མའོ་དང་ཧུའུ་ཡི་འདྲ་བརྙན་གླུད་མཉམ་དུ་མེར་སྲེག་

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

A Tibetan woman rallies with her follow Tibetans in Dharamshala, India on 24 February 2009. Photo: Julia/TPIརྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བས་ཟླ་༠༢ཚེས་༢༤ཉིན་སྤེལ། བོད་ནང་གི་གཞིས་ལུས་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་བོད་ཟླ་༡༢ཚེས་༢༩ཉིན་གླུད་དང་མཉམ་དུ་རྒྱ་ནག་གི་འགོ་ཁྲིད་ཤི་ཟིན་པ་མའོ་ཚེ་ཏུང་དང་རྒྱ་ནག་དམར་པོའི་འགོ་ཁྲིད་ཧུའུ་ཅིན་ཐའོ་གཉིས་ཀའི་འདྲ་བརྙན་གཡུགས་ཏེ་མེ་སྲེག་བཏང་བ། དེ་བཞིན་ྋགོང་ས་མཆོག་གིས་དབུས་རྒྱ་གར་འཕགས་པའི་ཡུལ་དུ་བོད་མི་རྣམས་བཙན་བྱོལ་བ་ཆགས་ནས་མི་ལོ་༥༠འཁོར་བའི་དུས་དྲན་ཁེལ་ལ་ཉེ་བའི་སྐབས་འདིར་ཟླ་༠༢ཚེས་༢༤ཉིན་བཞུགས་སྒར་དུ་གནས་སྡོ་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རྒྱ་ཆེ་ཞིག་སྤེལ་དང་སྤེལ་བཞིན་ཡོད་པ་རེད།
Tibetan protest pass by Tibetan Government in-Exile on 24 February 2009. Photo: S. Hart/TPI

དེ་ཡང་བོད་ནང་གི་གཞིས་ལུས་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་བོད་ཟླ་༡༢ཚེས་༢༩ཉིན་བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་གོ་སྒྲིག་བྱས་པའི་འོག་བོད་མི་དང་ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་བ་༩བརྒྱ་ལྷག་ནས་ལོ་འདིའི་གདོན་དང་བར་ཆད་སེལ་བའི་སླད་དུ་གླུད་དང་མཉམ་དུ་རྒྱ་ནག་གི་འགོ་ཁྲིད་ཤི་ཟིན་པ་མའོ་ཚེ་ཏུང་དང་རྒྱ་ནག་དམར་པོའི་འགོ་ཁྲིད་ཧུའུ་ཅིན་ཐའོ་གཉིས་ཀའི་འདྲ་བརྙན་འདྲ་མིན་གཡུགས་ཏེ་མེར་སྲེག་བཏང་ཡོད་པ་དང༌། དེ་བཞིན་ྋགོང་ས་མཆོག་གིས་དབུས་རྒྱ་གར་འཕགས་པའི་ཡུལ་དུ་བོད་མི་རྣམས་བཙན་བྱོལ་བ་ཆགས་ནས་མི་ལོ་༥༠འཁོར་བའི་དུས་དྲན་ཁེལ་ལ་ཉེ་བའི་སྐབས་འདིར་བོད་མའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཞིའི་གོ་སྒྲིག་འོག་ཟླ་༠༢ཚེས་༢༤ཉིན་བཞུགས་སྒར་དུ་གནས་སྡོ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་གཅིག་སྟོང་ཉེ་བས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རྒྱ་ཆེ་ཞིག་སྤེལ་ཡོད་པ་རེད།

Tibetans against Chinese occupation over Tibet and recent deadly crackdown in Tibet on 24 February. Photo: TPI

