བཀའ་སྤྱི་གཉིས་ཀྱི་མཐའ་མའི་གྲུབ་འབྲས་གསལ་བསྒྲགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༤ཚེས་༢༧ཉིན། དེ་རིང་སྔ་དྲོའི་ཆུ་ཚོད་༡༠དང་ཕྱེད་ཀའི་ཐོག དབུས་འོས་བསྡུ་ལྷན་ཁང་གིས་བཀའ་བློན་ཁྲི་པ་སྐབས་གསུམ་པ་དང་སྤྱི་འཐུས་སྐབས་བཅོ་ལྔ་པ་འོས་འདེམས་ཀྱི་མཐའ་མའི་གྲུབ་འབྲས་གསལ་བསྒྲགས་གནང་སོང༌།

བཀའ་ཁྲི་སྐབས་གསུམ་པའི་འོས་མི་གསུམ་གྱི་ནང་ནས་ཨང་དང་པོ་མཁས་དབང་བློ་བཟང་སེང་གེ་ལགས་ལ་འོས་གྲངས་ ༢༧༠༥༡ དང༌། གཉིས་པ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ལ་འོས་གྲངས་༡༨༤༠༥། གསུམ་པ་བཀྲ་ཤིས་དབང་འདུས་ལགས་ལ་འོས་གྲངས་༣༡༧༣བཅས་རེད་འདུག

སྐབས་བཅོ་ལྔ་པའི་དབུས་གཙང་སྤྱི་འཐུས་ཀྱི་འོས་གྲངས་རྩེ་གྲས་བརྒྱད་ནི།

ཨཱ་ཅརྱ་ཡེ་ཤེས་ཕུན་ཚོགས། ༡༣༩༨༣

པདྨ་འབྱུང་གནས། ༡༢༡༡༡

ཤར་གླིང་བསྟན་འཛིན་ཟླ་སྒྲོན། ༡༡༩༩༥

དགེ་བཤེས་སྐལ་བཟང་དགྲ་འདུལ། ༡༠༥༥༧

ཀརྨ་ཡེ་ཤེས། ༩༩༠༨

ཟླ་བ་ཚེ་རིང༌། ༩༨༥༢

སྒྲོལ་མ་ཚེ་རིང༌། ༩༣༣༤

བུ་མོ་ཚེ་རིང༌། ༨༤༧༦

དབུས་གཙང་ཆོལ་ཁའི་འོས་གྲངས་བརྒྱ་ཆ་མ་ལོངས་བ་༢ནི། ཚེ་བསྟན་ནོར་བུ་དང༌། འཇིགས་མེད་འབྱུང་གནས་གཉིས་རེད་འདུག

