ཨ་རིའི་ནང་གི་མཛད་འཆར་ཁག་ཅིག་ཕྱིར་འཐེན་གནང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༥ཚེས་༢ཉིན། ༧གོང་ས་མཆོག་གིས་སྐུ་ཆམ་བཞེས་ཡོད་པར་བརྟེན་ཨ་རིའི་ནང་གི་མཛད་འཆར་ཁག་ཅིག་ཕྱིར་འཐེན་གནང་ཡོད་ཀྱང༌། བླ་སྨན་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་མྱུར་ཏུ་སངས་དྲག་ཡོང་ངེས་རེད་ཅེས་བརྗོད་འདུག ཉི་ཧོང་ནང་གི་མཛད་འཕྲིན་རྣམས་ལེགས་པར་འགྲུབ་རྗེས་ཨ་རིའི་ནང་དུ་བདུན་ཕྲག་གཉིས་རིང་ཆིབས་དྲིན་བསྐྱང་རྩིས་ཡོད་ཀྱང༌། སྐུ་ཆམ་བཞེས་པར་བརྟེན་མཛད་འཆར་ཁག་ཅིག་ཕྱིར་འཐེན་གནང་དགོས་བྱུང་ཡོད་ཀྱང༌། བླ་སྨན་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་༧མགོན་པོ་གང་གི་སྙུང་གཞི་མྱུར་ཏུ་སངས་དྲག་ཡོང་ངེས་རེད་ཅེས་བརྗོད་ཡོད་འདུག

ཕྱི་ཚེས་༣ཉིན་བར་གྱི་ཨ་རིའི་གཙུག་ལག་སློབ་གྲྭ་ཆེན་མོ་ཁག་ཅིག་དང༌། ས་གནས་དགའ་ལྡན་ཤར་རྩེ་དང་བྱང་ཆུབ་ཆོས་གླིང་བཅས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱང་རྒྱུ་ཕྱིར་འཐེན་བྱེད་དགོས་བྱུང་ཡོད་ཀྱང༌། གསུང་སྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་དང་ཁུ་ལུན་པེ་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་ཆེད་མཁས་པ་རའོ་བྷུར་ཊི་ཊོར་མན་གཉིས་ནས་མཛད་རིམ་རྣམས་ལེགས་པར་བསྒྲུབ་ཡོད་པ་རེད།

UCLAགཙུག་ལག་སློབ་གྲྭ་ཆེན་མོའི་ཉིན་རེའི་ཚགས་པར་ཏུ། གནས་ཚུལ་ལ་འགྱུར་བ་གཏོང་དགོས་བྱུང་བར་ང་ཚོ་བློ་ཕམ་བྱུང་ཡོད་ཀྱང༌། ༧མགོན་པོ་གང་གི་བདེ་ཐང་ནི་ཧ་ཅང་གལ་ཆེན་པོ་ཡིན་པས་ང་ཚོ་ཚང་མས་ཁོང་མྱུར་ཏུ་དྲག་སྐྱེད་ཡོང་བའི་སྨོན་ལམ་འདེབས་ཀྱི་ཡོད་ཅེས་བརྗོད་ཡོད་པ་དང༌། གཙུག་ལག་སློབ་གྲྭ་ཆེན་མོ་དེར་༧གོང་ས་མཆོག་གི་མཚན་ཐོག་ནས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་དག་གི་ནང་ནས་ཆེས་ཆེ་བའི་བོད་རྒྱུད་ནང་བསྟན་ཞིབ་འཇུག་ཐེབས་རྩ་ཚོགས་པ་ཞིག་འཛུགས་འཆར་ཡོད་འདུག སློབ་གྲྭའི་མགྲིན་ཚབ་པས་བརྗོད་པ་ལྟར་ན། ཐེངས་འདིའི་གོ་སྐབས་བཟང་པོ་ཕྱིར་འཐེན་བྱེད་དགོས་བྱུང་བར་བརྟེན། བསྐྱར་དུ་གདན་འདྲེན་ཞུ་རྒྱུའི་འཆར་གཞི་མེད་ཅེས་བརྗོད་ཡོད་འདུག