གཞུང་འབྲེལ་མིན་པའི་ཚོགས་པ་བཞི་སྟེ་བོད་ཀྱི་བུ་མེད་ལྷན་ཚོགས་དང་བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པ། བོད་ཀྱི་ཆབ་སྲིད་བཙོན་ཟུར་ཚོགས་པ་སྟེ་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཐུན་མོང་གིས་གོ་སྒྲིག་འོག་ད་ལོའི་བོད་ས་གླང་ལོའི་ལོ་གསར་རྒྱས་སྤྲོས་སོགས་ཀྱི་རྣམ་པའི་ཐོག་ནས་སྲུང་བརྩི་མ་ཞུས་པར་ཕྱི་ཚེས་༢༤རེས་གཟའ་མིག་དམར་ཉིན་བཞུགས་སྒར་དྷ་རམ་ས་ལར་རྒྱ་ནག་གཞུང་གི་དབང་བསྒྱུར་དང་དྲག་གནོན་འོག་ན་ནིང་བོད་མདོ་དབུས་ཁམས་གསུམ་དུ་བོད་མི་མང་པོའི་ཚེ་སྲོག་ཤོར་བ་དང༌། ད་དུང་ཡང་བོད་མི་མང་པོ་ཞིག་བཙོན་འཇུག་བྱས་དང་བྱེད་བཞིན་པར་གདུང་སེམས་མཉམ་སྐྱེད་དང༌། རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་བྱས་ནས་དམག་མི་འབོར་ཆེན་མུ་མཐུད་ནས་འགྲེམས་འཇོག་བྱེད་བཞིན་པ་བཅས་ལ་ངོ་རྒོལ་མཐའ་གཅིག་ཏུ་མཚོན་ཆེད་གཞི་རྒྱ་ཆེ་བའི་མི་མང་གི་ངོ་རྒོལ་ལས་འགུལ་ཞིག་སྤེལ་ཡོད་པ་དང༌། དེ་བཞིན་བོད་ནང་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཁག་དུ་མ་སྤེལ་བའི་ནང་བོད་མི་མང་པོ་ཞིག་གི་ཚེ་སྲོག་ཤོར་བ་རྣམས་ལ་རྗེས་དྲན་མྱ་ངན་གུས་བཏུད་ཆེད་བོད་ཀྱི་ལོ་གསར་ཚེས་༠༡ཉིན་བཞུགས་སྒར་གཙུག་ལག་ཁང་ཐེགས་ཆེན་ཆོས་གླིང་དུ་ཞལ་འདོན་གྱི་ལས་འགུལ་ཞིག་གོ་སྒྲིག་གནང་རྒྱུ་ཡིན་པ་རེད།

Tibetans Dharamshala, India paraded demonized effigies of former Chinese chairman, Mao Zedong, and Hu Jintao, the current head of Chinese communist regime before setting them off on a huge fire on 23 February 2009. Photo: TPI

དེ་མིན་རྒྱ་ནག་གཞུང་གིས་བོད་ལ་དབང་བསྒྱུར་བྱས་ནས་ྋགོང་ས་མཆོག་གིས་དབུས་པའི་བོད་མི་འབུམ་གཉིས་ལྷག་ཙམ་བཙན་བྱོལ་དུ་ཕེབས་ནས་ལོ་ངོ་༥༠འཁོར་བའི་དུས་དྲན་ལ་སྲུང་བརྩི་ཞུ་ཆེད་གསུམ་ཅུའི་དུས་དྲན་ཉིན་ནས་ངོ་རྒོལ་དང་མར་མེའི་ཁྲོམ་འཁོར་སོགས་ཀྱི་ལས་འགུལ་འདྲ་མིན་ཞིག་སྤེལ་གནང་འཆར་ཡོད་པ་རེད། གཞན་ཡང་འབྲེལ་ཐའེ་ཝན་ནང་ལ་ཡང་བོད་པའི་ལོ་གསར་ཚེས་༡ཉིན་ཐའེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པས་ཐའེ་པེ་རང་དབང་ཐང་ཆེན་དུ་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་དང་རྒྱ་ནག་གཞུང་གིས་ན་ནིང་མདོ་དབུས་ཁམས་གསུམ་དུ་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ཞི་བའི་ངོ་རྒོལ་ཐོག་རྒྱ་ནག་གཞུང་ཕྱོགས་ནས་དྲག་གནོན་བྱས་ཏེ་བོད་མི་མང་པོའི་ཚེ་སྲོག་ཤོར་བ་དང་བོད་མི་མང་པོ་བཙོན་འཇུག་བྱེད་བཞིན་པར་ངོ་རྒོལ་གྱི་རྣམ་འགྱུར་མཚོན་རྒྱུའི་ཆེད་མར་མེའི་ཁྲོམ་འཁོར་ཞིག་སྤེལ་འཆར་ཡོད་པ་ཐའེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པས་ཚེས་༢༣གཟའ་ཟླ་བའི་ཉིན་གནས་ཚུལ་ཕྱིར་བསྒྲགས་གནང་ཡོད་པ་རེད།