སྐབས་བཅོ་ལྔ་པའི་མདོ་སྟོད་སྤྱི་འཐུས་ཀྱི་འོས་གྲངས་རྩེ་གྲས་བཅུ་ནི།

འབའ་བ་སྐལ་བཟང་རྒྱལ་མཚན། ༩༦༧༡

གསེར་རྟ་ཚུལ་ཁྲིམས། ༨༠༤༤

འཇུ་ཆེན་དཀོན་མཆོག་ཆོས་སྒྲོན། ༧༧༥༦

ལི་ཐང་འཇམ་དབྱངས་བཟོད་པ། ༦༥༣༦

དབུ་དཀར་གཡུ་སྒྲོན། ༦༢༤༠

ཆོས་སྐྱོང་དབང་ཕྱུག ༦༢༡༩

དབྱངས་ཅན་སྒྲོལ་དཀར། ༦༠༩༠

ཚུལ་ཁྲིམས་བསྟན་འཛིན། ༥༩༣༣

དགེ་བཤེས་གཡུང་དྲུང་རྒྱལ་མཚན། ༥༤༩༢

གངས་ལྷ་མོ། ༥༡༣༡

སྐབས་བཅོ་ལྔ་པའི་མདོ་སྨད་སྤྱི་འཐུས་ཀྱི་འོས་གྲངས་རྩེ་གྲས་བཅུ་ནི།

སྤེན་པ་ཚེ་རིང༌། ༢༢༧༢

ཐུབ་བསྟན་ལུང་རིགས།  ༢༠༤༡

རྒྱལ་རོང་ཟླ་བ་ཚེ་རིང༌། ༡༨༢༧

འཕེལ་རྒྱས་སྒྲོལ་མ་མཚོ་མོ། ༡༧༥༦

ཀིརྟི་སྒྲོལ་དཀར་ལྷ་མོ། ༡༤༦༥

བསོད་ནམས་རྒྱལ་མཚན། ༡༢༧༥

སྒྲོལ་དཀར་སྐྱབས། ༡༢༠༦

ཡེ་ཤེས་སྒྲོལ་མ། ༡༡༩༨

རྨོག་རུ་བསྟན་པ། ༡༠༦༥

རྒྱ་རིགས་ཐར། ༡༠༠༠

སྐབས་བཅོ་ལྔ་པའི་དཔལ་ས་སྐྱའི་སྤྱི་འཐུས་ཀྱི་འོས་མི་གཉིས་དང་འོས་གྲངས་ནི།

མཁན་པོ་ནོར་བུ་ཚེ་རིང༌། ༣༨༤

མཁན་པོ་ཆོས་གྲགས་རྒྱལ་མཚོ། ༣༠༩

སྐབས་བཅོ་ལྔ་པའི་རི་བོ་དགེ་ལུགས་པའི་སྤྱི་འཐུས་གཉིས་དང་འོས་གྲངས་ནི།

རོང་པོ་བློ་བཟང་སྙན་གྲགས། ༣༣༣༦

ཨ་ཀྲུག་ཚེ་བརྟན། ༣༡༦༡

སྐབས་བཅོ་ལྔ་པའི་སྐབས་༡༥པའི་བོན་པོ་སྤྱི་འཐུས་གཉིས་དང་འོས་གྲངས་ནི།

དགེ་བཤེས་སྨོན་ལམ་མཐར་ཕྱིན། ༩༡

དགེ་བཤེས་རྣམ་དག་གཙུག་ཕུད། ༥༦

སྐབས་བཅོ་ལྔ་པའི་སྔ་འགྱུར་རྙིང་མ་པའི་སྤྱི་འཐུས་གཉིས་དང་འོས་གྲངས་ནི།

སློབ་དཔོན་བསོད་ནམས་བསྟན་འཕེལ། ༡༢༣༢

རྒྱ་རི་བུ་ཕྲུག ༧༦༢

སྐབས་བཅོ་ལྔ་པའི་དཔལ་བཀའ་བརྒྱུད་པའི་སྤྱི་འཐུས་གཉིས་དང་འོས་གྲངས་ནི།

ཀརྨ་ཆོས་འཕེལ། ༣༡༢

བསྟན་པ་ཡར་འཕེལ། ༢༥༦

སྐབས་བཅོ་ལྔ་པའི་ཡུ་རོབ་སྤྱི་འཐུས་གཉིས་དང་འོས་གྲངས་ནི།

ཐུབ་བསྟན་དབང་ཆེན། ༡༢༢༥

ཆུང་བདག་ཀོ་རིན། ༧༥༨

སྐབས་བཅོ་ལྔ་པའི་བྱང་ཨ་རི་སྤྱི་འཐུས་གཉིས་དང་འོས་གྲངས་ནི།

བདེ་སྐྱིད་ཆོས་དབྱངས། ༢༩༨༨

ནོར་བུ་ཚེ་རིང༌། ༢༥༩༦ བཅས་རེད་འདུག

དེ་སྔོན་ཕྱི་འཐུས་སྐབས་༡༣པའི་སྐབས་སུ་མིང་མང་གིས་འོས་འཕེན་ཆ་ཤས་ལེན་ཚད་བརྒྱ་ཆ་ ༥༩་༦༢ དང་། སྐབས་༡༤པར་བརྒྱ་ཆ་  ༥༢་༦༩། སྐབས་༡༥པར་བརྒྱ་ཆ་ ༥༨་༥༤ བཅས་དང་། ཁ་ཐུག་འོས་འདེམས་ཀྱི་ལམ་ནས་བཀའ་བློ་ཁྲི་པ་སྐབས་དང་པོར་མི་མང་གིས་འོས་འཕེན་ཆ་ཤས་ལེན་ཚད་བརྒྱ་ཆ་ ༥༢་༢༢ དང་། སྐབས་ ༢ པར་བརྒྱ་ཆ་ ༤༤་༢༦།  སྐབས་ ༣ པར་བརྒྱ་ཆ་ ༥༨་༩༧ བཅས་ཡིན་པ་རེད།

བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་བ་དང་། བཀའ་བློན་ཁྲི་པ་སྐབས་གསུམ་པའི་འོས་བསྡུ་ཆེན་མོའི་སྔོན་འགྲོའི་སྐབས་དེབ་སྐྱེལ་གནང་མཁན་ཁྱོན་མི་གྲངས་ ༧༩༤༤༩ བྱུང་ཡོད་འདུག་པ་དང་། དེའི་ཁྲོད་ནས་འོས་བསྡུའི་ཆ་ཤས་དངོས་སུ་ལེན་མཁན་མི་གྲངས་༤༧༩༩༨ བྱུང་ཡོད་སྟབས། སྐབས་སྔོན་མ་དང་བསྡུར་ན་མི་གྲངས་ ༦༦༧༨ ལྷག་ཇེ་མང་དུ་ཕྱིན་ཡོད། ཕྱིས་སུ་ཡང་བསྐྱར་དེབ་སྐྱེལ་གྱི་གོ་སྐབས་སྤྲད་པས་སླར་ཡང་མི་གྲངས་ ༣༩༥༠ བྱུང་བས་ཐེངས་འདིར་ཁྱོན་བསྡོམས་དེབ་སྐྱེལ་བྱེད་མཁན་ ༨༣༣༩༩ བྱུང་ཡོད་ཀྱང་། དངོས་གཞིའི་འོས་བསྡུར་ཆ་ཤས་ལེན་མཁན་ཁྱོན་མི་གྲངས་ ༤༩༡༨༤ ཙམ་བྱུང་འདུག

ཐེངས་འདིར་དབུས་གཙང་ཆོལ་ཁ་ནས། སྤྱི་འཐུས་ཀྱི་འོས་མི་༨ལས། མི་༢ཀྱིས་འོས་གྲངས་བརྒྱ་ཆ་མ་ལོངས་སྟབས། ཡང་བསྐྱར་མི་གཉིས་འོས་འདེམས་བྱ་རྒྱུ་ཡིན་ལུགས་དབུས་འོས་བསྡུ་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་ཀྱིས་འགྲེལ་བརྗོད་གནང་སོང་།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (17)
17 ༢༨༢༠༡༡༠༨༡༢
བཀྲ་རྣམ།
༄༅།། བློ་དང་རིག་པས་རྐང་གཉིས་གྲལ་འགོར་བསྙེགས།
བཟང་པོའི་དཔལ་གྱིས་དབུ་ནག་ཡིད་དབང་ཁུག
སེང་དར་དཔའ་རྩལ་གངས་རི་བླ་རུ་བཏེགས།
གེ་སར་རྒྱལ་པོའི་དབོན་ཁྱོད་རྒྱལ་གྱུར་ཅིག །།

སྐབས་འདིར་འདེམས་ཐོན་བྱུང་བའི་བཀའ་བློན་ཁྲི་པ་དང་བོད་མི་དམངས་སྤྱི་མཐུས་རྣམས་པ་ལྷན་རྒྱས་ལ་དར་དཀར་པོ་ཉིན་མོ་བདེ་ལེགས་ཞིག་གི་དོད་དུ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་ཞུ།
གུས་བོད་འབངས་སུ་གཏོགས་པ་བཀྲ་རྣམ་ནས་ཕུལ་ལོ།།