ཐེངས་འདིའི་༧གོང་ས་མཆོག་གི་མཛད་རིམ་ཁྲོད་དུ་འཚེ་བ་མེད་པ་དང་འཇིག་རྟེན་གྱི་བཟང་སྤྱོད་སོགས་ཀྱི་བརྗོད་གཞིའི་ཐོག་ཡོངས་ཁྱབ་ཀྱི་འཆད་ཁྲིད་༦དང་བགྲོ་གླེང་༢། དེ་བཞིན་འཚེ་མེད་ཞི་བདེ་དང་འབྲེལ་བའི་ཚོགས་འདུ་ཞིག་ལའང་ཕེབས་འཆར་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (5)
འོ་ཡ་ཡིན་ཡོང་མ་སོང་ཡི་གེ་ཚང་མ་མེད་པ་ཆགས་སོང་ག་རེ་ཡིན་ནམ
ལ་ལས་ཏ་ལའི་བླ་མས་བླ་མེད་ཀྱི་མཛད་པ་ངོམས་སོང་བ་དང་ལ་ལས་ཏ་ལའི་བླ་མ་ཧོན་ལོག་འདུག་ཟེར་བ་སོགས་སྤྱི་ཚོགས་ཆུང་ཆུང་འདིར་ལབ་གླེང་སྣ་ཚོགས་ཤིག་འདུག་སྐྱབས་སུ་འཆི་ངའི་བླ་མ་འདིར་ད་བར་དུ་ནོར་བ་ཞིག་བྱུང་མ་མྱོང་ད་ཐེངས་ཡང་ནོར་བ་ཞིག་མི་སྲིད་ཡིན་ནའང་སྤྱི་ཚོགས་ཆུང་ཆུང་འདིའི་ནང་གི་ལབ་གླེང་འདི་ག་རེ་ཡིན་ནམ
དེ་རང་གོང་ས་མཆོག་གི་གསུང་འཕྲིན་ལས་གོང་ས་ལྔ་བ་ཆེན་པོའི་དུས་རབས་ནས་དེང་གི་དུས་རབས་བར་གྱི་གཞུང་གི་འཛིན་སྐྱོངས་དང་བདག་དབང་ཐད་བཀའ་གནང་བ་ཁག་ཅིག་ལ་མི་མང་པོ་ཞིག་བློ་ཕམ་བྱུང་འདུག་༧གོང་ས་མཆོག་གི་སྔོན་ཆད་ཀྱི་བོད་སྡེ་བ་གཞུང་དེ་དབུས་གཙང་ཙམ་ཡིན་པ་དང་དགེ་ལུགས་པའི་་འཛིན་སྐྱོང་ཙམ་ཡིན་པ་ལྟ་བུར་གསུང་འདུག་སྟབས་མི་མང་བོའི་དེ་ལ་དོགས་པ་དང་བློ་ཕམ་བྱེད་བཞིན་འདུག་
གོང་ས་་མཆོག་གི་མཛད་འཆར་ཉིན་གཉིས་ལ་ཕྱིར་འཐེན་གནང་བ་ལས་མཛད་འཆར་ཡོང་ཕྱིར་འཐེན་གནང་མེད་པ་དང་ལྷག་པར་སྐུ་སྣུང་བཞེས་པའི་གནས་ཚུལ་ལ་བརྟེན་ནས་མཛད་འཆར་ཕྱིར་འཐེན་གནང་བ་རེད་བཅས་བརྗོད་ན་བོད་མི་མང་པོ་ཞིག་ལ་སེམས་ཁྲེལ་ཆེན་པོ་སླང་ཡོད་པ་བཤད་མ་དགོས་པ་ཞིག་རེད་
1 ༡༡༢༠༡༡༠༩༥༦
གསར་འགྱུར་ཡིན་ན་
ང་གནས་ཚུལ་ངོ་མ་བ་ཞིག་དང་ཁ་གསལ་གཏིང་གསལ་ིག་བཀོད་ན་བཟང་འདི་ལྟ་བུའི་གསར་འགྱུར་བཀོད་པ་ལས་མ་བཀོད་ན་ནཾབཟང་མི་མང་པོ་ཞིག་ལ་སེམས་ཁྲལ་བསླང་སོང་ངོ་མ་ཡིན



བརྗོད་གཞི་གཞན་ཁག་ལ་གཟིགས།