Tibetans Dharamshala, India paraded demonized effigies of former Chinese chairman, Mao Zedong, and Hu Jintao, the current head of Chinese communist regime before setting them off on a huge fire on 23 February 2009. Photo: TPI

བོད་ས་བྱི་ལོའི་མང་ཚོགས་ཀྱི་རྔམ་སྟོན་མཐའ་མ།

"རྒྱ་དམར་གྱི་དམག་མི་བོད་ནང་ཆུ་ལོག་བརྒྱབ་པ་ལྟར་བཀྲམ་པར་བརྟེན། གཞིས་ལུས་བོད་མིར་གདུང་སེམས་མཉམབསྐྱེདཀྱི་རྔམ་སྟོན་ཁྲོམ་སྐོར་རྡ་ས་ལར་འགོ་འཛུགས་བྱས་ཡོད། ལོ་གསར་བོད་མི་སྒེར་ལངས་ཀྱི་དུས་ཆེན་སྐབས་བོད་ནང་སྒོ་བཀག་བྱས་པ། རྡ་རམ་ས་ལའི་བོད་མིས་རེ་གཟའ་མིག་དམར་ཉིན་སྐད་འབོད་བྱེད་དོན་ནི། འཆར་ལ་ཉེ་བའི་བོད་མིའི་སྲོལ་རྒྱུན་གྱི་ལོ་གསར་དང༌། བོད་དུ་བཙན་གནོད་བྱུང་ནས་ལོ་༥༠འཁོར་བའི་དུས་དྲན་སླེབས་ལ་ཉེ་བའི་མཚམས་དེར། བོད་ནང་གི་བོད་མིར་རྒྱ་དམར་སྲིད་གཞུང་ནས་ཚད་ལས་འདས་པའི་དམ་དྲག་བྱས་པར་གདུང་སེམས་མཉམ་བསྐྱེད་ཆེད་དུ་རེད། ཉེ་འཆར་བོད་ནང་རྒྱ་དམག་སྟོང་ཕྲག་བརྒལ་བ་ཆུ་ལོག་རྒྱས་པ་ལྟར་བཀྲམས་ཡོད་དང༌། གྲོང་གསེབ་དང་གྲོང་བརྡལ་ཡོད་དོ་ཅོག་ལ་ཉིན་ལྟར་ཉེན་རྟོག་པའི་རླངས་འཁོར་གྱིས་བསྐོར་བསྐྱོད་བལྟ་སྲུང་བྱེད་ཀྱི་ཡོད། དེ་ལྟར་བྱེད་དགོས་དོན་ནི་དམར་པོའི་སྲིད་གཞུང་ནས་བོད་མི་ཚོས་བསྐྱར་དུ་སྐད་འབོད་དང་འགོག་རྒོལ་གྱི་གྱེན་ལངས་བྱེད་རྒྱུར་འཇིགས་སྐུལ་བྱས་པ་ཞིག་རེད། ཉེ་བའི་ཟླ་བ་བཅུའི་རིང་དྲག་གནོན་དེ་ནི་ལོ་ངོ་སུམ་ཅུའི་རིང༌། བོད་ནང་ཆབ་སྲིད་ཀྱི་གནས་སྟངས་ཆེས་གདུགད་རྩུབ་དང༌། དམ་དྲག་ཆེ་ཤོས་ཤིག་རེད།

