བློན་ཆེན་མཆོག་གི་ནང་མི་སྐུ་འཁོར་ཚོར་འཚམས་འཕྲིན་གནང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༥ཚེས་༧ཉིན། རེས་གཟའ་པ་སངས་ཉིན། བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཨ་རུ་ནཱ་ཅལ་མངའ་སྡེའི་བློན་ཆེན་རྡོ་རྗེ་མཁའ་འགྲོ་མཆོག་འདས་གྲོངས་སུ་གྱུར་བར་ནང་མི་དང་སྐུ་འཁོར་ཡོངས་ལ་གདུང་སེམས་མཉམ་སྐྱེད་དང་ཐུགས་གསོའི་འཚམས་འཕྲིན་ཕུལ་འདུག

དེ་ཡང་བཙན་བྱོལ་བོད་གཞུང་གི་དྲ་ཚིགས་སུ་གནས་ཚུལ་འཁོད་པ་ལྟར་ན། ཐུགས་གསོའི་འཚམས་འཕྲིན་ནང་དུ་འཁོད་དོན། ཨ་རུ་ནཱ་ཅལ་པར་དེ་ཤིའི་སྤྱི་ཁྱབ་བློན་ཆེན་རྡོ་རྗེ་མཁའ་འགྲོ་མཆོག་ཉེ་ཆར་སྟབས་མ་ལེགས་པ་ཞིག་ལ་ཐད་འཕུར་གནམ་གྲུ་ཟག་ནས་སྐུ་ཚེ་མ་ཟིན་པའི་གནས་ཚུལ་བྱུང་བ་དེར་བློ་ཕམ་དང་སེམས་འཚབ་ཧ་ཅང་ཆེན་པོ་བྱུང༌། ཁོང་ནི་ཨ་རུ་ནཱ་ཅལ་མངའ་སྡེའི་དབུ་ཁྲིད་དགུང་ལོ་གཞོན་ལ་དྲང་བདེན་དྲག་གྲས་ཤིག་ཡིན་པ་མ་ཟད། སྤྱི་ཁྱབ་བློན་ཆེན་གནང་བའི་རིང་ཨ་རུ་ནཱ་ཅལ་གྱི་མང་ཚོགས་དང། ཨ་རུ་ནཱ་ཅལ་ཁུལ་དུ་ཡོད་པའི་བོད་པ་ཚང་མར་ཕན་ཐོགས་ཆེན་པོ་ཡོང་དང་ཡོང་བཞིན་པ་དང་དུས་བདེ་ཞི་འཇགས་ཡག་པོ་བྱས་ནས་གནས་ཐུབ་པ་གནང་ཡོད།

མ་ཟད་ཁོང་ནི་མངའ་སྡེ་ཡར་རྒྱས་ཀྱི་ལས་དོན་ཧ་ཅང་ཚགས་ཚུད་གནང་མཁན་ཞིག་ཡིན་པས། ཁོང་རྐྱེན་འདས་སུ་གྱུར་བ་དེ་བོད་པ་དང་ཨ་རུ་ནཱ་ཅལ་གྱི་ཡུལ་མི་ཚང་མར་གོད་ཆག་ཆེན་པོ་ཞིག་ཆགས་ཡོད་པར་བརྟེན། ང་དང་ངའི་བཀའ་བློན་ལས་རོགས་ཚང་མའི་ངོས་ནས་སེམས་ཚོར་ཆེན་པོས་ཨ་རུ་ནཱ་ཅལ་མི་མང་དང། ལྷག་པར་དུ་ཁོང་གི་ནང་མི་སྐུ་འཁོར་ཚང་མར་སེམས་གསོ་ཞུ་རྒྱུ་དང་ཆབས་ཅིག་དལ་རྟེན་བརྒྱུད་ནས་སྐུ་བཞི་གོ་འཕང་ཐོབ་པའི་སྨོན་ལམ་ཞུ་རྒྱུ་དང། ཆོས་རིགས་ལས་ཁུངས་བརྒྱུད་ནས་སང་ཉིན་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་མཆོད་འབུལ་སྨོན་ལམ་འཚོག་རྒྱུ་ཡིན་ཞེས་གསུངས་འདུག

ཕྱི་ལོ་༢༠༠༨ཟླ་༥པར། ཨ་རུ་ནཱ་ཅལ་མངའ་སྡེའི་བློན་ཆེན་རྡོ་རྗེ་མཁའ་འགྲོ་མཆོག་སྒེར་ངོས་ནས་བཞུགས་སྒར་དྷ་རམ་ས་ལར་ཆེད་ཕེབས་གནང་ཏེ། ༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་མཇལ་མོལ་གནང་ཡོད་པ་མ་ཟད། བཀའ་ཤག་གི་ངོས་ནས་བློན་ཆེན་མཆོག་ལ་ཉིན་གུང་གི་གསོལ་ཚིགས་དྲངས་པ་སོགས་སྣེ་ལེན་ཟབ་རྒྱས་ཞུས་ཡོད་པ་རེད།

བློན་ཆེན་མཆོག་གིས་༧སྤྱི་ནོར་༧གོང་ས་སྐྱབས་མགོིན་ཆེན་པོ་མཆོག་མོན་རྟ་དབང་གི་སྨན་ཁང་ཆེན་མོ་ཞིག་གི་མཛད་སྒོར་གདན་འདྲེན་ཞུས་པ་ལྟར། ཕྱི་ལོ་༢༠༠༩ལོའི་ཟླ་༡༡པའི་ཚེས་༨ནས་༡༥བར་༧མགོན་པོ་གང་ཉིད་མོན་རྟ་དབང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང༌། ས་དེའི་མི་མང་ཚོར་གསུང་ཆོས་ཞུ་བའིོ་སྐལ་བཟང་ཐོབ་ཡོད་པ་དང༌། དེ་བཞིན་ཁོང་ནི་འཆར་ལོའི་ཕྱི་ཟླ་དང་པོའི་ཚེས་༡ནས་༡༠བར་གྱི་ཉིན་གྲངས་བཅུའི་རིང་གི་༧གོང་ས་མཆོག་གི་དཔལ་དུས་ཀྱི་འཁོར་ལོའི་དབང་༣༢པའི་སྦྱིན་བདག་ཅིག་ཀྱང་ཡིན་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བོད་སྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
བློན་ཆེན་ཁོང་སྐུ་ཚེ་མ་ཟིན་པ་དེ་ནི་སྤྱིར་ཨ་རུ་ན་ཅལ་ས་ཁུལ་གྱི་མི་མང་ཚོིའི་སྤྱི་གྱོང་དང་སྒོས་སུ་བོད་མི་དང་ཨ་རུ་ས་ཁུལ་དུ་བཏོགས་པའི་ནང་པ་ཡོངས་ཀྱི་གུས་གྱོང་ཞིག་ཏུ་གྱུར་པར་བརྟེན་ཧ་ཅང་གི་བློ་ཕམ་གྱི་རང་བཞིན་དུ་གྱུར།



བརྗོད་གཞི་གཞན་ཁག་ལ་གཟིགས།