དེ་རིང་ཟིན་བྲིས་སྒོ་་བྱེ་ཡི་མི་འདུག ནམ་མཁའ་སྟོང་པ་འདྲ་ཞིག་ལས་ཅི་ཡང་འཆར་གྱི་མི་འདུག །།
16 ༢༨༢༠༡༡༠༡༠༡
༆།། བོད་རྒྱལ་ཁབ་ཆེན་པོའི་ཆབ་སྲིད་གི་དབུ་ཁྲིད་སྐབས་གསུམ་པ་་སྲིད་འཛིན་ཁྲིམས་ལུགས་མཁས་པ་མཁས་དབང་བློ་བཟང་སེངྒེ་མཆོག་འདེམས་ཐོན་བྱུང་བ་འདི། དུས་རབས་ཉེ་ཤུ་རྩ་གཅིག་པའི་མི་རབས་གསར་བའི་ནང་དགུང་ལོ་ཆུང་ཤོས་དེང་དུས་ཀྱི་ཤེས་ཡོན་དང་སློབ་སྦྱོང་ཚད་མཐོ་ཤོས་དེ་ཆགས་ཡོད་པའི་སྙིང་ཁུང་རུས་པའི་གཏིང་ནས་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། ང་ཚོ་ཤ་ཁྲག་ཅིག་པའི་གཞི་བྱེས་་ཆོལ་གསུམ་བོད་མི་ཚང་མ་མཐུན་སྒྲིལ་རྡོག་རྩ་གཅིག་དྲིལ་གྱིས་ངང་ནས་བདེན་པའི་ཉི་མ་ཤར་ཏེ། གཞི་བྱེས་ལྷན་འཛོམས་ཡོང་བའི་སྨོན་འདུན་དང་བཅས་བཀྲ་ཤིས་བདེ་ལེགས་ཞུ།།
སྐབས་བཅུ་ལྔ་པའི་སྤྱི་འཐུས་ཚང་མ་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ།
15 ༢༧༢༠༡༡༢༢༡༠
འཇིག་རྟེན་བདེ་ཞིང་ལོ་ལེགས་དང་།་་འབྲུ་རྣམས་འཕེལ་ཞིང་རྒྱས་པ་དང།་་བདེ་ལེགས་ཐམས་ཅད་འབྱུང་བ་དང།་་ཡིད་ལ་འདོད་པ་ཀུན་འགྲུབ་ཤོག།།
14 ༢༧༢༠༡༡༢༡༢༨
ཚྭ་སྒང་ཕོ་ཉ།
བོད་རྒྱལ་ཁབ་མི་རིགས་ཀྱི་འགན་དབང་གཉིས་ཀ་ཡོད་པའི་སྤྱི་མི་ཚད་ལྡན་ཞིག་དང་དྲང་ཚུག་ཡོད་པའི་བཀའ་བློན་ཞིག་བྱེད་རོགས་སྙིང་ནས་ཞུ། རང་ཉིད་ལྟ་བ་མ་མཐུན་མཁན་རྣམས་ཕྱིར་འབུད་བྱེད་རྐྱང་གནང་མཁན་ཞིག་མི་གནང་བ་ཞུ།
13 ༢༧༢༠༡༡༢༡༡༩
བློ་བཟང་སེང་གེ་ལགས་བཀའ་ཁྲིར་ཐོབ་པར་རྟེན་འབྲེལ་ཞུ།
12 ༢༧༢༠༡༡༢༠༠༢
སྐབས་གསུམ་པའི་བཀའ་ཁྲི་མཁས་དབང་བློ་བཟང་སེང་གེ་ལགས་དང་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་རྣམ་ལ་བཀྲ་ཤིས་བདེ་ལེགས་དང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུས་དང་ཆབ་གཅིག་གངས་ཅན་ལྗོངས་སུ་གཞིས་བྱེས་ལྷན་དུ་ཉུར་འཛམ་ཡོང་བའི་སྨོན་འདས་ཞུ་ཞུ་ཞུ།
11 ༢༧༢༠༡༡༡༨༤༤
མཁས་དབང་བློ་བཟང་སེང་གེ་ལགས། ཁྱེད་འགྲན་རྩོད་ཀྱི་གཡུ་ལས་རྣམ་པར་རྒྱལ་བ་ལ།
ངས་བཀྲ་ཤིས་བདེ་ལེགས་གྲངས་མེད་ཀྱིས་མདུན་ནས་མདུན་བསུས་ཏེ། ཅི་བསམ་དོན་འགྲུབ་
སྨོན་ཚིག་གིས་རྒྱབ་རྟེན་འབུལ།།
10 ༢༧༢༠༡༡༡༧༡༩