དམར་པོའི་གདུག་རྩུབ་ལ་མི་མང་ནས་ངོ་ལེན་བྱེད་མི་ཐུབ་པའི་གཞི་རྒྱ་ཆེ་བའི་ལས་འགུལ་དེའི་ནང༌། འདི་ལོ་དམིགས་བསལ་སྤྱི་ཟླ་༢ཚེས་༢༥ཡི་སྲོལ་རྒྱུན་གྱི་ལོ་གསར་མི་གཏོང་བའི་འཆར་གཞི་དེ་ནི། ས་བྱིའི་ཞི་རྒོལ་ནང་འདས་གྲོངས་སུ་ སོང་བའི་བོད་མི་རྣམས་དང༌། བོད་ནང་སྤེལ་བཞིན་པའི་ཀླ་ཀློའི་སྲིད་ཇུས་དེའི་ཆེད་དུ་རེད། སྤྱི་ཟླ་༢ཚེས་༢༥དང་༢༦ཉིན་བོད་མི་བརྒྱ་ཕྲག་བརྒལ་བས་བོད་ཤར་ཕྱོགས་སུ། གོང་ས་མཆོག་ཕྱིར་ལོག་ཕེབས་རྒྱུ་དང༌། ལོ་གསར་སྲུང་བརྩི་མི་ཞུ་བའི་ཆེད་དུ་སྐད་འབོད་བྱས་པར། སྐད་འབོད་ཚོར་མི་ཆོས་ལས་འདས་པའི་ཉེས་རྡུང་བཏང་བ་མ་ཟད། མི་གྲངས་༢༤འཕྲལ་དུ་བཀག་ཉར་བྱས་པ་རེད། རྒྱ་གཞུང་གིས་ཕྱི་རྒྱལ་བ་དང༌། གསར་འགོད་པ་ཡོད་ཚད་བཀག་འགོག་ཐོག གོང་ས་མཆོག་ལ་རྒྱབ་སྐྱོང་ཞུ་མཁན་ཚང་མ་རྩ་མེད་གཏོང་དགོས་ཞེས་དམ་བཅའ་བཞག་པ་རེད་ལ། དེ་ལྟར་བྱེད་དགོས་དོན་ནི། ཡོང་རྒྱུར་ངེས་པའི་ཁྲག་གི་དྲག་གནོན་དེ། རང་དབང་ཅན་གྱི་དཔང་རྟགས་ཚོས་མི་མཐོང་བའི་ཆེད་དུ་རེད་"ཅེས་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་བཞི་སྟེ་བོད་ཀྱི་བུད་མེད་ལྷན་ཚོགས་དང་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་ཀྱི་དགུ་བཅུ་ལས་འགུལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ནས་གསལ་བསྒྲག་སྤེལ་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ངོ་རྒོལ་བྱ་ཚུལ་དེ་འདྲ་བྱས་ན་ཡག་པོ་འདུག། མ་གཏོགས་རྒྱ་དར་མེ་སྲེག་བྱས་ན་རྒྱ་རིགས་མི་སེར་སྤྱི་ལ་ཡིད་བློ་མི་བདེ་བར་འབྱུང་སྲིད་པའི་རྒྱ་བོད་སྤྱིའི་མཐུན་ལམ་ལ་གནོད་པར་སྙམ། རང་ཕྱོགས་ལ་སྦྱར་བར་བྱའོ། དབུ་མ་བཞི་བརྒྱ་པ་ལས། དང་པོ་རང་སྟེང་ལ་སྒོམ། དེ་ནས་གཞན་ལ་སྒོམ་པར་བྱའོ། དེ་རིགས་མཚུངས་པར་སྙམ། ལི་ལྗོངས་ཕོ་ཉHÛ‘Rï!



བརྗོད་གཞི་གཞན་ཁག་ལ་གཟིགས།