག་ལ། ངོས་ཀྱིས་མ་འོངས་པར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཆབ་སྲིད་ཀྱི་དགོངས་བཞེད་དེའི་ཐོག་ཤར་སྐྱོེད་བྱ་རྒྱུ་ཡིན།

ཆབ་སྲིད་ཀྱི་ལངས་ཕྱོགས་ནི་དབུ་མའི་ལམ་སྟེ། བོད་དེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་སྡོད་རྒྱུ་དེ་རེད། འོན་ཀྱང༌། རྒྱ་ནག་ནང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཚད་ལྡན་ཞིག་གི་གནས་བབས་ལ་རེ་བ་རྒྱག་བཞིན་ཡོད། ང་རང་གི་འགན་ཁུར་བྱེད་བཞིན་པའི་སྐབས་༼དབུ་མའི་ལམ་གྱི་༽སྲིད་བྱུས་དེར་ལག་བསྟར་བྱ་རྒྱུ་ཡིན་ཞེས་གསར་འགོད་པར་འགྲེལ་བརྗོད་གནང་འདུག

བཙན་བྱོལ་བོད་གཞུང་གིས་རྒྱལ་ནག་གཞུང་དང་གྲོས་མོལ་བྱ་རྒྱུ་འབད་བརྩོན་འོག དེ་སྔོན་པེ་ཅིང་གཞུང་དང་༧གོང་ས་མཆོག་གི་སྐུ་ཚབ་དབར་ཐེངས་དགུ་ཙམ་གྲོས་མོལ་གནང་ཡང་དམིགས་བསལ་གྱི་གྲུབ་འབྲས་གང་ཡང་མ་ཐོན། དེ་སྔོན་གྲོས་མོལ་སྐབས་རྒྱལ་སྤྱིས་རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་དེ་སེལ་དགོས་པའི་རེ་འདུན་གང་མང་སྟོན་ཡང༌། ད་ལྟ་བར་བོད་ནང་གི་བོད་མིའི་ཚོའི་ཆབ་སྲིད་ཀྱི་གནས་སྟངས་ཡར་རྒྱས་གང་ཡང་ཕྱིན་མེད་པ་རེད།

བློ་བཟང་སེངྒེ་མཆོག་གིས། ང་ཚོའི་ངོས་ནས་རྒྱ་ནག་གཞུང་དང་ས་ཆ་གང་དང་དུས་ཚོད་ག་དུས་གྲོས་མོལ་གནང་དགོས་རུང་སྒྲིག་ཨང་གསར་ཡོད་ཅེས་གསུངས་འདུག ཁོང་གིས་དེ་སྔོན་ཕྱི་ལོ་༢༠༠༢ནས་འགོ་འཛུགས་ཀྱིས་གྲོས་མོལ་ཐེངས་༩པོ་དེ་དག་ལས་ཀྱང༌། མ་འོངས་ཡར་རྒྱས་དང་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཐོན་རྒྱུའི་རེ་བ་གནང་བཞིན་ཡོད་འདུག མཁས་དབང་བཀའ་ཁྲི་བློ་བཟང་སེངྒེ་མཆོག ཟླ་འདིའི་ཚེས་༣༠ཉིན་བཀའ་ཁྲིའི་དམ་འབུལ་གནང་རྒྱུ་དང་། བཀའ་ཤག་གི་ལས་དུས་དངོས་སུ་འདི་ལོ་ཕྱི་ཟླ་༨པའི་ནང་དབུ་འཛུགས་གནང་རྒྱུ་ཡིན་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༣༢༠༡༡༡༧༢༥
གངས་ཅན་བོད་པ་ཚང་ལ་སྙིང་གཏམ་ཞིག།།རྒྱ་དམར་གུང་ཁྲན་གཞུང་ལ་དཔའ་གཏམ་ཞིག།།མི་སྙོམས་ཞི་དྲག་གཉིས་ཀྱི་སོ་འ་་ནས།།ཆོས་ལྡན་བོད་པའི་ལས་དབང་ཡ་རེ་ང།།ཉམ་ཆུང་བོད་པའི་རེ་བ་རི་ལས་མཐོ།།རྒྱ་དམར་ནག་པོའི་རྣམ་རྟོག་མེ་ལས་ཚ།།མ་ངེས་རེ་དོགས་གཉིས་ཀྱི་སོ་འཚམ་ནས་།།གངས་ཅན་བོད་པ་ཚང་འདི་སྣིང་རེ་རྗེ།།



བརྗོད་གཞི་གཞན་ཁག་ལ་གཟིགས།