མཁས་དབང་བློ་བཟང་སེངས་གེ་ལ་བཀའ་ཁྲིའི་རྒྱལ་ཁ་ཐོབས་པར་སྙིང་ཐག་པ་ནས་མཚས་འའདྲི་བཀྲ་ཤིས་བདེ་ལེགས་ཞུ།།
9 ༢༧༢༠༡༡༡༦༡༤
བཀྲིས་བདེ་ལེགས་
8 ༢༧༢༠༡༡༡༥༢༤
སྐབས་གསུམ་པའི་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གི་མཆོག་ལ་སྙིང་ཐག་པ་ནས་འཚམས་འགྲིས་བཀྲ་ཤིས་བདེ་ལིགས་ཞུ་བ་དང་ཆབ་ཅིག་ལོ་ལྔའི་རིང་ལ་བྱ་བ་ལམ་ལྷང་ཡོང་བའི་སྨོན་འདུན་ཡོད།།
སྤྱི་འཏུས་ཡོངས་ལ་བཀྲ་ཤིས་བདེ་ལེགས་དང་་་ཁྱེད་རྣམས་ཀྱི་ལས་དོན་ལ་བྱ་བ་ལམ་ལོང་ཡི་བའི་སྨོན་འདུན་དང།་་་སྔ་མ་བཞིན་ཆོལ་ཁའི་འཏེན་འཁྱེར་མི་ཡོང་བའི་རེ་སྨོན་ཞུ་བཞིན་ཡོད།
6 ༢༧༢༠༡༡༡༤༤༨
ཚང་མ་ལ་བཀྲིས་བདེ་ལེགས་ཞུ།
བཀའ་ཁྲི་བློ་བཟང་སེང་གེ་ཁྱེད་ལ་སྙིང་ཐག་པ་ནས་བཀྲ་ཤིས་བདེ་ལེགས་ཞུ།་་་ཁྱེད་ཉིད་ནས་དང་པོ་རྩ་དོན་ཁས་བླང་པ་རྣམས་ཇི་བཞིན་འགྲུབ་པའི་སྨོན་འདུན་ཞུ་བཞིན་ཡོད།།
༄༎ ཐོག་མར་དེ་ལ་སྐབས་གསུམ་པའི་བཀའ་ཁྲི་རྒྱལ་སྤྱི་ཁྲིམ་དོན་མཁས་དབང་བློ་་བཟང་སེང་གེ་ལགས་སུ་འཚས་འདྲི་ཡི་བཀྲིས་བདེ་ལེགས་ཀྱི་མདུན་ཏུ་བསུ་སྟེ་མའོངས་པར་བྱ་བ་ལམ་འགྲོ་ཡོང་བའི་བཀྲིས་བདེ་ལེགས་ཡོད་དོ། སྐབས་བཅུ་ལྔ་པའི་བོད་མི་མང་གི་སྤྱི་འཐུས་ལྷན་རྒྱས་འཚམས་འདྲའི་བཀྲིས་བདེ་ལེགས་ཡོད།
བློ་བཟང་སེང་གེ་ཁྱོད་ཀྱི་མཚན་ལ་སེང་གེ་ཞེས་པ་དེ་ཧ་ཅང་གི་མིང་བཟང་པོ་སྟེ་་་བོད་ཀྱི་རྒྱལ་དར་ལ་སེང་གེ་ཡོད་པ་དང་མཚུངས་པས་་་་ཁྱོད་ཀྱི་བཀའ་ཁྲིའི་རིང་ལ་བོད་ཀྱི་བདེན་མཐའ་སེལ་བའི་རྟེན་འབྲེལ་འགྲིགས་སོང་ངོ།།།
༄༅།མཁས་དབང་བློ་བཟང་སེང་གེ་ཁྱོད་ནི་སྐྱེ་བ་སྔོན་ནས་སྨོན་ལམ་ཐེབས་པའི་བོད་ཀྱི་དཔའ་བོ་ཞིག་ཡིན་པ་ངོས་འཛིན་ཞུ་བཞིན་ཡོ།་་་་ཁྱེད་རང་བཀའ་ཁྲིའི་རིང་ལ་བོད་ཀྱི་བདེན་མཐའ་སེལ་བའི་རེ་འདུན་ཞུ་བཞིན་ཡོད་ལགས།ལས།་་་་ཁྱེད་རང་གིས་མཁས་བླང་པའི་རྩ་དོན་མཐའ་ཁྱོལ་ཡོང་བའི་སྨོན་འདུན་ཡོད་ལགས
1 ༢༧༢༠༡༡༡༢༤༧
ངས་དྲ་ལམ་འདི་རྒྱུད་ནས་བཀའ་སྤྱི་གཉིས་ཀྱི་གསར་དུ་ཐོབ་པའི་སྤྱི་མི་ཚང་མ་ལ་བཀྲིས་བདེ་ལེགས་ཞུ་བ་དང་ཆབས་གཅིག་རེ་བསྐུལ་ཞུ་རྒྱུ་ཞིག་ལ་ལྷག་བསམ་ཡང་དག་གི་ལམ་ནས་བོད་མི་ཚོར་སྣེ་ཁྲིད་རོགས་གནང་ཞུ།།



བརྗོད་གཞི་གཞན་ཁག་ལ་གཟིགས།